ཚོགས་གཙོ་ཚོགས་གཞོན་གདམ་ཀ་གནང་བ་

༼གསར་འགྱུར་གསར་པ་འདུག་༽སྤུན་གྲོགས་ཚོ་དེ་རིང་སྤྱི་ལོ་༢༠༡༡་ཟླ་༥་ཚེས་༣༠་ཉིན་བོད་མི་མང་སྤྱི་འཐུས་སྐབས་༡༥་པའི་ཚོགས་གཙོ་ཚོགས་གཞོན་འདེབས་ཐོན་གནང་སོང་།ཚོགས་གཙོའི་སྔོན་འགྲོའི་འདེབས་ཐོན་ནང་སྤྱི་འཐུས་ཚོགས་གཙོ་ལས་ཐོག་པ་་སྤེན་པ་ཚེ་རིང་ལ་འོས་གྲངས་་༢༤་་་པདྨ་འབྱུང་གནས་ལ་འོས་གྲངས་་༡༧་་་ཀ་མ་ཡིད་ཤེས་ལ་འོས་གྲངས་༡༦་་བཅས་ཁོང་གསུམ་སྔོན་འགྲོའི་འོས་ཤོག་ནང་སྟངས་ནས་དངོས་གཞི་འདེབས་སོང་།

 

དངོས་གཞི་འཐེན་གཉིས་འདེབས་དགོས་བྱུང་སོང་དང་པོའི་ནང་འདེབས་ཐོན་བྱུང་བ་སྤེན་པ་ཚེ་རིང་དང་་་ཀ་མ་ཡིད་ཤེས་གཉིས་ལ་འོས་གྲངས་༡༩་རེ་དང་པདྨ་འབྱུང་གནས་ལ་འོས་༤་བཅས་ཡང་བསྐྱར་འདེབས་དགོས་བྱུང་།

ཡང་བསྐྱར་འདེབས་ཐོན་བྱུང་བ་དང་པོ་སྤེན་པ་ཚེ་རིང་ལ་འོས་༢༥་་་་གཉིས་པ་ཀ་མ་ཡིད་ཤེས་ལ་འོས་༡༩་བཅས་ཁོང་གསུམ་ནང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་་་་་སྤེན་པ་ཚེ་རིང་མཆོག་འདེབས་ཐོན་གནང་འདུག་་་་པདྨ་འབྱུང་གནས་ལ་འོས་གཅིག་ཅང་མི་འདུག་།འོས་གཅིག་རྩིག་མེད་འགྲོ་འདུག་།

༢༽་ཚོགས་གཞོན་འདེབས་ཐོན་བྱུང་བ་རྩེ་རྟོག་གསུམ་གྱི་འོས་གྲངས་་མཁན་པོ་བསོད་ནམས་བསྟན་འཕེལ་ལ་༡༨་ཀ་མ་ཡིད་ཤེས་ལ་༡༨་་པདྨ་འབྱུང་གནས་ལ་་༡༡་བཅས་ཁོང་གསུམ་སྔོན་འགྲོའི་ནང་འདེབས་ཐོན་བྱུང་འདུག་།

དངོས་གཞིའི་འོས་གྲངས་མཁན་པོ་བསོད་ནམས་བསྟན་འཕེལ་ལ་༢༠་པདྨ་འབྱུང་གནས་ལ་༡༣་ཀ་མ་ཡིད་སེས་ལ་༩བཅས་ཚོགས་གཞོན་དངོས་གཞིའི་མཁན་པོ་བསོད་ནམས་བསྟན་འཕེལ་འདེབས་ཐོན་བྱུང་འདུགས་།སྐབས་༡༥་པའི་ཚོགས་གཙོ་ནི་ལྷག་བསམ་དང་སྙིང་སྟོབས་ལྡན་པའི་ཤེས་ལྡན་མི་སྣ་ཞིག་སླེབས་འདུག་པས་དགའ་བསུའི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།