གཏམ་བཤད་ཐོག་མ

བཀའ་ཁྲི་མཆོག་གིས་གཞུག་ཞབས་ལས་བྱེད་རྣམས་ལ་གསུང་བཤད་ཐོག་མ་གནང་བ་ཕྱི་ལོ་༢༠༡༡་སྤྱི་ཟླ་༨་ཚེས་༢༩་ཉིན་དགོང་གྲོའི་ཆུ་ཚོད་༤་པའི་ཐོག་གངས་ཅན་སྐྱིད་གཤོང་ཀྱི་ལས་བྱེད་གསོལ་ཐབ་ཁང་ཡང་སྟེང་ཚོགས་ཁང་དུ་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་སྲིད་ཞུ་བའི་ལས་བྱེད་ཡོངས་ལ་གསུང་བཤད་འདི་འདྲ་ཞིག་གནང་ཡོད།

 

འདི་གར་ཕེབས་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པས་གཙོས་སྲི་ཞུ་བའི་ལས་བྱེད་ཡོངས་ལ་ང་རང་གིས་བསམ་ཚུལ་ཞུ་རྒྱུའི་གོ་སྐབས་ཐོབ་པར་ཐོག་མར་ཁྱེད་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱི་ནོར་༸གོང་ས་སྐྱབས་མགོན་མཆོག་གི་དགོངས་གཞི་དང་བོད་མི་རིགས་ཀྱི་རྩ་དོན་འགྲུབ་ཅེད་ང་ཚོའི་སྒྲིག་འཛུགས་འདི་ཚགས་ཚུད་དང་རྒྱུན་གནས་ཐུབ་རྒྱུ་གལ་ཆེ་ཡིན་ལ་དེའི་ནང་ཞབས་ཞུ་ལྷག་བསམ་རྣམ་དག་ཐོག་ནས་སྒྲུབ་མཁན་རྣམ་པ་ཚོ་ཆགས་ཡོད།

 

ང་ཚོའི་སྤྱི་༸་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་ཡང་དགོས་གཞིས་ལུས་མི་མང་གིས་རང་སྲོག་ཚུན་ཆད་བློས་གཏོང་གིས་བོད་ཀྱི་རྩ་དོན་ཆེད་བདེན་པའི་འཐབ་རྩོད་གནང་དང་གནང་བཞིན་པར་བརྟེན། ང་ཚོའི་ཁོང་རྣམས་པས་དཀའ་ལས་བསྐྱོན་པ་དེ་དག་མ་བརྗེད་པའི་ཐོག་ནས་ལས་ཀ་བྱེད་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་།བཙལ་བྱོལ་སྒྲིག་འཛུགས་འདི་ནི་སྐྱབས་བཅོལ་བ་གཞན་དང་བསྡུར་ན་ང་ཚོའི་སྒྲིག་འཛུགས་འདི་ཚགས་ཚུད་རེད་ཅེས་བརྗོད་ན་མི་ཆོག་པ་མེད། དེ་དག་ནི་ཁྱེད་རྣམས་ཀྱིས་དཀའ་ལས་བསྐྱོན་པ་ལས་བྱུང་བ་ཞིག་རེད།

 

ལོ་ལྔ་བཅིའི་རིང་་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཆེད་ང་ཚོའི་མི་རབས་རྒན་པ་རྣམས་ཀྱིས་དཀའ་ལས་ཚད་མེད་བསྐྱོན་ཏེ་སྒྲིག་འཛུགས་འདི་སྲ་ཐག་ཐག་ཐོག་གནས་ཡོད། དེར་བརྟེན་ཁོང་རྣམ་པའི་རེ་བར་ཡོད་པ་ལྟར་ཁྱེད་རྣམས་ཀྱིས་ལས་ཀ་བྱེད་མུས་ཡིན་པ་མ་ཟད།ད་དུང་ཡང་སྔར་ལས་ལྷག་གནང་རོགས་ཞུ་རྒྱུ་ཡིན།ད་ལྟའི་བོད་ཀྱི་གནད་དོན་ཛ་དྲག་ཐོག་གནས་ཡོད་པ་དེ་ཁྱེད་རྣམས་ནས་ཡིན་གཅིག་མིན་གཅིག་སེམས་ལ་འཇོག་རོགས་ཞུ་རྒྱུ་ཡིན།

ང་ཚོ་མི་རབས་གསར་པའི་སྐབས་བོད་རྒྱལ་ཁབ་འཛམ་གླིང་གི་ས་ཁྲའི་ནང་གནས་དང་མི་གནས་སོགས་ཀྱི་ཐད་ངས་ག་དུས་ཡིན་ན་ཡང་སེམས་འཚབ་བྱེད་བཞིན་ཡོད།

