ཨ་རོགས་སྤུན་གྲོགས་ཚོ།

ཨ་རོགས་སྤུན་གྲོགས་ཚོ་ང་ཚོའི་བཙལ་བྱོལ་བོད་གཞུང་སྒྲིགས་འཛུགས་འདི་ནི་དྲང་བདེན་དང་འཚེ་མེད་ཡང་དག་གི་དམངས་གཙོ་བཅས་ལ་གཞི་བཅོལ་བའི་སྒྲིགས་འཛུགས་ཚད་བདེན་ཞིག་ཡིན་པས་སེར་སྐྱ་རྒན་གཞོན་ཚང་མས་ཤེས་གལ་ཆེ་བ་མཐོང་།གུས་པས་འདི་བཀོད་དོན་ནི་ང་དང་ང་འདྲའི་གང་ཟ་ཚོ་ཕན་ཐོག་ཅུང་ཙམ་ཡོངས་བའི་ཆེད་དུ་ཡིན།

སྒྲིག་འཛུགས་དེ་ནི་གཙོ་བོ་མང་གཙོ་ཀ་བ་གསུམ་ལས་གྲུབ་ཤིང་།གསུམ་པོ་རེ་རེའི་ནང་ཁུལ་ནས་དབྱེ་བ་སོ་སོར་བགྲང་རྒྱུ་ཡོད་པ་ཞིག་ཡིན། དེ་ཡང་མང་གཙོ་ཀ་བ་གསུམ་ནི།

༡༽ཆེས་མཐོའི་ཁྲིམས་ཞིབ་ཁང་།༢༽་འཛིན་སྐྱོང་བཀའ་ཤག།༣༽་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་སོ།

དང་པོ་༽ཆེས་མཐོའི་ཁྲིམས་ཞིབ་ཁང་ནི།

བཙལ་བྱོལ་བོད་གཞུང་གི་བསྟི་གནས་རྡ་རམ་ས་ལར་སྤྱི་ལོ་༡༩༩༢ཟླ་༣་ཚེས་༡༡་ཉིན་དབུ་འཛུགས་གནང་བ་དང་།འགན་དབང་གཙོ་བོ་ནི་བཙལ་བྱོལ་ནང་ཁྲིམས་བཟོའི་དབང་འཛིན་གྱིས་གཏན་ལ་ཕབ་སྟེ་ཁྲིམས་སུ་བཅས་པའི་ཁྲིམས་སྒྲིག་ཁག་དངོས་སུ་ལག་ལེན་བསྟན་སྐབས་ཁྲིམས་སྒྲིག་གི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་མ་མཐུན་པའི་རྩོད་གླེང་བྱུང་ན་ཁྲིམས་ཐོག་ནས་ཁྲིམས་སྒྲིག་གི་ཚིག་དོན་འགྲེལ་བརྗོད་དང་འབྲེལ་མཐག་གཅོད་བྱ་རྒྱུའི་འགན་དབང་ཁྲིམས་ལུགས་དབང་འཛིན་ཁོ་ནར་ཡོད།

