བླུན་བརྟག་རྣམས་ལ་ཕུལ

གཞན་ཕན་ལྷག་བསམ་མི་དགའ་ཞིང་།།
ནོར་དང་དངོས་རིགས་མི་བསྒྲུབ་པར།།
ལྟོ་བ་ཙམ་གྱི་མགོ་འཁོར་བ།།
ཁང་ཆུང་འོག་གི་སྤྲང་པོ་ཡིན།།

སྤྲང་པོའི་དབུས་སུ་རབ་ཏུ་འཕྲོ།
མཁས་པའི་དབུས་ན་ཞུམ་ཞིང་འཛུར།།
གནའ་དེང་ཤེས་བྱ་གང་མེད་པ།།
སོ་མེད་བྱིས་པ་ལོ་གསུན་ཡིན།།
བཟའ་བཏུང་གང་ཡོད་དེ་རྒྱུག་པས།།
དགོས་པའི་ལས་དོན་ཐམས་ཅད་དོར།།
གཏམ་གླེང་མི་སྐད་སྨྲ་ན་ཡང་།།
སྤུ་མེད་པ་ཡི་ཕག་པ་ཡིན།།
བླུན་པོའི་དབུས་སུ་ང་རྒྱལ་ཅན།།
མཁས་པའི་དབུས་ན་བླུན་པོ་འགྱུར།།
སྔོན་བསག་བསོད་ནམས་ལས་དབང་གིས།།
མི་ལུས་ལན་ཡང་བ་གླང་བཞིན།།
བླུན་པོའི་བྱ་བ་ལེགས་གྲུབ་ཀྱང་།།
མཐའ་ཕྱིན་པ་ཡང་ག་ལ་ཡོད།།
སྒོ་ཁྱི་ཅི་ཞིག་ངར་ན་ཡང་།།
གནོད་པའི་དགྲ་བོར་འགོག་མི་ནུས།།
མི་རབས་གསར་པའི་གཞོན་སྐྱེས་བླུན་བརྟག་ཅན་རྣམས་ཀྱིས་བྱས་སྟངས་དངའགྲོ་སྟངས་ལ་ལྟས་ནས་བྲིས་པ་ཡིན་ལགས།དྲ་གྲོགས་ཚོའི་ནང་ལ་ཡང་ཡོད་བཀྲ་ཤིས་བདེ་ལེགས་།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།