མཛེས་སྡུག་གི་གོ་ལའི་སྟེང་དུ་མཛེས་སྡུག་གི་ཚེ་སྲོག

ཨཧ་ཝ་ན་ཌ་ཊི་ནས་བརྩམས། འཇམ་ནོར་ནས་བོད་སྒྱུར་བྱས། གོ་ལ་འདི་ནི་མཛེས་ཤིང་ཡིད་དུ་འོང་བ་ཞིག་སྟེ། སྔོ་ལྗང་གི་སྤང་ལྗོངས་སྟེང་དུ་ཞོགས་སྟར་རླན་གཤེར་གྱི་ཟིལ་པ་དང་། མེ་ཏོག་རྣམས་ཀྱིས་ཀྱང་རང་གི་མཚན་མ་དོར་ཏེ་སྤྲོ་སྣང་གི་ཁེངས་པའི་ཞབས་བྲོ་འཁྲབ་ཅིང་ཡིད་ལ་གཅེས་ཤིང་འཕངས་པའི་ཚོར་སྣང་སྤྲོད། ཆར་པ་ནི་ལྷུང་ལྷུང་དུ་འབེབས་པའི་ཚེ་ན་སྤྲིན་ནག་གི་དཀྱིལ་ནས་འབྲུག་སྐད་ལྡིར་ཞིང་།

ཕྲུ་གུ་རྣམས་ནི་ལག་པ་བརྡབ་སྟེ་གླུ་གཞེས་འཐེན། བྱིའུ་ཆུང་འཇོལ་མོས་ཀྱང་ལྗོན་ཤིང་རྩེ་ནས་དགའ་འགུར་གྱིས་གསུང་སྙན་ལྷང་ལྷང་དུ་སྒྲོག མཁའ་རླུང་གསར་པ་ནི་དལ་དུལ་གྱིས་ལུས་ལ་རེག་པའི་བདེ་བ་སྦྱིན། ཀྱེ་མ་དེ་འདྲའི་སྤྲོ་སྣང་ཆེ་བ་ལ། ཐུགས་རྗེས་གཟིགས་དགོངས་ཡངས་དང་བཅས་ཁྱེད་ཀྱིས་སློབ་གྲར་སྐྱེད་པའི་ཚོར་སྣང་མི་ལེན་པ།

འོན་ཀྱང་འདིར་བཞུགས་ཏེ་ཉིན་གང་སློབ་དེབ་ཅིག་ཀློག་ནས་མཛེས་ཤིང་སྡུག་པའི་ཡུལ་ལྗོངས་དང་རེག་ཅིང་འཇམ་པའི་མཁའ་རླུང་སོགས་ཡིད་ལ་ཚིམ་ཚིམ་གྱི་བར་དུ་ཉམས་སུ་མྱོང་དང་།  ཨེ་མ་བཀའ་འདྲི་ཞུ་རྒྱུར། ཅིའི་ཕྱིར་འདིར་ཟད་མཐའ་མེད་པར་འཕྲོ་བའི་ཉི་འོད་ཀྱི་འོག་ཏུ་ཡོད་ཚད་ནས་ཡོད་ཚད་ཐམས་ཅད་ངོ་མཚར་ཆེ་ལ་བཀྲག་མདངས་ཀྱང་ཆེ།
ཕྱི་ལོ་༢༠༡༠ཟླ་༡༡ཚེས་༥་ཉིན་སྒྱུར་ནས་དྲ་ཐོག་ཏུ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།