གཉིས་པ་༽འཛིན་སྐྱོང་བཀའ་ཤག་ནི།

བཙལ་བྱོལ་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་ནང་ཚན་འཛིན་སྐྱོང་གི་ལས་ཁུངས་མཐོ་ཤོས་དེ་ཡིན་ཞིང་འགན་དབང་གཙོ་བོ་ནི་གཞུང་གི་ཆབ་སྲིད་དང་འཛིན་སྐྱོང་གི་ལས་དོན་འགན་འཁུར་རྐང་ལེན་གནང་གི་ཡོད་དེ་ཡང་བཀའ་བློན་གྲུབ་སྟངས་ནི་བཙལ་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཀའ་ཤག་ཏུ་བཀའ་བློན་ཁྲི་པ་གཅིག་དང་བཀའ་བློན་གཞན་བདུན་ལས་མ་མང་བ་ཞིག་དགོས་པ་བཀའ་བློན་ཁྲི་པ་བོད་མི་མང་ཚོགས་ཀྱིས་ཐད་ཀར་སྤྱི་ཡོངས་འོས་བསྡུའི་ལམ་ནས་འོས་འདེབས་བྱེད་པ་དང་།བཀའ་བློན་ཁྲི་པས་རང་གི་ཕྱག་སྦྲེལ་བཀའ་བློན་གཞན་རྣམས་འོས་འཛུགས་མིང་འདུན་གནང་བར་ངོ་ཡོད་སྤྱི་འཏུས་ཀྱི་བརྒྱ་ཆ་༥༠་ལས་མི་ཉུང་བའི་རྒྱབ་སྐྱོར་འཐོབ་དགོས་པ་ཡིན། བཀའ་བློན་རྣམས་པའི་ལས་རྒྱུན་ཡུན་ཚད་ལོ་ལྔ་ཡིན།

བཀའ་ཤག་གི་ཡན་ལག་གམ་ཁྱབ་ཁོངས་ནི་བདུན་ཡོད་དེ་་་་་དང་པོ་ཆོས་རིགས་ལྷ་ཁང་།་་་་གཉིས་པ་ནང་སྲིད་ལྷན་ཁང་།་་་་གསུམ་པ་དཔལ་འབྱོར་ལྷན་ཁང་།་་་་་བཞི་པ་ཤེས་རིགས་ལྷན་ཁང་། ་ལྔ་པ་བདེ་སྲུང་ལྷན་ཁང་།་་་་དྲུག་པ་ཕྱིལ་དྲིལ་ལྷན་ཀང་།་་་་བདུན་པ་འཕྲོད་བསྟེན་ལྷན་ཁང་དང་བདུན་ནོ།

དང་པོ་༽ཆོས་རིགས་ལྷན་ཁང་གི་འགན་གཙོ་བོ་ནི།བོད་ཀྱི་ཆོས་དང་རིགས་གཞུང་་རྩ་བརླག་ཏུ་འགྲོ་ཉེན་ཡོད་པ་འདི་ཉིད་མ་ི་ཉམས་རྒྱུན་འཛིན་དང་གོང་འཕེལ་དུ་གཏོང་རྒྱུའི་གཙོ་བོར་འགན་བཞེས་ཀྱི་ཡོད།མངའ་འོག་དུ་ཡོད་པའི་སྡེ་མཚན་ཁག་ནི་།དང་པོ་ནོར་གླེང་བོད་ཀྱི་རིགས་གཞུང་གཅེས་སྐྱོང་ཁང་།གཉིས་པ་བོད་གཞུང་ཟློས་གར་།གསུམ་པ་ཝར་ན་ཆེས་མཐོའི་གཙུགས་ལག་སློབ་གཉེ་ཁང་།བཞི་པ་བོད་ཀྱི་དཔེ་འཛོད་ཁང་།ལྔ་པ་དགོན་སྡེ་༢༠༠་ལྷག་ནང་གྲཱ་བཙུན་༢༠༠༠༠ལྷག་བཅས་ཡོད་།

གཉིས་པ་ནང་སྲིད་ལྷན་ཁང་ནས་བཙལ་བྱོལ་བོད་མིའི་གཞིས་ཆགས་འཛུགས་སྤྲོན་གྱི་ལས་ཅ་རྣམས་ཀྱི་གཙོ་འགྷན་བཞེས་ཀྱི་ཡོད།མངའ་འོག་དཡ་རྒྱ་བལ་འབྲུག་གསུམ་ནང་གཞིས་ཅགས་ཆེ་ཆུང་ཁག་༥༤བཅས་ཡོད་།

