མ་འོངས་པའི་རེ་བ།།

དྲྭ་གྲོགས་ཚོ་སྐྱེ་དངོས་ཚན་རིག་པས་ཉེ་ཆར་ཁྱིའི་ཐོག་མའི་སྐྱེ་རྡུལ་ཕྲ་ཕུང་(cell)གི་ལྟེ་རྡུལ་(nucleus) ནང་གི་གསང་ཡིག་ཐག་འཁྲིད་མ་(DNA)་དང་གསང་ཡིག་ཐག་པའི་རྩིགས་མ་(chromosomes) གཉིས་ཀྱི་ཆ་ཤས་རིགས་རྫས་(gene)རྗེ་སྒྱུར་དང་དེའི་ནང་བྱ་ཡི་རིགས་རྫས་མཉམ་སྦྱོར་གྱིས་གློག་སྣོད་དུ།

ཟུར་ཉར་བྱས་ནས་སྲོག་ཆག་བྱ་མ་ཁྱི་ཞིག་གསར་བསྐྲུན་བྱས་པའི་པར་རིས་བཞིན་དང་།རྫས་སྦྱོར་གསར་བསྐྲུན་བྱེད་ཚུལ་ནི་པར་རིས་གཤམ་གསལ་ལྟར་ཡིན་འདུག་ན། གལ་སྲིད་ལག་རྩལ་འདིས་འགྲོ་བ་མི་རིགས་ལ་ལག་ལེན་བྱེད་ཆོག་པའི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་གནང་བ་ཐོབ་ཚེ་ངེས་པར་ལག་ལེན་བྱེད་ཐུབ་ངེས་ཡིན་པས།

ང་ཚོས་དང་ཐོག་སྨྱུར་དུ་༸གོང་ས་མཆོག་གཉིས་པ་ཞིག་གློག་དང་རྫས་སྦྱོར་ལག་རྩལ་གྱིས་གསར་བསྐྲུན་བྱེད་ཐུབ་ན་ཡང་སྲིད་རྒྱ་མིར་ཤོར་དོགས་དང་མ་འདས་སྤྲུལ་སྐུ་སོགས་ལ་རེ་བ་རྒྱབ་མི་དགོས་པ་ཆགས་ངེས་འདུག ག་འདྲ་འདུག་གམ། ཁྱེད་ཚོ་གཉིད་ལམ་དགའ་པོ་ཡོད་ཙམ། ཁོ་བོའི་གཉིད་ལམ་དེ་འདྲ་ཞིག་གཏོང་བཞིན་དུ་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།