བཀའ་བློན་ཁྲི་པ།

བོད་ཀྱི་ཕ་ས་ཡོངས་རྫོགས་རྒྱ་ཡིས་དབང་འོག་ཏུ་ཤོར་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་ཟིན་པ་དང་གཅིག བོད་ཀྱི་རིག་གཞུང་སྐད་ཡིག་གོམས་གཤིས་དང་བཅས་པ་ཤི་མ་གསོན་གྱི་མཚམས་འདིར། གཞིས་ལུས་བོད་མིས་ཐོབ་ཐང་རྩོད་ལེན་གྱི་འབོད་སྒྲ་སྒྲོགས་བཞིན་པ་དང་གཉིས། བཙན་བྱོལ་བོད་མི་རྣམས་ཀྱིས་བདམས་ཐོན་བྱུང་བའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་བཀའ་བློན་ཁྲི་པ་ནི་བོད་ཀྱི་ཐུན་མོང་མིན་པའི་ནང་དོན་རིག་པ་སོགས་རིག་གནས་ཆེ་བ་ཁག་ཕར་ཙམ་ཞོག གཞི་རིམ་གྱི་བོད་ཡིག་འབྲི་ཀློག་ཐུབ་ཙམ་ཡོད་མེད་ཀྱི་སོམ་ཉིད་ཅན་ཞིག་ལ་མཁས་དབང་མིང་གི་བསྙད་དེ་དཔེ་སར་ཅི་ཆེར་བྱེད་པ་ནི་བོད་ཀྱི་རིག་གནས་ལ་མཐོང་ཆུང་རང་གིས་བྱས་པ་དང་གཞིས་ལུས་བོད་མི་རྣམས་ཀྱི་དགོས་འདུན་ལ་སྣང་མེད་དུ་བཏང་བ་བཅས་མཚོན་ཐུབ་ལ།

བོད་པའི་ངོས་ནས་བལྟས་ན་ཇི་ལྟ་བུ་ཞིག་མཁས་དབང་ངོས་འཛིན་དགོས་མིན་མ་ཤེས་པའི་ཆེས་ནོངས་པའོ།  དོན་ངོ་མ་བོད་པའི་གནའ་དེང་གི་མཁྱེན་རྒྱ་ཆེ་བའི་མཁས་པ་ཞིག་ཡིན་ན་བློ་བཟང་སེང་གེ་ལྟ་བུ་ལ་མཁས་དབང་ཡིན་པར་ངོས་འཛིན་ནམ་ཡང་མི་བྱེད་ལ་ལུགས་གཉིས་ཀྱི་དབུ་འཛིན་ཡང་མི་བསྐོ།

ཡང་འགའ་ཞིག་གིས་གཞུང་གི་ལས་བྱེད་བྱས་པའི་ཉམས་མྱོང་མེད་པ་སོགས་སྐྱོན་ཆ་རུ་བཏགས་པ་ནི་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་མང་བ་ཡོང་ཆེད་དང་ཆོལ་ཁའི་འཐེན་ཁྱེར་གྱི་བྱ་བཞག་ལས་དོན་སྙིང་གང་ཡང་མ་མཐོང་། ཁོང་གཉིས་བསྡུར་ན་ནི་ཟུར་གནས་སུས་ཀྱང་བཀའ་ཟུར་ཁོང་གདམ་མི་སྲིད།

སྨྲས་པ།
མི་རིགས་འཚོ་བའི་རིག་གནས་ཉམས་དུས་སུ།
གཞིས་ལུས་དཔའ་བོས་འབོད་སྒྲ་སྒྲོགས་དུས་སུ།
རང་ཕྱོགས་མ་མཐོང་ཕྱི་ལུགས་སྦྱངས་ཙམ་ཞིག
ཀླད་མེད་ཚོགས་ཀྱིས་བདམས་ལ་བློ་མ་བདེ།
ལུགས་གཉིས་དབུ་འཁྲིད་བགྲེས་ཡོལ་ཕེབས་སྐབས་སུ།
གནའ་དེང་མཁྱེན་པ་དགོས་མཁོ་ཆེ་སྐབས་སུ།
གཤོག་ཡ་འཁུམས་པའི་འདབ་ཆགས་ཁྱིམ་བྱ་ལ།
འཁྱུང་རྒྱལ་མིང་གི་བསྙད་པར་བློ་མ་བདེ།
ཆོས་པའི་གཟུགས་ཀྱིས་སྐྱབས་གནས་འཆོལ་སྐབས་སུ།
ཆོལ་ཁ་ཆོས་རྒྱུད་ཚོར་བ་རྣོ་སྐབས་སུ།
ཆོས་ཀྱི་ལྟ་གྲུབ་དབེན་པའི་སྐྱེ་བོ་ཞིག
ཆོས་པའི་ཚོགས་ཀྱིས་བདམས་ལ་བློ་མ་བདེ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༥༢༠༡༠༢༠༥༢
དགེ་བཤེས་དེས་ག་གསུངས་པ་ཡིན་ན་མགོ་ཡག་པོ་ཞིག་མཚོས་མ་སོང༌། ཟབ་མོ་སྟོང་པ་ཉིད་གསུང་པ་མིན་འགྲོ། ཧཧཧ



བརྗོད་གཞི་གཞན་ཁག་ལ་གཟིགས།