གསུམ་པ་དཔལ་འབྱོར་ལྷན་ཁང་ནས་བཙལ་བོད་གཞུང་གི་ལོ་རེའི་འགྲོ་འགྲོན་ལ་སྟངས་འཛིན་དང་དཔལ་འབྱོར་འདུལ་འགོད་གནང་གི་ཡོད་།མངའ་འོག་དུ་དགེ་རྩའི་མ་དངུལ་དང་ཚོང་འབྲེལ་སྡེ་མཚན་ཁག་བཅས་ཡོད་།

བཞི་པ་ཤེས་རིགས་ལྷན་ཁང་ནས་སྲོལ་རྒྱུན་གྱི་ཤེས་ཡོན་རྨང་གཞིའི་སྟེང་དུས་ཀྱི་ཤེས་ཡོན་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུའི་གཙོ་འགན་བཞེས་ཀྱི་ཡོད།མངའ་འོག་དུ་རྒྱ་བལ་འབྲུག་གསུམ་ནང་བོད་སློབ་གྲངས་༨༧་རིགས་འཛུགས་ཡོད་པའི་སློབ་ཕྲུག་གྲངས་༢༨༠༠༠བཅས་ཡོད་།

ལྔ་བ་བདེ་སྲུང་ལྷན་ཁང་གི་འགན་གཙོ་བོར་ནི་༸་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱག་ཉེན་སྲུང་བྱ་རྒྱུ་དེ་ཡིན་།བདེ་སྲུང་ཡན་ལག་ལྷ་ཁང་ནས་༸་གོང་ས་མཆོག་མཇལ་ཞུའི་ལས་རིགས་གོ་སྒྲིག་དང་རྒྱ་གར་གནས་སྡོད་ཆོག་པའི་ལག་འཁྱེར་གྱི་དུས་ཚོད་འཕར་སྣོན་ཞུ་རྒྱུ་མང་ཚོགས་ལ་དགོས་ངེས་ཀྱི་མཐུན་འགྱུར་གནང་གི་ཡོད་།བདེ་སྲུང་ཉམས་ཞིབ་ལས་ཁུང་ནས་རྒྱ་གར་དང་བོད་ནང་གི་གནས་ཚུལ་བྱུང་རིགས་ཉམས་ཞིབ་གནང་གི་ཡོད་།མངའ་འོག་དུ་ཡོད་པའི་ལས་ཁུང་ཁག་ནི་༡༽་བོད་གནས་ཉམས་ཞིབ་༢༽སྡ་སྟེང་བདེ་སྲུང་ཡན་ལག་ལས་ཁུང་༣༽སྣེ་ལན་འབྲེལ་མཐུད་ཁང་བཅས་གསུམ་ཡོད་།

དྲུག་པ་༽ཕྱི་དྲིལ་ལས་ཁུང་ནས་བོད་མི་རྣམས་དང་།རྒྱལ་སྤྱིའི་ཁྲོད་དུ་བོད་ཀྱི་ཆབ་སྲིད་དང་།འགྲོ་བ་མིའི་ཐོབ་ཐང་།ཁོར་ཡུག་གནས་སྟངས་བཅས་ཀྱི་ཤེས་རྟོགས་གོང་འཕེལ་དུ་གཏོང་གི་ཡོད།དེ་ནི་འབྲེལ་མཐུད་ལས་ཁུངས་ཀྱི་ངོ་བོར་གྲུབ་ཡོད་པ་དང།དེས་བཙན་བྱོལ་བོད་གཞུང་དང་།རྒྱལ་སྤྱིའི་གསར་འགྱུར་ལས་རིགས་ཁག་་་དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དབར་འབྲེལ་མཐུད་མཚམསསྦྱོར་དང་།མཉམ་ལས་ཀྱི་ཐོག་ནས་བོད་དོན་ཁྱབ་བསྒྲགས་གནང་གི་ཡོད།མངའ་འོག་ཏུ་ཡན་ལག་ཡོད་པའི་ས་གནས་ཁག་ནི།་་་ལྡེ་ལི།་་་ནིའུ་ཡོག།་་་་ཇི་ནི་བ།་་་ཏོག་ཡོ།་་་ལོན་ཏོན།་་་པེ་རི་སི།་་་མོ་སཔཀོ།་་་་ཀེནབྷེར།་་་པི་རི་ཏོརི་ཡ།་་་ཏ་ཡེ་པེ།་་་སྦར་སིལ་བཅས་སུ་སྐུ་ཚབ་དོན་ལས་ཁངས་༡༡་བཅས་ཡོད་དོ།

