བོད་འདི་ས་ཁུལ་དང་རང་སྐྱོང་སོ་སོར་ཕྱེ་བ་

བསྟན་དགྲ་རྒྱག་དམག་ཀླ་ཀློའི་བོད་ས་དབང་བསྒྱུར་བྱས་པ་ནས་བོད་འདི་ས་ཁུལ་དང་རང་སྐྱོང་ས་ཁུལ་ཟེར་ནས་ཁྱད་པ་མང་དག་ཕྱེ།བོད་ཀྱི་ས་ཁུལ་འདི་ཉིད་ག་དུས་ས་ཁུལ་དང་རང་སྐྱོང་སོགས་སོ་སོར་ཕྱེ་བ་རེད་བཅས་ཀྱི་རྩོམ་ཡིག་འདི་སྤུན་གྲོགས་ཚོའི་བཀླགས་རྗེས་འགྲིག་མིན་གྱི་བསམ་ཚུལ་དང་དངོས་བདེན་གྱི་བཀའ་སློབ་རེ་ཡོད་ཚེ་དགའ་བསུ་ཞུ། བོད་རིགས་ཀྱི་ས་ཁུལ་དང་རང་སྐྱོང་ཁུལ་གཉིས་རིམ་པ་མཐོ་དམན་འདྲ་མོད།བོད་ནི་རང་སྐྱོང་ལྗོངས་ཡིན་པའི་རྐྱེན་གྱིས་ས་ཁུལ་སོ་སོར་བོད་ལྗོངས་ཀྱི་ས་ཁུལ་གང་དག་ཟེར་བ་མ་གཏོགས་སླར་ཡང་རང་སྐྱོང་ཟེར་མི་དགོས་པ་དང་།གཞན་མཚོ་སྔོན་དང་ཟི་ཁྲོན།༼ཀན་སུ༽ཡུན་ནན་སོགས་ཀྱི་ཞིང་ཆེན་དེ་དག་རང་སྐྱོང་ལྗོངས་མིན་པས།དེ་ཚོའི་མངའ་ཁོངས་སུ་གཏོགས་པའི་བོད་རིགས་ཀྱི་ས་ཆ་དེ་ཚོར་དམིགས་བསལ་གྱི་རང་སྐྱོང་ཁུལ་དང་།རང་སྐྱོང་རྫོང་སོགས་ཟེར་དགོས་ཀྱི་ཡོད།བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་།མི་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་སོགས་ངེས་པར་དུ་ཡུལ་དེའི་གྲངས་ཉུང་མི་རིགས་དེ་རང་གི་མིས་བྱེད་དགོས་པ་རེད།

མདོ་ན་ད་ཡོད་ཀྱི་ས་ཁུལ་ཟེར་བ་དེར་དང་ཐོག་རྒྱ་ནག་དམར་ཕྱོགས་འཛུགས་སྐབས་གྲུང་ཆུང་ཟེར་གྱི་ཡོད་ཀྱང་ཕྱི་ལོ་༡༩༧༠་ལོར་ནས་དུས་ཆུས་ཞེས་ས་ཁུལ་དུ་མིང་འཕོ་འགྱུར་བཏང་བ་ལས།དོན་དུ་སྲིད་འཛིན་ས་ཁོངས་ལས་རང་སྐྱོང་ལྗོངས་ལས་རིམ་པ་དམའ་ཞིང་།རྫོང་ལས་རིམ་པ་མཐོ་བའི་སྲིད་འཛིན་རིམ་པ་ཞིག་ལ་ཟེརགྱི་ཡོད་ཅིང་།དེ་བཞིན་རང་སྐྱོང་ས་ཀུལ་ནི་ཧྲིན་ནམ་ཞིང་ཆན་གྱི་འཕྲོས་དང་རང་སྐྱོང་རྫོང་གི་ཡས་ཀྱི་རིམ་པ་ཞིག་ལ་ཟེར་ཞིང་།དེ་དག་བགོ་འགྲེམ་གྱི་རིམ་པ་བཤམ་གསལ།

༡༽ ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་རྫོང་ནི།

༡༩༥༠ལོར་ཡུན་ནན་ཞིང་ཆེན་རྒྱའི་མངའ་འོག་ཏུ་བསྒྱུར།༡༩༥༢་ལོར་རང་སྐྱོང་ས་ཁོངས་བཙུགས།༡༩༥༥་ལོར་རང་སྐྱོང་རྫོང་དུ་བསྒྱུར།

༢༽ སི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་རང་སྐྱོང་ཁུལ་གཉིས་ནི།

དང་པོ་སི་ཁྲོན་ཞིང་ཆེན་ཁོངས་ཀྱི་ནུབ་རྒྱུད་དུ་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི།༡༩༥༠་ལོའི་ཟླ་བ་༡༢་ཚེས་༢༥་ཉིན་ཁམས་ཞིང་ཆེན་བོད་བོད་རིགས་རང་སྐྱོང་རྫོང་བཙུགས།༡༩༥༥་ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་བསྒྱུར།དེའི་ཁོངས་སུ་དར་མདོ་སོགས་རྫོང་ཁག་བཅོ་བརྒྱད་ཡོད།

