སྐྱོ་གདུང་གི་མིག་ཆུ།

སྤུན་གྲོགས་ཚོ་བཀྲ་ཤིས་བདེ་ལེགས་།་མ་མཇལ་ཡོན་རིང་སྐུ་ཁམས་བཟང་། གུས་པས་བྲིས་འདོད་པ་ནི་༼སྐྱོ་གདུང་གི་མིག་ཆུ་ཟེར་བ་འདི་ཡིན་༽ཨེ་གྲོགས་པོ་ལགས་ཉི་མ་མེད་པའི་མཚན་མོ་་་་ཟླ་བ་མེད་པའི་སྨག་རུམ་འདུས་པའི་ཉིན་ཞིག་གི་མཚན་མོ་གུས་པས་ཧ་ཅང་འཇིག་སྣང་ཆེ་བའི་ལོ་འཁོར་རྒྱགས་སྤྲོད་ཆེན་པོའི་བློ་འཛིན་སྐྱོ་སྦྱང་བྱེད་བཞིན་འགྲོ་སྐབས་བློ་བུར་དུ་གློག་མེད་པ་ཆགས་སོང་བས་གུས་པས་མཐོང་ལམ་ཡོད་ཚོད་མུན་ནག་ཏུ་འགྱུར།

སོང་ཙང་གུས་པ་འོད་སྟོང་རབ་ཏུ་འཕྲོ་བའི་གངས་ལྗོངས་གསོལ་འགྲོན་ཁང་དུ་འགྲོ་དགོས་བསམ་ནས་ཁང་བརྩིགས་གསུམ་ཐོག་ནས་བརྩིགས་འོག་དུ་བབ་དུས་།མིག་མི་མཐོང་པས་སྐས་རིམ་དུ་གཟབ་གཟབ་ཇི་འདྲ་བྱས་ཀྱང་་ཆེས་རྗེས་མིའི་སྐས་རིམ་དེ་ནས་སྐྲག་འདར་འདར་བྱད་ནས་འགྱེལ་སོང་།

དེ་ནས་ང་རང་ཁ་ཐུག་དངངས་སྐྲག་རི་རབ་ཙམ་སྐྱེ་ནས་ལག་པས་ཁ་ལ་རེག་སྐབས་འཁྱགས་སིལ་སིལ་གྱི་རེག་བྱ་ཞིག་མྱོང་བ་དེ་ཁྲག་མིན་ན་ཅི་ཡིན་བསམ་ནས་སྐྲག་སྐྱོའི་མིག་ཆུ་ཆད་མེད་དུ་ཟགས་སོང་བ་མ་ཚད་ངུ་འབོད་འབྲུག་སྒྲའི་དབྱངས་ལྟར་སྒྲོགས་།

དེ་ནས་རང་ཁྱིམ་དུ་ལོག་ནས་དཀར་སིང་སིང་གི་ཟླ་བའི་གཟུགས་བརྙེན་མིག་ལམ་དུ་ཤར་ནས་གཉིད་ཁུག་སོང་།རྨི་ལམ་དུ་འཆར་རྒྱུ་ཨ་མའི་ཞལ་རས་ཀྱིས་གྲུབ་པའི་རི་མོ་ཤ་སྟག་ཡིན་།མ་ཚད་རྨི་ལམ་དུ་ངས་ཨ་མ་་་་ཨ་མ་ཞེས་འབོད་དེ་གཉིད་སད་སོང་།ཡིན་ན་ང་ལ་དབང་བའི་འཇིག་རྟེན་ནི་ད་རུང་ནག་ཤིག་ཤིག་གི་མཚན་ལྗོངས་རིང་མོ་འདི་འདི་རེད་འདུག་།ཨ་ཁ་ཁ་ངའི་ལས་དབང་འདི་གང་འདྲ་ཞིག་ཡིན་ན་ཤེས་མ་སོང་།

གུས་པས་རྩོམ་ཡིག་གང་འདྲ་ཞིག་བྲིས་ན་ནོར་ཡོད་མེད་ཚིག་མཛོད་དང་དག་ཡིག་སོགས་ལྟར་ཀློག་བྱེད་ཀྱི་མེད་པས་སྤུན་གྲོགས་ཚོའི་ཤ་ཚར་དང་སྙིང་རྗེ་གཟིགས་ནས་གུས་པས་རྩོམ་ཡིག་ནང་ཡིག་ནོར་སོགས་དག་བཅོས་གནང་བ་བསྔགས་བརྗོད་དང་དགའ་བསུ་ཞུ་།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།