བོད་དོན་ནི་ཚོང་རྫས་རང་རེད།

ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྒྱ་གར་སོགས་ཨེ་ཤི་ཡའི་ཡུལ་གྲུ་བཞི་ནང་ བལྟ་སྐོར་ཡོང་རྒྱུ་དེ་ཚོང་དོན་དང་ཆབ་སྲིད་གང་ཞིག་གི་ཆེད་དུ་ཡིན་ནམ། བོད་མི་རྣམས་ཀྱིས་ཕུག་སྟོང་གི་རེ་བཅོལ་བྱེད་བཞིན་དུ་ཡོད་འགྲོ། ཨོ་བྷ་མ་དང་བྷུ་ཤུ། སྦིལ་ཁོན་ཊན་སོགས་ཨ་རི་སྲིད་འཛིན་རྣམས་དང་རྒྱལ་ཁབ་དེའི་སྲིད་བྱུས་ལང་ཕྱོགས་གང་ལ་བལྟས་ཀྱང་བོད་དོན་ནི།

ཁོང་ཚོའི་ངོར་ཚོང་རྫས་ཀྱི་འདུ་ཤེས་ཙམ་ལས་དོན་ཕན་ལྡན་པའི་རོགས་སྐྱོར་ཞིག་དུས་ནམ་ཡང་བྱེད་མི་སྲིད། ཨོ་བྷ་མ་ཁོ་པ་སྔ་ལོར་རྒྱ་ནག་ཏུ་སྐྱེད་སྐབས་བོད་དེ་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་གསལ་པོར་ཁྱབ་བསྒྲགས་བྱས་པ་དེ་ནས་བོད་པའི་ཆབ་སྲིད་ཀྱི་དགྲ་བོ་ངོ་མ་དེ་གྱུར་ཟིན།

རྒྱ་ནག་གི་ཆ་ཤས་ཟེར་བ་དང་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཟེར་བར་ཁྱད་པ་ཅུང་ཟད་ཡོད་མོད། གང་ལྟར་ཁོ་པ་ཚོས་རང་གི་རྒྱལ་ཁབ་ཀྱི་ཁེ་ཕན་ཁོ་ནས་བོད་དོན་ནི་ཚོང་ཟོག་ལྟ་བུ་བོད་སྤྱོད་བྱས་པ་རེད། དེ་ཙམ་དུ་མ་ཚད་ཡོ་རོབ་དང་རྒྱ་གར་གྱི་སྲིད་བློན་རིམ་བྱོན། མཐའ་ན་ནེ་པལ་སོགས་ཀྱིས་བོད་དོན་ནི་རྒྱ་ནག་ལ་སྤྲེ་ལེད་བཤད་རྒྱུའི་ཚོང་ཟོག་བཞིན་དུ་བོད་སྤྱོད་བྱས་དང་བྱེད་མུས་ལ། ང་ཚོས་དེ་དག་ལ་རེ་སྟོང་བྱེད་པ་ལས་སོ་སོའི་རང་ཉིད་ཀྱིས་གོང་བུ་ཆིག་སྒྲིལ་གྱིས་ནུས་ཤུགས་འདོན་སྤེལ་དང་གོམ་པ་མདུན་སྤོས་ཀྱིས་འཐབ་བརྩེད་བྱེད་དགོས་པ་མཐོང་དགོས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།