སྐར་མའི་འོག་གི་གངས་སེང་།

ཤར་གྱི་སྐར་ཆེན་སེར་པོས།། སྐར་ཆུང་གསུམ་གྱིས་བསྐོར་ནས།།
ས་གཞིར་མེ་ལྕེས་བསྲེགས་ཤིང།།  ནུབ་ཀྱི་སྐར་ཆུང་འཕྲོག་སྟེ།།
གངས་རི་བཞུས་པ་མ་ཚད།། མི་འཇིག་གདོང་ལྔའི་ལག་ནས།།
ནོར་བུ་འཕྲོག་ན་འདོད་ཀྱང་།། གངས་སེང་གཏུམ་དྲག་ཆེ་བས།།
མཆེ་སྡེར་གཡུ་རལ་ངོམ་ནས།། སྐར་ཆུང་སྦར་མོས་འཛིན་ཐལ།།
སྲ་མཁྲེགས་ལྕགས་ཐག་སྦོམ་པོས།། སྲ་བརྟན་གངས་རིར་བཏགས་ཐལ།།
བསིལ་ལྡན་ལྗོངས་ཀྱི་ཡུལ་ལ།། སྲིད་པའི་ས་མཐོའི་གངས་རྒོད།།
སྲིད་མཐའི་བར་དུ་བརྟན་ཐལ།། བསིལ་རླུང་གཡོ་བའི་རླབས་ཀྱིས།།
མེ་དམར་ཕྱོགས་མཐར་བསྐྲད་ཐལ།། གྲང་རེག་བསིལ་རླུང་ཤུགས་དང།
ཆུ་བོ་འབེབ་ཕྱོགས་ཤིག་གིས།། ལོ་རྒན་དྲུག་ཅུར་ལོན་པའི།།
མེ་དམར་འབར་ཚེ་རྫོགས་ཐལ།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།