གཞན་ཡང་དམིགས་བསལ་རྨི་ལི་རྫོང་ནི།སི་ཁྲོན་ཞིང་ཆན་གྱི་ལྷོ་ནུབ་ཕྱོགས་དང་ཉག་ཆུའི་ཡན་ལག་ལི་ཆུའི་སྨད་རྒྱུད་ཀྱི་བྱང་འགྲམ་ན་ཡོད།༡༩༥༢ལོར་རང་སྐྱོང་ས་ཁོངས་བཙུགས་ཤིང་༡༩༥༣་ལོའི་ཟླ་བ་༤་པར་རྨི་ལི་བོད་རིགས་རང་སྐྱོང་རྫོང་དུ་བསྒྱུར།

༣༽མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་བོད་རིགས་རང་སྐྱོང་ཁུལ་དྲུག་ཡོད་པ་ནི།

དང་པོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི།

༡༩༥༢་ལོར་རང་སྐྱོང་ས་ཁོངས་བཙུགས་ཤིང་།༡༩༥༥་ལོར་རང་སྐྱོང་ཁུལ་དུ་བསྒྱུར།ཡུལ་ཤུལ་སོགས་རྫོང་དྲུག་ཡོད།

གཉིས་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི།

༡༩༥༤་ལོར་རང་སྐྱོང་ལྗོངས་བཙུགས་ཤིང་།༡༩༥༥་ལོར་རང་སྐྱོང་ཁུལ་དུ་བསྒྱུར།རྨ་ཆེན་སོགས་རྫོང་དྲུག་ཡོད།

གསུམ་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི།

༡༩༥༣་ལོར་རང་སྐྱོང་ཁུལ་བཙུགས་ཤིང་།༡༩༥༥་ལོར་རང་སྐྱོང་ཁུལ་དུ་བསྱྒུར།རྨ་ལྷོ་རྫོང་སོགས་རྫོང་ཁག་ལྔ་ཡོད།

བཞི་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི།

༡༩༥༣་ལོར་རང་སྐྱོང་ས་ཁོངས་བཙུགས་ཤིང་། ༡༩༥༥་ལོར་རང་སྐྱོང་ཁུལ་དུ་བསྒྱུར།

ལྔ་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི།

༡༩༥༣་ལོར་རང་སྐྱོང་ལྗོངས་བཙུགས། ༡༩༥༥་ལོར་རང་སྐྱོང་ཁུལ་དུ་བསྒྱུར། རྐང་ཚ་སོགས་རྫོང་ཁག་བཞི་ཡོད།

དྲུག་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནི།

༡༩༥༤་ལོར་རང་སྐྱོང་ལྗོངས་བཙུགས། ༡༩༥༥་ལོར་རང་སྐྱོང་ས་ཁུལ་དུབསྒྱུར། སྐུ་འབུམ་སོགས་རྫོང་ཁག་བཅུ་གཉིས་ཡོད།

༤༽ ཀན་སུའུ་ཞིང་ཆེན་ཀྱི་ཁོངས་གཏོངས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི།

ཀན་སུའི་ཞིང་ཆེན་གྱི་ལྷོ་ཕྱོགས་སུ་ཡོད་པའི་བོད་རིགས་རང་སྐྱོང་ཁུལ་ཞིག་སྟེ།༡༩༥༣་ལོར་བཙུགས་ཤིང་།དེའི་ཁོངས་སུ་ཞ་ཧོ་སོགས་རང་སྐྱོང་རྫོང་ཁག་བདུན་ཡོང་ཅིང་།བོད་་་་རྒྱ་་་་་ས་་་་ས་ལར་་་་སོག་པོ་་སོགས་མི་རིགས་ཁ་ཤས་ཡོད། དམིགས་བསལ་༡༩༥༠་ལོར་དཔའ་རིས་བོད་རིགས་རང་སྐྱོང་བཙུགས།

༥༽བོད་རང་སྐྱོང་ལྗོངས་ནི།

རྒྱ་ནག་ལྷོ་ནུབ་ཀྱི་བོད་རིགས་རང་སྐྱོང་ལྗོངས་ཤིག་ཡིན་པ་དང་།དེའི་ཁོངས་སུ་སྟོད་མངའ་རིས་དང་། དབུས་གཙང་།ཆབ་མདོ་ས་ཁུལ་བཅས་ཚུད་ཡོད།ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་༡༢༥་ཙམ་ཡོད་ཚོད་འདུག།མི་རིགས་ཕལ་ཆེར་བོད་རིགས་ཡིན་ཡིན་ཡང་།དེ་མིན་རྒྱ་དང་་་ཧེའུ་་་མོན་པ་་་་ལྷོ་པ་སོགས་ཀྱི་མི་རིགས་ཀྱང་ཡོད་དོ།

