རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་བོད་སྒྱུར།

དེ་རིང་གུས་པས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྲུང་རྩིའི་ཉིན་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི།
འཇིག་རྟེན་ཀུན་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞིའི་གསལ་བསྒྲགས་དོན་ཚན་སུམ་བཅུ།
བོད་ཡིག་ནང་ཕབ་སྒྱུར་དང་ཟིན་བྲིས་སུ་སྤེལ།
དོན་ཚན་དང་པོ། འགྲོ་བ་མི་རྣམས་ནི་རང་དབང་ཐོག་ནས་སྐྱེས་པས་དེ་ལ་རང་དབང་དང་ཐོབ་ཐང་འདྲ་མཉམ་ཡོད་དགོས་ལ་ཁོང་ཚོས་ནང་ཁུལ་
བུ་སྤུན་འདུ་ཤེས་ཀྱིས་རོགས་ཕན་དང་སོ་སོའི་རང་ནུས་རྩལ་གཏོན་གྱིས་བསམ་ཚུལ་འདོན་པའི་འོས་འགན་བཅས་ཡོད།
དོན་ཚན་གཉིས་པ། ཁྲིམས་གཞི་འདི་ནང་ཡོད་པའི་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་ནི་མདོག་དང། རིགས། སྐད་ལུགས། རྒན་གཞོན་ཕོ་མོ། ཆོས་ལུགས། ཆབ་སྲིད། མི་རྒྱུད། མཁར་རྗེ་དབང་ཐང་སོགས་གང་ཡང་མི་རེ་ངོ་རེར་དབྱེ་འབྱེད་མེད་པ་གཅིག་མཚུངས་ཡིན།
དོན་ཚན་གསུམ་པ།
མི་སུ་འདྲ་ཞིག་ཡིན་རུང་རང་གི་ཚེ་སྲོག་གནས་ཐབས་དང། ལུས་པོ་བདག་སྐྱོང་། རང་དབང་ལ་ལོངས་སུ་སྤྱོད་ཆོག་པའི་ཐོབ་ཐང་ཡོད།
དོན་ཚན་བཞི་པ།
མི་སུ་འདྲ་ཞིག་ནའང་མི་ཚེ་བྲན་གཡོག་ལ་བཀོལ་བ་དང་འགྲོ་བ་མིའི་རིགས་ལ་ཉོ་ཚོང་བྱེད་པ་སོགས་གཏན་ནས་མི་ཆོག
དོན་ཚན་ལྔ་པ།
མི་སུ་ཡིན་ཡང་དེ་ལ་ཡ་ང་སྙིང་རྗེ་མེད་པ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་དང་སྤྱོད་པ་ཐ་ཤལ་གྱིས་
ཧ་ཅང་གི་སྤྱོད་ངན་འཛིན་པ་སོགས་གཏན་ནས་མི་ཆོག
དོན་ཚན་དྲུག་པ།
མི་སུ་འདྲ་ཞིག་ཡིན་རུང་ཁྲིམས་ཀྱི་མདུན་སར་གཅིག་མཚུངས་ཡིན་ལ་མི་རེ་ངོ་རེར་ལ་ཁྲིམས་སར་
ཆ་འཇོག་དང་ཁྲིམས་རྩོད་ཆོག་པའི་ཐོབ་ཐང་དགོས།
དོན་ཚན་བདུན་པ།
མི་ཚང་མར་ཁྲིམས་ཐོག་ནས་ཁྱད་པར་མེད་པ་འདྲ་མཉམ་གྱི་ཐོབ་ཐང་ལ་སྲུང་སྐྱོབ་དགོས་ལ། ཁྲིམས་གཞི་འདི་ནང་བཀོད་པ་དང་འགལ་རིགས་ལ་སུས་ངོ་རྒོལ་བྱེད་པ་དེ་ལ་ཚང་མས་རྒྱབ་སྐྱོར་བྱེད་དགོས་པ་བཅས་ཡིན།
དོན་ཚན་བརྒྱད་པ།
མི་སུ་ཡིན་ཡང་རང་ལ་ཁྲིམས་ཐོག་ནས་ཡོད་པའི་གཞི་རྩའི་ཐོབ་ཐང་དང་། དེ་དང་འགལ་བའི་རིགས་ཀྱི་གནས་ཚུལ་བྱུང་ན་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཚུལ་ལྡན་
ཁྲིམས་ཁང་ནས་ལེགས་དཔྱོད་ཀྱིས་ཕར་སྤྲོད་ཚུལ་ལེན་བྱེད་རྒྱུའི་དབང་ཚད་ཡོད།
དོན་ཚན་དགུ་པ།
