ལམ་སྣ་སྟོན།

གཞུང་དོན་གཞུང་དོ་ཟེར་མཁན་མང་བ་ཞིག་།
གཞུང་དོན་ཚིག་ལས་ལག་ལན་དཀོན་པ་ལགས་།
བོད་དོན་བོད་དོན་གླེང་མཁན་མང་བ་ཞིག་།
བོད་དོན་གནད་ལ་བརྩོན་མཁན་ཉུང་བ་ལགས་།

གཞིས་བཞུགས་སྤུན་ཟླའི་གྲི་དང་མེ་འདིའི་འོག་།
རྩ་དོན་ཆེད་དུ་རང་སྲོག་དོར་ན་ཡང་།
སྡ་སའི་བོད་གཞུང་གཞུང་ཞབས་ལས་བྱེད་ཚོའི་།
ཁྱེད་དང་ང་ཡི་་གོ་སའི་ཐབ་ལ་འབད་།


གཞིས་བཞུགས་སྤུན་ཟླའི་ལྷག་བསམ་སེམས་ཤུགས་ཀྱིས་།
ཆོལ་གསུམ་བོད་རིགས་རྡོག་རྩ་གཅིག་དུ་སྒྲིལ་
བཙལ་བྱོལ་སྤུན་ཟླའི་སྐུ་དྲག་འབྱོར་ལྡན་ཚོའི་།
ཕྱོགས་རེས་འཐེན་འཁྱེར་མི་མཐུན་ལམ་སྣ་སྟོན་།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།