ང་ཡི་ཤམ་བྷ་ལའི་དྲྭ་གྲོགས།

ཤམ་བྷ་ལ་ཡི་ཞེང་ཁམས་བདེ་ལྷང་ལྷང།།
རིགས་མཐུན་ལྟ་མཐུན་དྲྭ་གྲོགས་འབེལ་ལྷུག་ལྷུག །
ཤེས་བྱའི་གནས་ལུགས་བཤད་ན་ཉོབ་ཐིབ་ཐིབ།།
ཆོལ་ཁ་ཆོས་ལུགས་བཤད་ན་ངར་ལང་ལང།།
ཕྱི་ལུགས་རིག་གསར་བཤད་ན་མགོ་ཐོམ་ཐོམ།།
ནང་དོན་ལྟ་གྲུབ་བཤད་ན་ནག་ཐོམ་ཐོམ།།
ལྷ་རམས་མཚན་གནས་གོ་ན་འགྲན་བསམ་བསམ།།
དཀའ་སྤྱོད་སྙིང་རུས་དགོས་ན་ཕྱིར་འཐེན་འཐེན།།
Tongue out
རྒྱལ་རབས་ལོ་རྒྱུས་བཤད་ན་ཤེས་མདོག་མདོག།
སྙན་ངག་སུམ་རྟགས་བཤད་ན་ཡིན་མདོག་མདོག།
ཚིག་གི་དག་ཆ་ནོར་ན་ཧང་བསམ་བསམ།།
དོན་གྱི་བརྗོད་བྱ་ནོར་ན་འཇམ་ཏིང་ཏིང།།
Tongue out
གོང་མའི་རྣམ་ཐར་བཤད་ན་ཁུ་སིམ་སིམ།།
ཆོ་མེད་འཆལ་གཏམ་བཤད་ན་དགོད་བྲོ་བྲོ།།
བློ་སེང་བཀའ་ཁྲི་བཤད་ན་སེང་མཐོང་མཐོང།།
བཀྲིས་མཐོང་བཀའ་ཁྲི་བཤད་ན་སྤྲེའུ་མཐོང་མཐོང།།
གཉིས་ཀར་མི་འོས་བཤད་ན་ཧོན་ཐོམ་ཐོམ།།
Tongue out
ཕོ་མོའི་བརྩེ་གདུང་བཤད་ན་འཛུམ་མེལ་མེལ།།
བསྟན་པ་ཆབ་སྲིད་བཤད་ན་འོན་ཐེང་ཐེང།།
ཕྱི་གླིང་མགོ་སེར་རིག་ན་གཉེན་མཐོང་མཐོང།།
ནང་པའི་དགེ་བཤེས་རེག་ན་དགྲ་མཐོང་མཐོང།།
Tongue out
ཕྱི་གླིང་འགྲོ་སྐོར་བཤད་ན་དགའ་ལྷང་ལྷང།།
རང་ཡུལ་ལོག་སྐོར་བཤད་ན་སྐྱོ་ལྷང་ལྷང།།
ཨ་སར་དཔེ་གསར་མཐོང་ན་ཡིད་འཕྲོག་འཕྲོག།
སྲོལ་རྒྱུན་ཆ་ལུགས་མཐོང་ན་ཡིད་མུག་མུག།
Tongue out
གཞན་ལ་སྐྱོན་བརྗོད་བྱེད་ན་རེད་མདོག་མདོག།
རང་ལ་སྐྱོན་བསྗོད་བྱུང་ན་འཁྲོ་ཆོག་ཆོག།
སྲོལ་རྒྱུན་རིག་གནས་ཕྱུག་པ་རྭ་གཤར་གཤར།།
དེང་དུས་ཤེས་ཡོན་ལྡན་པ་ལུག་གཤར་གཤར།།
གནའ་དེང་གཉིས་ཀ་ལྡན་པ་དཀོན་སངས་སངས།།
Tongue out
མ་གསང་ཐད་ཀར་བཤད་ན་གོ་ཆོག་ཆོག།
མ་བཤད་ཡིད་དུ་སྦས་ན་རྗིད་ཏིག་ཏིག།
འགལ་འཁྲུལ་ནོངས་པ་མཆིས་ན་བཤགས་ཤག་ཤག།
མ་འཁྲུལ་བདེན་གཏམ་འདུག་ན་ཉར་ཆོག་ཆོག།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།