བཅའ་ཁྲིམས།

བཅའ་ཁྲིམས་བསྐྱར་བཅོས
དེང་སང་བཙན་བྱོལ་གཞུང་གིས་བཅའ་ཁྲིམས་བསྐྱར་བཅོས་བྱས་པའི་ནང་གི་འཕོ་འགྱུར་ཆེ་ཤོས་ཁག་གཅིག་ནི།
༡༽སླད་ཕྱིན་བཙན་བྱོལ་བོད་མིའི་གཞུང་གི་ཁྱབ་ཁོངས་སུ། ལས་ཐམ་དང་ལས་རྟགས་སུ་གངས་སེང་ཁ་སྤྲོད་ཡིན་པ་
གང་ཞིག་ལ་《དགའ་ལྡན་ཕོ་བྲང་》ཞེས་པའི་ཚབ་ཏུ་《བདེན་པ་ཉིད་རྒྱལ་རྒྱུར་ཅིག 》ཅེས་འགོད་རྒྱུའི་རྒྱབ་གཉེར་བྱུང་འདུག

༢༽དེ་སྔོན་ ༸གོང་ས་མཆོག་གི་སྐུ་དབང་ཡོངས་རྫོགས་ད་ཆ་ཕལ་ཆེར་བཀའ་ཁྲི་མཆོག་ལ་ཡོད་པ་དང་།
ད་རུང་《བཀའ་ཁྲིའི་》མིང་ཚབ་ཏུ་《སྲིད་སྐྱོང་》ཞེས་བསྒྱུར་རྒྱུའི་བསམ་འཆར་ཡང་ཤུགས་ཆེན་ཡོད་པ་འདྲ་
ཡང་ད་ལྟ་དངོས་སུ་རྒྱབ་གཉེར་ཐོབ་མེད།

༣༽བཅའ་ཁྲིམས་དོན་ཚན་ཉེར་ལྔ་པའི་ནང་གི བཀའ་ཁྲི་དང་བཀའ་བློན་ཚོས་ལས་ཀར་དངོས་སུ་མ་ཞུགས་པའི་སྔོན་དུ་
《༸གོང་ས་མཆོག་གི་སྤྱན་སྔར་དམ་འབུལ་ཞུ་བའི་》སྲོལ་དེ་བསྒྱུར་ནས། ད་ཆ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ཆེན་མོའི་
མདུན་དུ་ཁྲིམས་གཞི་དང་མཐུན་པའི་《ལས་ཁུར་དང་གསང་རྒྱའི་དམ་བཅའ་》འབུལ་རྒྱུ་འཁོད་འདུག

༤༽དོན་ཚན་༢༩་པའི་༣་པའི་ཁ་པ་དོན་ཚན་༤་པའི་ནང་འཁོད།
ཛ་དྲག་དགོས་གལ་བྱུང་ཚེ་༸གོང་ས་སྐྱབ་མགོན་ཆེན་པོས་བཀའ་བློན་བྱེ་བྲག་པའམ།
བཀའ་ཤག་ཡོངས་རྫོགས་འཕོ་བསྒྱུར་གནང་འཐུས།
ཞེས་པའི་དོན་ཚན་དེ་ཕྱིར་བསྡུ་བྱས་འདུག

༥༽བཅའ་ཁྲིམས་ཀྱི་དོན་ཚན་གཉིས་པར་《བཙན་བྱོལ་བོད་གཞུང་》ཞེས་པའི་ཚབ་ཏུ་

བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་》ཅེས་དང་།

༦༽བཅའ་ཁྲིམས་ཀྱི་དོན་ཚན་ང་བདུན་པར་《རྒྱལ་ཁབ་》ཅེས་པའི་ཚབ་ཏུ་《མི་རིགས་》ཅེས་བཅུག་ཡོད་པ་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།