འགྲོ་བ་མི་ཡི་རིགས་སུ་ལའང་བཙན་པོ་དབང་ཡོད་ཀྱིས་འཛིན་བཟུང་བཀག་ཉར་དང་རྒྱང་འབུད་གཏོང་བ་སོགས་གཏན་ནས་མི་ཆོག
དོན་ཚན་བཅུ་པ།
མི་ག་གེ་མོ་ཞིག་ལ་གཞན་གྱིས་ཁྲིམས་ཁང་དུ་ཁ་མཆུ་བྱུང་ཚེ་རང་དབང་དང་དྲང་ལྡན་གྱི་ཁྲིམས་ཁང་
ཞིག་ནས་སྐྱོན་འཛུག་དེ་དང་དེ་ལ་ཐོབ་ཐང་འགན་འཁྲི་གང་དགོས་སྐོར་ཁྲིམས་ཐག་བཅད་པ་དེ་ལ་
བློ་གཟུར་བོར་གནས་པའི་ངང་ནས་ཐམས་ཅད་གསལ་པོར་བཟོ་དགོས་པ་ནི་མི་རེ་ངོ་རེ་ལ་དབང་ཚད་འདྲ་མཉམ་ཡོད།
དོན་ཚན་བཅུ་གཅིག་པ།
༡མི་སུ་ལའང་མ་ཉེས་ཁ་གཡོག་གིས་སྐྱོན་འཛུག་བྱུང་ཚེ་བདེན་པའི་ཁུང་སྐྱེལ་དང་ནག་ཉེས་གང་ཡིན་ར་འཕྲོད་གསལ་པོར་
མ་བྱུང་བར་འཇུ་བཟུང་བཀག་ཉར་བྱེད་མི་ཆོག
༢མི་སུས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲིམས་གཞི་ནང་གསལ་ཁ་མེད་པའི་འགལ་འཛོལ་བྱུང་རིགས་ལ་དེ་ལ་འཚམ་པ་ལས་
ཉེས་ཆད་ལྕི་མོ་རིགས་ལག་ལྟར་བྱེད་མི་ཆོག
དོན་ཚན་བཅུ་གཉིས་པ།
མི་ག་གེ་མོ་ཞིག་ལ་རང་གི་སྒེར་གཉེར་གྱི་ས་ཁང་དང་ལས་དོན་འབྲེལ་ལམ་གྱི་ཡིག་ཆ་སོགས་ལ་གཞན་གྱིས་དེ་ལ་འགོག་རྐྱེན་རིགས་མི་ཆོག  སུས་དེ་འདྲའི་འགོག་རྐྱེན་དང་རིགས་བྱས་ན་དེ་ལ་བཅའ་ཁྲིམས་ནས་བདེན་དཔང་གནང་རྒྱུའི་རང་དབང་ཡོད་ཆ་ཚང་ཡོད།
དོན་ཚན་བཅུ་གསུམ་པ།
ཡུལ་མི་སུ་འདྲ་ཡིན་རུང་སོ་སོའི་ས་མཚམས་ནང་ཁུལ་གང་ལའང་འགྲོ་སྡོད་ཆོག་པའི་ཐོབ་ཐང་དགོས། སུས་གཞན་ཡུལ་དུ་ཕྱིན་ནས་ཕྱིར་རང་ཡུལ་དུ་ལོག་ཆོག་རང་དབང་དགོས།
དོན་ཚན་བཅུ་བཞི་པ།
༡ ཡུལ་མི་སུ་ཡིན་ཡང་རང་ཡུལ་དུ་ཉེན་ཁ་ལྕི་མོ་རིགས་བྱུང་ན་རྒྱལ་ཁབ་གཞན་ངན་སྐྱབས་བཅོལ་དང་
དེ་ནང་འཚོ་བ་སྐྱེལ་རྒྱུའི་རང་དབང་སྤྲོད་དགོས།
༢ སྐྱབས་བཅོལ་བའི་ཐོབ་ཐང་ནང་ཆབ་སྲིད་མ་ཡིན་པའི་རྒྱ་ཚོགས་ཀྱི་ཁྲིམས་དང་འགལ་བ་དང་ཉེས་སྤྱོད་ལས་
བྱུང་བའི་གྱོད་གཞི་རིགས་ལ་ཁྲིམས་གཏུགས་བྱེད་མི་ཆོག
དོན་ཚན་བཅོ་ལྔ་པ།
༡ མི་སུ་ལའང་རང་གི་རྒྱལ་ཁབ་གཅིག་གི་ཡུལ་མིའི་ཐོབ་ཐང་རང་དབང་ཡོད་དགོས།
༢ རང་གི་རྒྱལ་ཁབ་ཀྱི་ཐོབ་ཐང་ལ་གཞན་གྱིས་བཙན་འཕྲོག་གམ་རྒྱལ་ཁབ་བརྗེ་པོ་རྒྱག་རྒྱུའི་
ཐོབ་ཐང་ཡོད་པས་སུས་འགོག་རྐྱེན་གཏན་ནས་བྱེད་མི་ཆོག
Smile
དགོང་མོར་ཆུ་ཚོད་༡༢་བར་མིག་ཚ་ཚ་ཡིས་བསྒྱུར་ཀྱང་སྟོད་ཆ་ལས་ཚར་མ་སོང་བས་སྨད་ཆ་ཁྱེད་ཚོས་གཅིག་གིས་བསྒྱུར་རོགས། མ་དཔེ་དབྱིན་ཡིག་ནང་གཟིགས་ན་འོག་གི་རྒྱལ་ཚོགས་ཀྱི་དྲ་ཐག་ནང་ཡོད།
http://www.un.org/en/documents/udhr/

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།