ལྷོ་ཤར་ཨེ་ཤ་ཡའི་བུད་མེད་ཀྱི་སྲིད་བློན་ཐོག་མ།

ཐེ་ལན་ཌའི་སྲིད་བློན་ཕྱིར་འབུད་དང་ལྷོ་ཤར་ཨེ་ཤ་ཡའི་བུད་མེད་ཀྱི་སྲིད་བློན་ཐོག་མ། རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་ཉིན་མའི་ཉིན་ཐེ་ལན་ཌའི་སྲིད་བློན་ཟུར་པ་། ཐག་སན་ཤི་ན་ཝ་ཏི་རའི་(Thaksin Shinawatra)སྲིང་མོ་མཆོག་ལ་སྲིད་བློན་གྱི་ཚད་མཐོའི་འོས་ཤོག་གི་རྒྱལ་ཁ་ཐོབ་ཡོད་པ་དང་། དེ་ནི་བྲོལ་བྱོལ་དུ་འགྲོ་བཞིན་པའི་སྲིད་བློན་ཐེར་འབུམ་གྱི་བདག་པོ་ཐག་སན་ཤི་ན་ཝ་ཏི་ར་མགོ་རྟིང་སློག་སྟེ། ཐེ་ལན་ཌའི་ནང་གི་རྙོག་ཟིང་ཆེ་བའི་ལོ་ལྔའི་རྗེས་ཀྱི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པ་རེད།

ད་ལན་འོས་འཕེན་གྱི་འགྲན་རྩོད་ནང་རྒྱལ་ཁ་ཐོབ་མཁན་དགུང་ལོ་༤༤ལ་ཕེབས་པའི། ཡན་ལུག་ཤི་ན་ཝ་ཏི་ར་(Yingluck Shinawatra)མཆོག་ནི་དེ་སྔོན་སྲིད་དབང་འཛིན་སྐྱོང་ལམ་ལུགས་ལ་ཞུགས་མ་མྱོང་བའི་ལྷོ་ཤར་ཨེ་ཤ་ཡའི་བུད་མེད་ཀྱི་སྲིད་བློན་ཐོག་མ་དེ་ཡིན་པ་རེད། འོན་ཀྱང་གཞུང་གི་མཐོ་རིམ་འཛིན་སྐྱོང་མི་སྣ་དག་གི་ཁོ་མོར་རྒྱབ་སྐྱོར་དང་ངོས་ལེན་ཇི་ཙམ་བྱ་མིན་དེ་ད་དུང་ཡང་དྲི་བ་ཞིག་ཆགས་ཡོད་པ་རེད།

དེ་དང་ཆབས་ཅིག་དུ་ཡུན་ལོ་ལྔའི་ནང་སྲིད་བློན་གནང་མཁན་ཨེ་བྷི་ཧ་སི་ཊིས་ད་ལན་འོས་འཕེན་གྱི་རྒྱལ་ཁ་དེ་ཤོར་བའི་ངོས་ལེན་བྱས་ཡོད་རུང་། མུ་མཐུད་ཕྱོགས་འགལ་ཚོགས་པའི་ནང་དུ་ལས་དོན་བྱ་རྒྱུའི་གྲ་སྒྲིག་ཡོད་ཚུལ་བརྗོད་ཡོད་པ་རེད། ཡན་ལུག་ཤི་ན་ཝ་ཏི་ར་(Yingluck Shinawatra)མཆོག་ལ་འོས་གྲངས་༩༨%་ཐོབ་ཡོད་པ་དང་གྲོས་ཚོགས་ཀྱི་ཚོགས་མི་ལྔ་བརྒྱ་ཡོད་པའི་ནང་ནས་༢༦༤ཡི་རྒྱབ་སྐྱོར་ཐོབ་ཡོད་པ་རེད་འདུག། ཁོ་མོས་”དེ་རེས་ཀྱི་རྒྱལ་ཁ་དེ་ནི་ཐེ་ཕུན་ཚོགས་པའི་རྒྱལ་ཁ་མ་ཡིན་པརས་དེ་ནི་མི་མང་གི་རྒྱལ་ཁ་རེད་”ཅེས་བརྗོད་ཡོད་པ་རེད་ཅེས་འཁོད་འདུག།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།