བསམ་ཚུལ་དངོས་དེ་བརྗོད་ཐུབ་དགོས

བོད་གཞུང་གི་བཅའ་ཁྲིམས་སྐྱར་བཅོས་ཚོགས་མི་ནང་སྐབས་༣་པའི་བཀའ་ཁྲི་གསར་པ་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་དང་་སྐབས་༡༤་པའི་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྐར་མ་ཆོས་འཕེལ་གཉིས་ངེན་པར་དུ་སླེབས་དགོས་པ་ཐོང་ཡང་སླེབས་མི་འདུག་།འདི་ནི་དངོན་བདེན་གང་ཡིན་མི་ཤས་ན་ཡང་མང་ཚོགས་ཀྱིས་མྱོག་གླེང་མང་དག་ཞིག་བརྗོད་ཀྱིསའདུག

དཔེར་ན་བཀའ་ཁྲི་གསར་པ་མཁས་དབང་བློ་བཟང་སེང་གེ་མཆོག་ནི་བོད་གཞུང་གི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཞིག་དང་ཁྲིམས་ལུགས་སློབས་དཔོན་ཆེན་པོའི་མཁས་དབང་ཞིག་ཡིན་པས་ཁོང་ངེན་པར་དུ་བཅའ་ཁྲིམས་སྐྱར་བཅོས་ཚོགས་མི་ནང་སླེབས་དགོས་རེད་ཟེར་ཁན་མང་དག་ཞིག་འདུག་།ཡིན་ན་གཞུང་ཞབས་ཚོའི་འདོད་པ་མེད་པ་འདྲ་།

ཚོགས་ཟུར་པདྨ་འབྱུང་གནས་ཚོགས་མི་ནང་སླེབས་ན་ད་ལྟའི་སྐབས་༡༤་པའི་ཚོགས་ཟུར་སྐར་མ་ཆོས་འཕེལ་དེ་བས་སླེབས་དགོས་པ་ཞིག་རེད་ཟེར་ནས་མྱོག་གླེང་མང་དག་ཞིག་འདུག ཡིན་ན་ཁོང་ལ་ནད་རྙིང་ཞིག་གི་འདེབས་ཐོན་གནང་མེད་པ་རེད་བསམ་གྱི་འདུག
གང་ལྟར་ང་ཚོའི་རྒྱལ་ཡོངས་ཚོགས་ཆེན་སྐབས་ཚོགས་མི་རྣམ་པ་ཚོའི་ཐུགས་བསམ་ཆེན་པོའི་སྒོ་ནས་བཅའ་ཁྲིམས་སྐྱར་བཅོས་དེ། གནའ་བོའི་སྡེ་པ་གཞུང་གི་བཀའ་བརྩལ་བ་དེ་དེ་བཞིན་ནོ་ཟེར་མ་ཡིན་པ་སོ་སོའི་བསམ་ཚུལ་དང་མི་མང་གི་རེ་འདུན་དངོས་སོགས་བརྗོད་ཐུབ་དགོས་པ་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཞིག་དུ་མཐོང་།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།