བློ་ཕམ་དགོས་བྱུང་།


དེ་རིང་ཤོག་པ་ཆུ་ཚོད་༡༠་པའི་ཐོག་སྡ་སའི་གཙུག་ལགས་ཁང་དུ་༸པན་ཆེན་མཆོག་སྤྲུལ་རིན་པོ་ཆེ་གང་དུ་ཡོད་དམ་ཟེར་བའི་མིག་བྱང་འོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་བྱས་ནས་ཁོང་གི་འཁྲུངས་སྐར་སྲུང་བརྩི་ཞིག་བྱས་སོང་།ཡིན་ན་བློ་ཕམ་དགོས་ཡ་ཞིག་ལ་སྲུང་རྩིས་ཞུ་མཁན་གཞུང་ཞབས་ལས་བྱེད་་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་གཞན་མི་སྣ་སུམ་ཅུ་སོ་གྲངས་ཙམ་ལས་ཕེབས་མི་འདུག

གཞུང་དང་གཞུང་འབྲེལ་མ་ཡིན་པའི་མི་སྣ་སུ་འདྲ་ཞིག་ཡིན་ན་གལ་ཆེན་གྱི་དུས་ཚོད་ཚེས་བཟང་དུས་བཟང་འདི་འདྲ་ཞིག་ལ་ཚང་མས་སྐྱེད་ན་སྐྱེད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་ན་སྡུག་གི་ཁུར་པོ་མཉམ་འཁུར་བྱེད་དགོས་པ་མ་རྟོག་དེ་ལས་ཛ་དྲག་ཆེ་བ་ཡོད་འདོག་བྱས་ནས་མཉམ་ཞུགས་མ་གནང་བ་ཧ་ཅང་བློ་ཕམ་ཞིག་རེད་བསམ་གྱི་ཡོད་།


མདོར་ན་སྲུང་རྩིས་འདི་ཨ་ཅག་གངས་ལྷ་མོའི་ངོ་སྤྲོད་དང་་་་ཨ་ཅག་རྒྱ་རི་སྒྲོལ་མས་ངུ་འབོད་ཞིག་རྒྱབ་ནས་འཇུག་བསྡུར་སོང་་་་་ད་དུང་འགའ་ཞིག་ཆམ་ས་དང་འགའ་ཞིག་གླེང་ཁ་སོགས་མང་དག་ཞུ་རྒྱུ་ཡོད་པས་དུས་ཚོད་མི་འདུག་དགོངས་པ་མ་འཚངས་རོགས་ཞུ་།
ཡིག་ནོར་ཡོད་ན་སྤུ་གྲོགས་ནོར་བཅོས་ཡོངས་བ་འབོད་གུས་ཞུ་།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།