ངའི་པོ་ཏཱ་ལ།

ངའི་པོ་ཏཱ་ལ།
གཞས་ཚིག།
མཐོ་སྒང་གི་རྩེ་མོ་ན་ལྷ་ངེར་འགྱིངས།།
མེས་པོའི་མཚན་སྙན་ལ་བསྟོད་གླུ་ལེན།།
གནའ་བོའི་དཔལ་ཡོན་གྱི་གཟི་བྱིན་འབར།།
ཨ། ངའི་པོ་ཏ་ལ། ཁྱེད་ནི་འཛམ་གླིང་གི་མཛེས་པའི་གཙུག་རྒྱན་རེད།།
ཞི་བདེའི་ཉི་གཞོན་གྱི་ལང་ཚོ་དང་འགྲོགས།།
རྣ་མང་ངོ་མཚར་གྱི་མཛེས་སྡུག་ལ།།
སྐྱེ་འགྲོ་ཀུན་གྱིས་འཛུམ་བཞིན་ལྟ།།
ཨ། ངའི་པོ་ཏ་ལ། ཁྱེད་ནི་འཛམ་གླིང་གི་མཛེས་པའི་གཙུག་རྒྱན་རེད།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༥༢༠༡༡༢༢༡༣
པོ་ཏ་ལ་ཞེས་པ་དེར་ཏ་ཐུང་དང་ཏཱ་རིང་ཆ་ཅན་གཉིས་ཀ་བྲིས་འདུག་པས་དེ་གཉིས་སོ་སོར་མིང་དོན་གྱི་ཆད་ནས་འབྲེལ་བཤད་དམིགས་བསལ་ཡོད་དམ། དག་སྡེབ་དེ་གཉིས་ལས་གང་ཞིག་ནོར་བ་དང་གང་ཞིག་འགྲིགས་པ་རེད་དམ། ཁུངས་བཙན་གྱི་ལན་ཞིག་གནང་རོགས།