སྤྱི་ལོ་༡༩༥༦་ལོར་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། སྤྱི་ལོ་༡༩༦༥་ལོར་རང་སྐྱོང་དངོས་སུ་བཙུགས།ལྷ་ས་་་་འདམ་གཞུང་་་་སྟོད་ལུང་བདེ་ཆེན་་་་མལ་གྲོལ་གུང་དཀར་་་ལྷུན་གྲུབ་་་་ཆུ་ཤུར་་་་སྟག་རྩེ་་་་་སྙེ་མོ་བཅས་བརྒྱད་ནི་བོད་རང་སྐྱོང་ལྗོངས་མངའ་འོག་གི་རྫོང་ཁག་དག་ཡིན་ནོ།

གཞན་ཡང་ས་ཁུལ་གཤམ་གསལ་དག་ཡིན།

གཤམ་གསལ་དུ་འོག་གི་ས་ཁུལ་དག་དང་ཐོག་གྲུང་ཆུས་བཟོས་ཤིང་ཕྱིས་༡༩༧༠་ལོར་ས་ཁུལ་གྱི་མིང་བསྒྱུར་བ་ཤ་སྟག་ཡིན།

དང་པོ་གཞིས་ཀ་རྩེ་ས་ཁུལ་ནི།

སྤྱི་ལོ་༡༩༧༠་ལོར་ས་ཁུལ་དུ་བསྒྱུར་ཞིང་།༡༩༨༦་ལོར་བོད་ལྗོངས་གྱི་གྲོང་ཁྱེར་ཨང་གཉིས་པར་བསྒྱུར།རྒྱལ་རྩེ་སོགས་རྫོང་བཅོ་བརྒྱད་ཡོད།

གཉིས་ལྷོ་ཁ་ས་ཁུལ་ནི།

སྤྱི་ལོ་༡༩༧༠་ལོར་ས་ཁུལ་དུ་བསྒྱུར་ཤིང་།མངའ་འོག་དུ་རྫོང་བཅུ་གཉིས་ཡོད་དོ།

གསུམ་པ་ནག་ཆུ་ས་ཁུལ་ནི།

སྤྱི་ལོ་༡༩༧༠་ལོར་ས་ཁུལ་དུ་བསྒྱུར་ཤིང་མངའ་ཁོངས་སུ་རྫོང་ཁག་བཅུ་ཡོད།

བཞི་པ་ཆབ་མདོ་ས་ཁུལ་ནི།

སྤྱི་ལོ་༡༩༥༠་ལོར་རྒྱའི་མངའ་འོག་ཏུ་ཤོར་ཞིང་།སྤྱི་ལོ་༡༩༧༠་ལོར་ས་ཁུལ་དུ་བསྒྱུར།སྤོར་མེ་སོགས་བགོ་སྟངས་ཀྱི་ཁྱེད་ལས་སྐབས་རེར་རྫོང་ཁག་བཅུ་གཉིས་དང་།སྐབས་རེར་བཅུ་གསུམ།ད་ཡོད་བཅུ་གཉིས་བཅས་ཡོད།

ལྔ་པ་མངའ་རིས་ས་ཁུལ་ནི།

མངའ་རིས་སྤྱི་ལོ་༡༩༧༠་ལོར་ས་ཁུལ་དུ་བསྒྱུར་ཞིང་།རྫོང་ཁག་བདུན་ཡོད་པ་ལས་སྤྱི་ལོ་༡༩༦༢་ལོར་གཞིས་རྩེའི་ཁོངས་སུ་འབྲོང་པ་བསྒྱུར་བས་རྫོང་ཁག་དྲུག་ཏུ་གྱུར།དེ་རྗེས་སྤྱི་ལོ་༡༩༦༦་ལོར་སྒར་རྫོང་བཙུགས་པས་ད་ལྟ་ཡང་རྫོང་བདུན་ཡོད།

དྲུག་པ་ཉར་ཁྲི་ས་ཁུལ་ནི།

སྤྱི་ལོ་༡༩༧༠་ལོར་ས་ཁུལ་དུ་བསྒྱུར་རྗེས་ཉང་ཁྲི་སོགས་རྫོང་བདུན་གྱིས་གྲུབ་བ་བཅས་ངོ་སྤྲོད་མདོར་ཙམ་ལས་གང་རྒྱས་ཤིག་འབྲི་ཐུབ་མ་སོང་བས་དྲ་གྲོགས་ཚོའི་ཆེད་ལྷག་དང་ནོར་བ་སོགས་ཡོད་ཚེ་ལམ་སྟོན་གནང་རོགས།

འདི་གུས་པས་ཟིན་བྲིས་ནང་འགོད་འདོད་མེད་ཀྱང་གྲོགས་པོ་འགས་དྲ་གྲོགས་ཚོའི་དེ་ལས་མང་བ་ལམ་སྟོན་ཡོང་ཆེད་རེ་འདུན་ལྟར་བཀོད་པ་ཡིན་ནོ།

བསྟན་འཛིན་འཕགས་པ་ནས་སྤྱི་ལོ་༢༠༡༡་ཟླ་༡༠ཚེས་༡༨་ཉིན་ཕུལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༧༢༠༡༩༢༡༡༢
དཀན་མཆོག
ཏཏ



བརྗོད་གཞི་གཞན་ཁག་ལ་གཟིགས།