མཚམས་འཇོག་གནང་རོགས།

ཁ་སང་སྤྱི་ལོ་༢༠༡༡་ཟླ ༡༠ ཚེས་ ༨ ཉིན་དགོང་དྲོ་སྡ་རམ་ས་ལ་དགེ་འདུན་པ་ཁག་གཅིག་གི་གོ་བསྒྲིག་འོག་རང་སྲོག་བློས་བཏང་བའི་སྤུན་ཟླ་ཚོའི་ཆེད་དུ་མ་མེའི་ཁྲམ་བསྐོར་ཞིག་བསྐོང་ཚོགས་གནང་སོང་ན་ ཡང་ཉིན་དེ་སོགས་སྒར་སློབ་གྲཱ་གླུ་གཞས་མཚན་ཚོགས་ཤིག་ཚོགས་ནས་དགེ་འདུན་པ་ཉི་ཤུ་ལྷག་དང་མི་སྐྱ་ལྔ་དྲུག་ཙམ་ལས་མཐོང་རྒྱུ་མི་འདུག་གཞིས་བཞུགས་སྤུན་ཟླ་ཚོ་བཙལ་བྱོལ་བས་ཁྱེད་ཚོ་ལ་རྒྱབ་སྐྱོར་བྱེད་སྟངས་འདི་འདྲ་ཞིག་རེད།

ས་པས་རེ་འདུན་ནི་དེ་རིང་ནས་གཟུང་གནས་སྐབས་ཁྱེད་ཚོའི་རང་སྲོག་བློས་གཏོང་རིགས་མཚམས་ འཇོག་གནང་རོགས་ཞེས་འབུལ་བཀུལ་ཞུ། གཞིས་བཞུགས་སྤུན་ཟླ་ཚོའི་རླབས་ཆེན་བའི་་ལྷག་བསམ་བཟོད་མེད་ཀྱི་ཞི་བའི་ སྒོ་ནས་བོད་མི་རིགས་རྩ་དོན་དང་རིགས་གཞུང་སྲུང་སྐྱོབ་ཆེད་དུ་འགག་ཞིག་མེ་བསག་གཏོང་བ་དང་འགག་ཞིག་བཙུན་འཇུག་ལྕགས་སྒྲོགས་སོགས་ཀྱིས་གནར་སྐྱོད་ཚད་མེད་མྱོང་དང་མྱོང་བཞིན་ཡོད་པའི་སྐབས་འདི་ལ་བཙལ་བྱོལ་བ་ཚོའི་ད་དུང་རང་སྣང་དག་ནས་ གླུ་གཞས་མཚན་ཚོགས་དང་ལག་རྩེད་ལོ་་་་རྐང་རྩེད་སྤོ་ལོ་སོགས་ཀྱིས་སྤྲོ་སྐྱིད་ ལ་རོལ་ནས་སྡོད་པ་ནི་གཞིས་བཞུགས་སྤུན་ཟླ་ཚོ་ཤ་ཚར་དང་སྙིང་རྗེ་མེད་པ་རང་རེད།

གུས་པས་འབུལ་བཀུལ་ཞུ་ཡ་ནི་བཙལ་བྱོལ་བ་་ཚོའི་གཞིས་བཞུགས་སྤུན་ཟླ་ཚོའི་རེ་འདུན་བཞིན་དུ་༸གོང་ས་མཆོག་བོད་དུ་གདན་འདྲིན་ཞུ་ཡ་དང་བོད་ཆོལ་གསུམ་ཡོངས་ལ་སྐྱིད་པའི་རང་དབང་མྱུར་ཐོབ་ཀྱི་ཆེད་དུ་སོ་སོའི་རང་ནུས་གང་འཇོན་གྱི་ལས་འགུལ་ གང་ཡོད་ལ་མཉམ་ཞུགས་དང་འཛམ་གླིང་ལ་ཁྱབ་སྒྲགས་རྒྱབ་སྐྱོར་སོགས་ཡོངས་ཆེད་འབད་ བརྩོན་གནང་རོགས་ཞེས་ངུ་འབོད་དང་བཅས་སྟེ་ཞུ།

གུས་པས་ཤར་མ་བྲིས་ཀྱི་རྩོམ་ཡིག་ལ་ཡིག་ནོར་རེ་ཡོད་ཚེ་དགོངས་དག་ཞུ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།