གངས་ལྗོངས་ལགས

སྐྱིད་པའི་ཕ་ཡུལ་གངས་ལྗོངས་སུ།།
ཆོལ་གསུམ་རྡོག་རྩ་གཅིག་དུ་སྒྲིལ།།
ཀླ་ཀློའི་མ་རབས་སྤྱོད་ངན་གྱིས།།
ཆིལ་སྒྲིལ་ནུས་པ་ཡོངས་སུ་གཏོར།།
སྐྱིས་པའི་ཕ་ཡུལ་གངས་ལྗོངས་སུ།།
ཆོས་སྲིད་ཟུང་གི་འོད་སྟོངས་འཕྲོ།།
གངས་ཕྲུག་གཞོན་ནུའི་ལྷག་བསམ་གྱིས།།
རང་བཙན་འབོད་སྒྲ་ཡོངས་སུ་ཁེངས།།
སྐྱིད་པའི་ཕ་ཡུལ་གངས་ལྗོངས་སུ།།
ཀླ་ཀློའི་དཔུང་ཤུགས་རབ་ཏུ་དར།།
ལྷག་བསམ་དཀར་བའི་གཞོན་ནུ་ཚོས།།
གཡོལ་མེད་ཆོས་ཀྱི་སྲིད་ལམ་སྣ་སྟོན།།
སྐྱིད་པའི་ཕ་ཡུལ་གངས་ལྗོངས་སུ།།
གྲུབ་མཐའི་ཕྱོགས་ཞེན་དོར་ན་ཡང་།།
ཀླ་ཀློའི་མི་མཐུན་ཚོགས་བྱས་ཏེ།།
ཆོལ་གསུམ་གྲུབ་མཐའི་ཕྱོགས་སུ་ལྷུང་།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།