༼ གངས་ཅན་ལི་ཐང་འདི། ༽

ང་འབྲས་དཀར་བསམ་པའི་དོན་གྲུབ་ཡིན།།
ང་འབྲས་ཕྲུག་ཡིད་བཞིན་ནོར་བུ་ཡིན།།
ང་གངས་ཅན་ཕ་ཡུལ་ལི་ཐང་ཡིན།།
ཕོ་རྒོད་པོ་དུ་མས་འཛམས་ས་ཡིན།
ངའི་ཕ་ཡུལ་གངས་ཅིན་ལི་ཐང་འདི།།
ང་སྐྱིད་པའི་གླུ་དབྱངས་ལེན་ས་ཡིན་།
ང་དགའ་བའི་ཞབས་བྲོ་འཁྲབས་ས་ཡིན་།
ང་སྡུག་དུས་སྐྱོ་གླུ་ལེན་ས་ཡིན།།
ང་ཡ་རབས་དཔྱོད་བཟང་སྐྱོང་ས་ཡིན།།
ང་ཆོས་སྲིད་ལམ་སྣ་སྟོན་ས་ཡིན།།
ང་སྡུག་གི་ཁུར་པོ་ཁུར་ས་ཡིན།།
ང་སྐྱོ་བའི་སྙིང་གཏམ་འཆད་ས་ཡིན།།
ཚེ་འདི་ཕྱིའི་སྐྱབས་གནས་བླ་མ་བཟང་།།
དམངས་དད་པའི་བསམ་དོན་ཡིད་བཞིན་འགྲུབ།
སྲིད་སྐྱོང་བའི་དཔོན་གྱི་མགོ་ཁྲད་ཡག།
དམངས་རྡོག་རྩ་འཆིལ་སྒྲིལ་ལམ་སྣ་སྟོན།།
བོད་གངས་ཅན་བསྟན་པ་དར་བར་ཤོགས།།
འགྲོ་ཡོངས་ཀྱི་བསམ་དོན་འགྲུབ་པར་ཤོགས།།
བཀྲ་ཤིས་པའི་བདེ་ལེགས་ཕུན་སུམ་ཚོགས།།
བཀྲ་ཤིས་པའི་སྐྱིད་པའི་ཉི་མ་ཤར་།།
བལ་ཡུལ་རྒྱལ་ས་ན་ཡོད་པའི་བྷོ་དྷ་ཉེ་འགྲམ་ནས་༢༠༡༡་་་༧་་་་༢༠་་ཉིན་ཟླ་ཚེས་བཟང་པོ་ལགས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།