ཁ་པར་ཐོན་ད།

༼གངས་རིའི་གཞས་མ་ལྷ་སྐྱིད་ཀྱི་སྙན་མོའི་ངག་ལ་གྱེར་བའི་ཁ་པར་ཐོན་ད་ཞེས་པའི་གཞས་ཚིག༽དྲ་གྲོགས་ཚོ་ཁོ་བོས་གཞས་མ་ལྷ་སྐྱིད་ཀྱི་གཞས་ཁ་པར་ཐོན་ད་ཞེས་པ་འདིར་དངོས་སུ་བཀོད་པར་ཤེས་ཡོན་གྱི་མ་འདང་པར་བརྟེན། གཞས་ཚིག་ཇི་བཞིན་ཡི་གེ་བཀོད་དེ་ཁྱེད་རྣམ་པའི་སྤྱན་ལམ་དུ་འབུལ་འདོད་ཡོད་པ་ལྟར་གཤམ་དུ་བྲིས་ཡོད། ཁ་པར་ཐོན་ད། གངས་རིའི་རྩེ་ནས་ཁ་པར་ཐོན་ད། གངས་སེང་ཕྱིར་ལ་ཕེབས་རྒྱུ་གསུང་གི་གངས་ཅན་བོད་པ། དགའ་དགའ་གནོང་དང་། གཞི་བྱེས་མྱུར་དུ་ལྷན་འཛོམས་ཡོང་ངོ་། །

ཁ་པར་ཐོན་ད།

རྒྱ་རྫོང་ནགས་ནས་ཁ་པར་ཐོན་ད། རྒྱ་སྟག་ཕྱིར་ལ་ཕེབས་རྒྱུ་གསུང་གི གདོང་དམར་བོད་པ། སྤྲོ་སྤྲོ་གནོང་དང་། གཞི་བྱེས་མྱུར་དུ་ལྷན་འཛོམས་ཡོང་ངོ་། །

ཁ་པར་ཐོན་ད། དབུས་གཙང་ཡུལ་ནས་ཁ་པར་ཐོན་ད། སྐྱབས་མགོན་ཕྱིར་ལ་ཕེབས་རྒྱུ་གསུང་གི ཆོལ་གསུམ་བོད་པ། དགའ་སྤྲོ་གནོང་དང་། གཞི་བྱེས་མྱུར་དུ་ལྷན་འཛོམས་ཡོང་ངོ་། །

ཆོལ་གསུམ་བོད་པ། དགའ་སྤྲོ་གནོང་དང་། གཞི་བྱེས་མྱུར་དུ་ལྷན་འཛོམས་ཡོང་ངོ་། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༡༡༢༠༡༡༠༠༡༤
བོད་མི་ཡིན་ན་བོད་སྐད་མ་བཤད་པར་ད་དུང་གཞིས་ལས་ཀྱི་གཞས་པ་ཁག་གི་རོལ་དབྱངས་དང་གདངས་སོགས་ལ་སྐྱོན་བརྗོད་བྱེད་བཞིན་པ། བོད་མི་ཡ་བོད་མི་ཡ། འཛམ་གླིང་ནང་དུ་སྡུག་ཤོས་ཀྱི་མིའི་གྲས་སུ་བཅུག་ན། བཤད་ཆོག་ཆོག་རེད་འདུག
རྒྱུ་མཚན་གཞིས་ཆགས་ཁག་དུ་གཟིགས་ན་མཁྱེན་གྱི་རེད།
2 ༡༡༢༠༡༡༠༠༠༡
དེང་སང་གཞས་པ་རྣམས་པའི་བོད་ཀྱི་རྒྱལ་ཁབ་དང་མི་རིགས་ཀྱི་སྡུག་བསྔལ་སོགས་ཀྱི་ཆེད་དུ། གཞས་ཚིག་ཆོལ་གསུམ་མཐུན་སྒྲིལ་གྱིས་སྙན་ཚིག་འདྲ་མིན་གཏོན་དང་གཏོན་བཞིན་པར་དགའ་སྤྲོ་ཞུ་རྒྱུ་ཡིན།
1 ༠༩༢༠༡༠༢༠༤༩
རིག་བཟང་ལགས། ཐུགས་རྗེ་ཆེ་ཡང་བསྐྱར་གཞས་ཚིག་མང་ཙམ་གཏོང་རོགས་གནང་།།



བརྗོད་གཞི་གཞན་ཁག་ལ་གཟིགས།