བདུན་པ་༽འཕྲོད་བསྟེན་ལྷན་ཁང་གི་འོག་ཏུ་ཡོད་པའི་སྡེ་ཚན་ཁག་གཉིས་ཡོད་།་་དང་པོ་བོད་གཞུང་སྨན་རྩིས་ཁང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ལ་་་༤༧་ཡོད།་་་གཉིས་པ་བདེ་ལེགས་སྨན་ཁང་བཅས་གཉེན་ཐབས་གསོ་རིག་ཁང་་་༦༠་ཙམ་ཡོད།

གསུམ་པ་༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི།

སྤྱི་ལོ་༡༩༦༠་ཟླ་༩་ཚེས་༢་ཉིན་ཐོག་མར་དབུ་བརྙེས་ཤིང་།སྤྱི་ལོ་༡༩༨༨་ལོར་བར་དུ་སཔྱི་འཐུས་ཀྱི་གྲངས་འབོར་དེ་བརྒྱ་ཆ་༡༣་་ནས་༡༧་བར་ཡོད་ཅིང་་སྤྱི་ལོ་༡༩༩༠་ལོར་༸གོང་ས་མཆོག་ནས་སྤྱི་འཐུས་ཀྱི་གྲངས་འབོར་སྤར་ཆ་གནང་སྟེ་འཐུས་མི་༤༧་ལས་གྲུབ་ཡོད།་དེ་ཡང་ཆོལ་ཁ་གསུམ་ནས་སྤྱི་འཐུས་བཅུ་རེ་དང་།ཆོས་རྒྱུད་དང་ཆེན་པོ་བཞི་དང་གཡུ་དྲུང་བོན་བཅས་ནས་སྤྱི་འཐུས་གཉིས་རེ།་་ཡོ་རོབ་གནས་སྡོད་བོད་མིའི་སྤྱི་འཐུས་གཉིས་དང་། བྱང་ཨ་རི་ཁུལ་གནས་སྡོད་བོད་མིའི་སྤྱི་འཐུས་གཅིག་བཅས་བཙལ་བྱོལ་བོད་མིའི་སྤྱི་འཐུས་བསྡོམས་་༤༡་ཡོད།་་ཡུན་ཚད་ལོ་ལྔ་རེ་ཡིན།

སྤུན་གྲོགས་ཚོའི་དེ་ལས་ལམ་སྟོན་དང་བསམ་ཚུལ་གང་ཡོད་གསུང་གནང་ཡོང་བའི་རེ་བ་བཅས་སོ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
ཡག་པོ་འདུག། དྲ་གྲོགས་ཁྱེད་ཀྱི་དམངས་གཙོའི་ཀ་བ་གསུམ་པོ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ། མ་ཚད་ཟས་བཅད་ངོ་རྒོལ་ལ་ཞུགས་གནང་བའི་རྒྱལ་གཅེས་དཔའ་བོ་གསུམ་དང་སྒྲིག་བཀོད་པ་གཞོན་ནུ་ལ་ཡང་ཐུགས་རྗེ་ཆེ་ཞུ་གི་ཡོད།
1 ༢༥༢༠༡༢༡༢༠༦
ཁྱེད་ཀྱི་བསམ་ཙུལ་འདི་ཡག་གི་བོ་། ཨདམྱལ་བ་་བོ།



བརྗོད་གཞི་གཞན་ཁག་ལ་གཟིགས།