གང་ལགས་ཞེ་ན།རྒྱ་ནག་གཞུང་ནས་བོད་ནང་བོད་མི་རིགས་དང་རིགས་གཞུང་། ཁོར་ཡུག་སོགས་གཏོར་བཤིག་གཏོང་མུས་ཁར་ཆབས་སྟིད་ཐོག་ནས་དམ་བསྒྲགས་བྱས་དང་བྱེད་བཞིན་རེད།ཉེ་ཆར་ཁམས་རྟའུ་ནས་དགེ་འདུན་པ་ཞིག་གིས་བོད་མི་རིགས་ཆེད་རང་ལུས་མེར་སྲིག་བཏང་ཡོད་ལ།དེ་སྔོན་ཀིརྟི་དགོན་པའི་དགེ་འདུན་པ་ཞིག་གིས་ཀྱང་དེ་ལྟར་གནང་ཡོད།དེར་བརྟེན་ང་ཚོ་སྲི་ཞུ་བའི་ལས་བྱེད་རྣམས་ནས་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་གནས་སྟངས་ཤེས་པའི་ཐོག་ནས་ལས་ཀ་བྱེད་སྐབས་གང་ཐུབ་ཅི་ཐུབགནང་རོགས་ཤེས་འབོད་སྐུལ་ཞུ་རྒྱུ་ཡིན།

 

ང་རང་སྤྱི་ཟླ་༥་ནང་འདི་གར་ཡོང་སྐབས་ཉིནདང་པོར་བཀའ་ཁྲ་ཟུར་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་མཇལ་སྐབས།སྐབས་དེ་དུས་ཁོང་གིས་ང་ལ་བཀའ་གསལ་པོ་ག་རེ་གནང་བྱུང་ཞེ་ན།ཁྱེད་རང་བཀའ་ཁྲི་གསར་པ་ཡོང་གི་ཡོད། དེར་བརྟེན་ཁྱེད་རང་ལ་འཅར་གཞི་དང་བསམ་ཚུལ་ཞིག་ཡོད་པ་རེད།ཁྱེད་རང་ལ་འཆར་གཞི་དང་བསམ་ཚུལ་ག་རེ་ཡོད་ཀྱང་ཐེ་ཚོམ་མེད་པའི་སྒོ་ནས་ལག་ལེན་བསྟར་དགོས།ཡང་ངས་ད་ལྟའི་འཆར་གཞི་བཏིང་བ་དང་ལག་ལེན་བསྟར་བ་དེ་དག་བསྒྱུར་བཅོས་གཏོང་དགོས་པ་སོགས་ག་རེ་བྱེད་རྒྱུ་ཡོད་ཀྱང་ངའི་ཐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡིན། གང་ལགས་ཞེ་ན། སྐབས་དང་དུས་ལ་དཔག་པའི་འགྱུར་བ་འགྲོ་གི་ཡོད་སྟབས།དེར་དཔག་པའི་གསར་གཏོད་དང་བསྐྱར་ཞིབ་བྱས་ཐོག་འགྱུར་བ་གཏོང་རྒྱུ་རང་གི་འགན་ཆགས་ཡོད།འགྱུར་བ་ག་རེ་གཏང་ཡང་རྒྱབ་སྐྱོར་ཡོད་ཆེས་གསུངས་བྱུང་།

 

དེ་བཞི་སྲུད་ཞུ་བའི་ལས་བྱེད་རྣམས་ཀྱིས་སོ་སོའི་ལས་ཀ་ཁོ་ན་མ་ཡིན་པར་རྒྱལ་སྤྱི་དང་བོད་ཀྱི་གནས་སྟངས་ཤེས་རྒྱུ་གལ་ཆེན་ཡིནཞེས་གསུང་བཤད་གནང་བ་མ་ཟད། ད་དུང་ཁོང་གིས་ལས་བྱེད་ཚོར་ཟབ་སྦྱོང་སྤྲོད་རྒྱུ་དང་།སྲིད་བྱུས་ཉམས་ཞིབ་ཁང་གསར་འཛུགས་གནང་རྒྱུ།ལོ་རེར་ཚོགས་ཆེན་ཁག་གཉིས་རེ་འཚོགས་རྒྱུ་དང་།བགྲོ་གླེང་བྱེད་རྒྱུ།ཆེད་ལས་པར་ལས་ཀའི་གོ་སྐབས་སྤྲོད་རྒྱུ།དམིགས་བསལ་ཤེས་ཡོན་ཐོག་འབད་བརྩོན་གནང་རྒྱུ་སོགས་འཆར་གཞི་ཁག་གི་ཐོག་ལའང་གསུང་བཤད་ཧ་ཅང་ལེགས་པོ་གནང་ཡོད་པ་རེད།

 

སོང་ཙང་སྤུན་ཟླ་སེར་སྐྱ་རྒན་གཞོན་ཚང་མས་ཁོང་གི་ལས་དོན་ཐག་དག་བྱ་བ་ལམ་འགྲོ་ཡོངས་བའི་སྨོན་དང་བཅས་སྟེ་་རྒྱབ་སྐྱོར་གང་ཐུབ་གནང་སྐྱོང་བའི་འབོད་སྐུལ་ཞུ། བཀྲ་ཤིས་བདེ་ལེགས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།