གྲགས་ཅན་སྣེ་ཟུར་འཆར་སྣང་གསུམ་གྱི་སྐོར།

དྲྭ་གྲོགས་ཚོ་ཉིན་ཤས་སྔོན་བོད་ནང་མི་མང་པོས་༸གོང་ས་མཆོག་གི་ཀེ་ན་ཌའི་གསུང་ཆོས་བརྙན་འཕྲིན་རྒྱུད་ནས་སྣེ་ཟུར་འཆར་སྣང་གསུམ་པ། ཐོག་མྱོང་ཚོར་ལེན་ཐུབ་པ་བྱུང་སྟེ་ཁོང་ཚོ་རྒྱལ་བ་རིན་པོ་ཆེ་དང་།ཆོས་ར་གཅིག་ནང་མཉམ་དུ་ཆོས་ཉན་བཤད་ཀྱི་ཚོར་བ་དངོས་བྱུང་ནས་།ཧ་ཅང་དགའ་སྤྲོ་བྱེད་ཀྱི་འདུག དེ་ག་འདྲ་རེད་དམ།

ཁྱེད་རྣམས་པས་མཁྱེན་གསལ་ལྟར་དེ་རིང་ངས་དངོས་ཁམས་ཚན་རིག་པས་རྙེད་སོན་བྱུང་བས་དྲག་ཅན་སྣེ་ཟུར་འཆར་སྣང་གི་འཇིག་རྟེན་ཁག་རྣམས་ཁོ་བས་བལྟས་ན་ཆེས་ཡ་མཚན་ཤིན་ཏུ་ཆེ་བ་ཞིག་འདུག་པས་སྤྱན་འབུལ་ཞུ་འདོད་བྱུང་། དྲ་གྲོགས་རྣམས་ཀྱིས་དགོངས་ཚུལ་དང་ཚོར་སྣང་ཇི་བྱུང་གུས་པར་ཡིན་གཅིག་གསུང་རོགས།  དེང་དུས་ཕྱི་གླིང་པ་ཚོར་གྲགས་ཤིང་གྲུབ་པ།

སྣེ་ཟུར་འཆར་སྣང་གཉིས་པ(Two dimension)སྣེ་ཟུར་འཆར་སྣང་གསུམ་པ(Tree dimension)སྣེ་ཟུར་འཆར་སྣང་བཞི་པ་(four dimension)བཅས་བཤད་བཞིན་ཡོད་པ་མ་ཚད་ང་ཚོ་ཚང་མ་སྣེ་ཟུར་འཆར་སྣང་གསུམ་པ་གཅིག་པུའི་འཇིག་རྟེན་འདི་ནང་ཚོར་བ་སྐྱེལ་ཏེ་བསྡོད་ནས་མྱོང་ཚོར་བྱུང་ཡོད།  དེ་མ་ཟད་ང་ཚོར་མཐོང་ཚོར་གཞན་ཞིག་ཡོད་པ་ནི་སྣེ་ཟུར་འཆར་སྣང་གཉིས་པ་དེ་རེད། དེ་ནི་ང་ཚོས་རི་མོ་དང་གློག་བརྙན་པར་རིས་སོགས་ནང་གསལ་བསྡོད་པའི་འཇིག་རྟེན་དེ་རེད།

དེ་ལ་ཟུར་གཉིས་ལེབ་རྐྱང་རྩམ་ལས་འབུར་གཟུགས་གསུམ་པ་མེད་ལ་ང་ཚོས་གློག་བརྙན་དང་གློག་འཕྲིན་ནང་གི་གཟུགས་རིས་སྣེ་ཟུར་འཆར་སྣང་གསུམ་པ་ཐོག་ལེན་ནས་མྱོང་ཚོར་བྱས་མྱོང་མཁན་ཧ་ཅང་གི་མང་པོ་མེད།དེ་ནི་སྔ་མོའི་བྲིས་རིས་རྣམས་ནི་གསུམ་པའི་མཚོན་ལྡན་ཙམ་ལས་དེ་འདྲ་ཡོང་ཐབས་མེད་ཙམ་རེད།

དེང་གི་སྐབས་སུ་འཕྲུལ་ལས་ལག་རྩལ་གྱིས་གློག་བརྙན་འཕེབས་འཁོར་པར་ཆས་ཐོན་གསར་འགའ་དང་དམིགས་བསལ་གྱི་མིག་ཤེལ་གྱིས་ང་ཚོས་གློག་བརྙན་དང་གློག་འཕྲིན་སོགས་སྣེ་ཟུར་འཆར་སྣང་གཉིས་པ་རྣམས་སྣེ་ཟུར་འཆར་སྣང་གསུམ་པ་ཐོག་བླངས་ཏེ་མྱོང་ཚོར་ལེན་ནས་རང་ཉིད་ཀྱིས་གློག་བརྙན་ནང་ཡོད་པའི་སྣོད་བཅུད་དང་མཉམ་དུ་ཡོད་པའི་ཚོར་སྣང་དེ་ལེན་ཐུབ། འོ་ཡ་བོད་ནང་ད་རེས་ལེན་ཐུབ་པ་བྱུང་བ་དེ་རེད།

ཆེས་ཡ་མཚན་ཅན་གྱི་ད་ལྟའི་ཆར་མེད་པའི་སྣེ་ཟུར་འཆར་སྣང་བཞི་པ་དེ་དངོས་ཁམས་ཚན་རིག་པ་དང་ཨང་རྩིས་མཁས་ཅན་གཞན་ཡང་ནུབ་ཕྱོགས་པའི་ལྟ་གྲུབ་སྨྲ་བ་མང་པོས་ངེས་གཏན་གྱིས་ང་ཚོར་རིང་པོ་མི་ཐོག་པ་ལེན་ཐུབ་པའི་ཚད་དཔག་བྱེད་ཀྱི་འདུག་ན་དེ་ངོ་མ་བྱུང་བའི་ཉིན་མོར་ང་ཚོས་ཇི་འདྲ་ཞིག་ཚོར་གྱི་ཡིན་ནམ། ང་ཚོས་ཚད་དཔག་རེ་གནང་དང།   སྣེ་ཟུར་འཆར་སྣང་བཞི་པའི་ཚད་དཔག་དཔེ་སྒྲོམ་གཟིགས་ན་འོག་དེ་ཡོད།

ourth dimension - Wikipedia, the free encyclopedia

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།