ཨོ་ས་མ་སྦིན་ལ་ཌིན་ཤི་བ་ནི་ཞི་བདེ་བའི་རྒྱུ་ཡིན་ནམ།

བོད་པའི་གསར་འགྱུར་རྒྱ་ལམ་གང་ནའང་མི་གསལ་བའི་འཛམ་གླིང་གི་གསར་འགྱུར་ཆེ་བ་ཞིག་ནི་ཨལ་ཁལ་རྡ་དྲག་སྤྱོད་ཚོགས་པའི་གཙོ་འཛིན་ཨོ་ས་མ་སྦིན་ལ་ཌིན་ཨ་རིའི་དམག་གིས་པ་ཀི་སི་ཏན་ནང་དུ་བསད་སོང་བ་དེ་རིང་ཕྱི་ཚེས་༢་ཉིན་སྔ་མོར་ཐོན་ཡང་་བོད་པ་ཚོས་ད་དུང་གསར་བསྒྲགས་མི་བྱེད་པ་ཆུ་ཚོད་༢༤་རྗེས་ལ་གཞི་ནས་གསར་བསྒྲགས་བྱེད་པ་འགྱུར་བ་དང་། དེ་ལྟ་བུ་གསར་གྲགས་ཅན་གང་བྱུང་ཡང་བོད་པའི་གསར་འགྱུར་ནང་ཉིན་ཞག་གཅིག་གི་རྗེས་སུ་མ་གཏོགས་མཐོང་རྒྱུ་མེད་པ་ནི་རྒྱན་ལྡན་ཞིག་རེད་འདུག་སྟབས་ཀླད་སར་ཚོས་ད་དུང་འཛམ་གླིང་གི་རྗེས་ཟིན་མེད་པ་མངོན་གསལ་དོད་པོ་ཞིག་བསྟན་མེད་དམ། སྦིན་ལ་ཌིན་ཁོང་ཡང་སེམས་ཅན་ཞིག་ཡིན་པས་ང་ཚོས་བསྔོ་བ་སྨོན་ལམ་བྱེད་དགོས། ང་ལ་ཆ་མཚོན་ན་ཨ་རི་དང་ཨལ་ཁ་རྡ་གཉིས་ལ་དགྲ་གཉེན་གྱི་ཁྱད་པ་མེད་ལ། ལྷག་པར་དུ་ཨ་རི་ནི་འཛམ་གླིང་སྤྱི་སྒྲ་དང་སྒོས་བོད་པ་ཚང་གི་དགྲ་བོ་ངོ་མ་དེ་མ་ཡིན་ཡིན་ནམ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༩༢༠༡༡༠༨༡༧
འཇིག་རྟེན་ན་དགོས་གལ་ཆེ་བ་ནི་བདེ་བ་ཡིན་ཡང་་དེང་ཡང་མི་རིགས་དང་ཆོས་ལུགས་ཀྱི་ཆོ་རིས་ལ་བརྟེན་ནས་འཛམ་གླིང་ཞི་བདེའི་རྒྱུ་ངོ་མ་གཞན་ཕན་གྱི་སེམས་དང་སྙིང་རྗེ་ཕྲན་ཙམ་ཡང་མེད་ཞེ་སྡང་དང་འགྲན་སེམས་ཀྱིས་སེམས་ཅན་གཞན་ལྟ་ཞོག་ མིའི་འགྲོ་ཡང་གཅིག་གཉིས་བསད་བྱས་པར་མཐོང་ཐོས་བྱུང་བས་འཁོར་བ་ཧ་ཅང་ཡིད་སྐྱོ་བའི་རང་བཞིན་མ་རེད་དམ་སེམས་འཁྲུལ་སྣང་ལངས་ཀྱི་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།