བདག་གི་སེམས་ཀྱི་གདུང་ཤུགས།།

བཀའ་ཁྲིའི་འོས་མིའི་ལོ་རྒྱུས་ལ།།
ཇི་ལྟར་ཇི་ལྟར་རྣམ་བསམ་པ།།
དེ་ལྟར་དེ་ལྟར་ཟམ་གདོང་ལ།།
བདག་གི་སེམས་ནི་དུང་བ་འགྱུར།།
བློ་སེང་བཀྲིས་མཐོང་ཤེས་ཚད་ལ།།
ཇི་ལྟར་ཇི་ལྟར་རྣམ་བསམ་པ།།
དེ་ལྟར་དེ་ལྟར་ཐུབ་སྦྱིན་ལ།།
བདག་གི་སེམས་ནི་དུང་བ་འགྱུར།།
Wink
དབུ་མའི་ལམ་གྱི་སྲིད་བྱུས་ལ།།
ཇི་ལྟར་ཇི་ལྟར་རྣམ་བསམ་པ།།
དེ་ལྟར་དེ་ལྟར་རང་བཙན་ལ།།
བདག་གི་སེམས་ནི་དུང་བ་འགྱུར།།
Wink
རྒྱ་བོད་འབྲེལ་ལམ་གྲོས་མོལ་ལ།།
ཇི་ལྟར་ཇི་ལྟར་རྣམ་བསམ་པ།།
དེ་ལྟར་དེ་ལྟར་སྐད་འབོད་ལ།།
བདག་གི་སེམས་ནི་དུང་བ་འགྱུར།།
Undecided
ཁ་བ་ཅན་གྱི་བདེ་སྡུག་ལ།།
ཇི་ལྟར་ཇི་ལྟར་རྣམ་བསམ་པ།།
དེ་ལྟར་དེ་ལྟར་རང་དབང་ལ།།
བདག་གི་སེམས་ནི་དུང་བ་འགྱུར།།
Wink
ཆོས་པས་ཆབ་སྲིད་སྐྱོངས་ལུགས་ལ།།
ཇི་ལྟར་ཇི་ལྟར་རྣམ་བསམ་པ།།
དེ་ལྟར་བཙན་པོའི་རྒྱལ་རབས་ལ།།
བདག་གི་སེམས་ནི་དུང་བ་འགྱུར།།
Wink
ཆོལ་ཁ་ཆོས་ལུགས་ཞེན་དུག་ལ།།
ཇི་ལྟར་ཇི་ལྟར་རྣམ་བསམ་པ།།
དེ་ལྟར་དེ་ལྟར་ཆིག་སྒྲིལ་ལ།།
བདག་གི་སེམས་ནི་དུང་བ་འགྱུར།།
Wink
སྐྱབས་བཅོལ་བོད་མིས་འཁྱམས་ཉུལ་ལ།།
ཇི་ལྟར་ཇི་ལྟར་རྣམ་བསམ་པ།།
དེ་ལྟར་དེ་ལྟར་རང་ཡུལ།།
བདག་གི་སེམས་ནི་དུང་བ་འགྱུར།།
Wink
ན་གཞོན་མགོ་སེར་རྐུབ་གཡོག་ལ།།
ཇི་ལྟར་ཇི་ལྟར་རྣམ་བསམ་པ།།
དེ་ལྟར་དེ་ལྟར་རང་འཚོ་ལ།།
བདག་གི་སེམས་ནི་དུང་བ་འགྱུར།།
Undecided
བོད་ཀྱི་རིག་གནས་ཉམ་ཉེས་ལ།།
ཇི་ལྟར་ཇི་ལྟར་རྣམ་བསམ་པ།།
དེ་ལྟར་དེ་ལྟར་ཉམ་གསོ་ལ།།
བདག་གི་སེམས་ནི་དུང་བ་འགྱུར།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།