བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན།

སྐབས་ལྔ་པའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་དེ་ཕྱི་ལོ་ ༢༠༡༡། ཟླ་༡། ༦། ནས་ཚེས་༡༠བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་དབུ་འཛུགས་གནང་ཡོད་པ་རེད། དེ་ཡང་ཕྱི་ཚེ་༧ཉིན་གྱི་ཞོགས་པ་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག བསྒྲུབ་བརྒྱུད་བསྟན་པའི་མངའ་བདག་ྋདཔལ་རྒྱལ་དབང་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཚོགས་ཆེན་དུ་ཞབས་སོར་འཁོད་པ་དང༌། དེ་བཞིན་ངེས་དོན་གྱི་སེམས་པ་ཆེན་པོ་མི་རྗེ་བཀའ་བློན་ཁྲི་པ་རིན་པོ་ཆེ་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱལ་རི་སྒྲོལ་མ་མཆོག་དང༌། ཤེས་རིག་གི་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་བཅས་ཕེབས་ཡོད་པ་དང༌། དབུ་འགྱེད་མཛད་སྒོའྀ་ཐོག་ྋདཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་གསུང་གསུང་བཤད་དང༌། མཁས་དབང་ཟམ་གདོང་རིན་པོ་ཆེ་ནས་རང་ངོ་རང་ཤེས་དང་རང་འཁུར་རང་ལེན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་ན་གཞོན་ཤེས་ཡོན་སྦྱོང་བཞིན་པ་ཁྱོད་རང་ཚོར་ཁ་ཡོད་ལག་ཡོད་ཀྱི་དཀའ་ངལ་གང་ཡོད་པ་དེ་འཕྲལ་སེལ་ཡོང་ཐབས་ཐད་གོ་བསྡུར་དང་བཤད་སྦྱང་གནང་དགོས་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་པ་རེད།

ྋདཔལ་རྒྱལ་དབང་ཀརྨ་པ་མཆོག་༼བོད་ཀྱི་ན་གཞོན་ཤེས་ཡོན་པའི་འགན་འཁྲི་ཞེས་པའི་བརྗོད་གཞིའི་ཐོག༽བགྲོ་གླེང་ཚོགས་ཐེངས་དང་པོའི་ཚོགས་མགོན་དུ་བཞུགས་རྒྱུའི་ཞལ་བཞེས་ཐོབ་ཡོད་ཀྱང་མགུལ་ཆམ་བཞེས་ཏེ་སྐུ་གཟུགས་ཅུང་ཟད་མི་བདེ་བའི་རྐྱེན་གྱིས་དབུ་འབྱེད་མཛད་སྒོ་གྲོལ་མཚམས་སུ་ཕེབས་གནང་ཡོད་པ་རེད།

སྐབས་འདིའི་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་དེ་ཐེངས་ལྔ་པ་དེ་ཆགས་ཡོད་པ་དང༌། དེ་སྔོན་གདན་སམ་གསུམ་དང་བོན་པོ། གསོག་སློབ་སོགས་གདན་ཞུ་བྱས་མེད་ནའང་ད་ཐེངས་དེ་དག་གི་འཐུས་ཚབ་བསླེབས་ཡོད། དེ་ནི་བོད་ཕྱི་ནང་གཉིས་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་རྣམ་པ་མཚོན་ཆེད་དུ་ཡིན་ཟེར། ཚོགས་འདུ་དང་པོ་དབུ་བརྙེས་སྐབས། རྒྱ་གར་རྒྱ་ཡོངས་མཐོ་རིམ་སློབ་མའི་ཚོགས་ཆེན་ཞེས་མིང་བཏགས་ཡོད་ཚོད་ཀྱང་ད་ལམ། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཞེས་མིང་བཏགས་པ་ནི་ཕྱི་ནང་གཉིས་སྡོད་྄ཀྱི་བོད་རིགས་སློབ་མ་མཉམ་ཚོགས་ཡོང་བའི་རེ་སྨོན་མཚོན་ཆེད་དུ་ཡིན་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།