སྐྱོན་འཛུགས་ལ་ངོས་ལེན་མེད།

དེ་རིང་བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༣༢༩་ནང་ལི་ཐང་རྒྱ་རྡོ་ཚང་སྐལ་བཟང་དང་སྤྱི་ཟུར་སྡེ་དགེ་འཆི་མེད་རྡོ་རྗེ་དང་སྤྱི་ཟུར་སྒ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་ཟེར་བའི་གནའ་རབ་ཆུ་སྒང་གི་མི་རྒན་འགའ་ཞིག་གིས་ད་ལྟའི་ཆུ་སྒང་ལས་ཐོག་ཚོགས་གཙོ་གཡུ་དྲུང་རྒྱལ་མཚན་དང་སྨར་ཁམས་ཆོས་འཕེལ་ཐུབ་བསྟན་བཅས་ལ་མ་ཉེས་སྐྱོན་འཛུག་མང་དག་གནང་བ་གུས་པས་ངོས་ལེན་རྩ་བ་ནས་མེད་།

ཆུ་སྒང་ཚོགས་གཙོ་ཟུར་པ་ལི་ཐང་རྒྱ་རྡོ་ཚང་སྐལ་བཟང་དང་སྤྱི་ཟུར་སྡེ་དགེ་འཆི་མེད་སྤྱི་ཟུར་སྒ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་གསུམ་ནི་མདོ་སྟོད་རྒྱ་ཆེའི་མི་མང་གི་གུས་བཀུར་དང་ཡིད་ཆད་བྱས་སའི་བྱས་རྗེས་ཆེ་བའི་གལ་ཆེན་མི་སྣ་ཅན་ཞིག་ཡིན་པ་ཚང་མས་ངོས་ལེན་བྱེད་ཀྱི་ཡོད་།

ཡིན་ན་མདོ་སྟོད་རྒྱ་ཆེའི་མི་མང་གི་རེ་འདུན་བྱས་སའི་མདོ་ཁམས་ཆུ་གཞི་སྒང་དྲུག་གི་ཚོགས་གཙོ་ལས་ཐོག་གཡུ་དྲུང་རྒྱལ་མཚན་ནི་ཤེས་འཇོན་གཉིས་ལྡན་གྱི་རྣམ་དཔྱོད་ཅན་ཞིག་ཡིན་པས་སྐབས་༡༨་པའི་ཆུ་སྒང་དབུས་རྒྱུན་དང་ཚོགས་གཙོ་བདམ་།མ་ཚད་བོད་གཞུང་གི་སྐབས་༡༤་པའི་སྤྱི་འཐུས་དང་སྤྱི་འཐུས་རྒྱུན་ལས་ཀྱིས་ཕྱག་ལས་གནང་། ད་དུང་སྐབས་༡༥་པའི་སྤྱི་འཐུས་དངོས་གཞིའི་འོས་ཤོག་རྩེ་ཏོག་ནང་སླེབས་ཡོད་ཚོད་འདུག་།

སོང་ཙང་ཁོང་ནི་བོད་གཞུང་གི་སྤྱི་འཐུས་ཞིག་དང་མདོ་སྟོད་རྒྱ་ཆེའི་མི་མང་གི་འགོ་གཙོ་ཞིག་ཡིན་པའི་ཆ་ནས་ཁོང་ལ་གང་བྱུང་མི་ངན་ཐ་ཤལ་དང་ཐེན་ཝན་བོད་སོགས་ལས་ཁུངས་སོགས་འབྲེལ་བ་ཡོད་པ་རེད་བཅས་མ་ཉེས་སྐྱོན་འཛུག་སོགས་གནང་བ་ནི་ཧ་ཅང་བློ་ཕམ་ཞིག་དང་དགྲ་དགའ་གཉེན་སྡུག་ཙམ་ལས་དྲང་བདེན་གྱི་ཤ་ཚའི་གཏམ་ཞིག་གང་ཡང་མ་མཐོང་།

མ་ཚད་སྨར་ཁམས་ཆོས་འཕེལ་ཐུབ་བསྟན་གནའ་བཅལ་དམ་འབུལ་བྱས་པ་དགའ་བསུ་དང་ཡིད་ཆེས་བྱེད་དགོས་པ་མ་རྟོག་ད་དུང་དེ་ལས་མ་ཉེན་སྐྱོན་འཛུག་གནང་བ་ནི་།ཆུ་སྒང་ལ་ཤ་ཞེན་ཆེ་བའི་བློ་དཀར་བ་འདི་ཚོ་སེམས་ཤུགས་ཆགས་སྲིད་།

མདོ་ན་ཚོགས་གཙོ་གཡུ་དྲུང་དང་ཆོས་འཕེལ་ཐུབ་བསྟན་ཁོང་རྣམ་པ་གཉིས་ནི་ངོ་ལྐོག་གཡོ་ཟོལ་མེད་པ་རྒྱབ་འདུན་མེད་པར་༸གོང་ས་མཆོག་གི་བཀའ་གསུང་ཅི་བསྒྲུབ་ཞུ་མཁན་ཞིག་དང་།བཙལ་བྱོལ་བོད་མིའི་བཅའ་ཁྲིམས་དང་མདོ་སྟོད་ཆུ་སྒང་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱིས་བརྩི་བཀུར་སྲུང་བརྩི་ཞུ་མཁན་ཞིག་ཡིན་པས་མདོ་སྟོད་སེར་སྐྱ་མི་མང་ནས་མི་ངན་རེ་གཟུང་དཀྲོག་གཏམ་ལ་གཏན་ནས་ཡིད་ཆེས་བྱས་མི་རུང་།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།