མགོ་བོ་གནོན

ཡོན་ཏན་མེད་ན་སྐྱེ་བོ་ཀུན།།
དབང་དང་སྟོབས་ཀྱིས་ག་ལ་འདུ།།
བླུན་པོའི་ཚོགས་ནི་འཁོར་ན་ཡང་།།
གདུལ་བྱ་བློ་ལྡན་ཡོང་མི་སྲིད།།
གནའ་རབ་ཀྱི་བོད་ལྗོངས་འདི།།
ཆོས་སྲིད་ཀྱི་འོད་སྟོང་འཕྲོ།།
ཀླ་ཀློ་ཡི་བཙན་དབང་འོག།།
ཆོས་སྲིད་ཀྱི་འོད་སྣང་ནུབ།།
གཞིས་གཞུགས་ཀྱི་སྤུན་ཟླ་ཚོས།།
མི་རིགས་དང་རྩ་དོན་ཆེད།།
མེ་མདའ་དང་གྲི་ཁའི་འོག།།
དཔའ་ངར་གྱི་གད་རྒྱངས་སྒྲོག།།
མི་རིགས་ལ་དུང་ཞེན་ཚོས།།
ཆིག་སྒྲིལ་གྱི་ནུས་པ་གཏོན།།
གྲུབམཐའ་ལ་ཕྱོགས་ཞེན་ཚོས།།
ཆིལ་སྒྲིལ་གྱི་ནུས་པ་གཏོར།།
ཆོས་ལྡན་གྱི་ཞིང་ཁམས་སུ།།
བཤས་ར་དང་ཆང་བཟིའི་ཁེངས།།
དཔོན་ངན་དང་སྐུ་དྲག་ཚོས།།
ཉམ་ཐག་ཚོའི་མགོ་བོ་གནོན།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།