དུས་འཁོར་དབང་ཆེན་གནང་གཏན་ཁེལ་བ།

སྤུན་གྲོགས་ཚོའི་དགའ་དགའ་དཀྲོག་དཀྲོག་བྱས་ནས་གུས་པས་ཟིན་བྲིས་ལ་གཟིགས་དང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་་༣༢་་པ་ཕྱི་ལོ་་་༢༠༡༡་་ཟླ་་༡༢་་ཚེས༣༡་་ནས་ཕྱི་ལོ་་༢༠༡༢་་ཟླ་་༡་ཚེས་་༡༠་་བར་དུས་འཁོར་དབང་ཆེན་གནང་གཏན་ཁེལ་བ་ཡོད་འདུག

ཕྱི་ལོ་༢༠༡༡ ཟླ་༡༢ ཚེས་༣༡ ནས་ཕྱི་ལོ་༢༠༡༢ ཟླ་དང་པོའི་ཚེས་༡༠ བར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༢ པ་གནང་གཏན་ཁེལ་ཡོད་པ་རེད།

༧རྒྱལ་བ་རིན་པོ་ཆེ་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་དང། སྐུ་བཅར་ཕན་བདེ་ལེགས་བཤད་གླིང་རྣམ་རྒྱལ་གྲྭ་ཚང། དགེ་ལུགས་སྨོན་ལམ་ཚོགས་པས་གཙོས་རང་རིགས་དད་ལྡན་ཁག གཞན་ཡང་ཕྱི་རྒྱལ་མི་སྣ་བཅས་ཀྱིས་༧གོང་ས་མཆོག་ལ་ཇི་ལྟར་གསོལ་བ་ནན་གྱིས་བཏབ་པ་བཞིན། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་ཆེན་ཟབ་མོ་བཀའ་དྲིན་བསྐྱང་རྒྱུ་ཡིན་པ་རེད།

དེ་ཡང་ཕྱི་ཟླ་༡༢ ཚེས་༣༡ དང་ཕྱི་ལོ་༢༠༡༢ ཕྱི་ཟླ་༡ ཚེས་༡ དང་༢ ཉིན་ས་ཆོག ཕྱི་ཚེས་༣ དང་༤།༥ ཉིན་ཕྱེད་སྔོན་འགྲོའི་གསུང་ཆོས་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ། དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་བསྟོད་པ་བཅས་ཀྱི་གསུང་ཆོས་གནང་རྒྱུ་རེད་འདུག

ཕྱི་ཚེས་༦ ཉིན་མཆོད་གར། ཕྱི་ཚེས་༧ ཉིན་སྟ་གོན། ཕྱི་ཚེས་༨ དང་༩ ཉིན་བཀའ་དབང་དངོས་གཞི། ཕྱི་ཚེས་༡༠ ཉིན་ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཐུགས་གཏན་ཁེལ་ཡོད་པ་རེད།།

བཀྲ་ཤིས་བདེ་ལེགས་་་་་བཀྲ་ཤིས་བདེ་ལེགས་་་་་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོགས་་་་ཕ་ཡུལ་གཉིས་པ་སྐྱེད་པའི་སྡ་རམ་ས་ནས་མིང་མཐའ་འཛིན་པ་བུ་ཆུང་བསྟན་འཛིན་འཕགས་པ་ནས་ཟླ་ཚེས་བཟང་པོ་ལགས་།

 

བསྟན་འཕགས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
རྩོམ་བྱང་། དྲ་སྣང་མཁས་པའི་རྣམ་ཐར།།
ཐོས་པའི་བུ་གར་མི་གཙང་སྙིགས་མས་ཁེངས།། བསམ་པའི་སྒེའུ་ཁུང་སྒོ་ངའི་སྦུགས་རྒྱའི་གྲོགས།། སྒོམ་པའི་མཐུ་སྟོབས་མེ་འཁྱེར་འབུ་ཡི་སྤུན།། འདི་གསུམ་དྲ་སྣང་མཁས་པའི་ཁྱད་རྟགས་ཉིད།། སྔོན་བྱོན་མཁས་གྲུབ་ལུང་རིག་བཅུད་མ་བཏུང་།། དེང་རབས་མཁས་པའི་སྒྱུ་རྩལ་གཤིས་མ་བཏུས།། འཚོ་བའི་གནས་ལུགས་གསར་གཏོད་ཁྱད་རྣམ་བྲལ།། འདི་གསུམ་དྲ་སྣང་མཁས་པའི་ཁྱད་ཆོས་ཉིད།། རྗོད་བྱེད་ཚིག་ཕྲེང་མེ་ཏོག་མཛེས་སྡུག་དབེན།། བརྗོད་བྱའི་དོན་གྱི་ཟེའུ་འབྲུར་རོ་བཅུད་སྟོངས།། བརྡ་སྤྲོད་སྐད་ཀྱི་རྩ་ཁྲིམས་འགྲོས་དང་འགལ།། འདི་གསུམ་དྲ་སྣང་མཁས་པའི་ཁྱད་རྣམ་ཉིད།། རང་གི་རྣམ་དཔྱོད་ཐོ་གཟོང་རབ་ཏུ་རྟུལ།། གནའ་དེང་འཇིག་རྟེན་ཆོས་ལ་གོམས་འདྲིས་དབེན།། ལད་མོ་སྤྲེལ་གྱི་ཟློས་གར་གཤིས་སུ་གྲུབ།། འདི་གསུམ་དྲ་སྣང་མཁས་པའི་ཁྱད་རྟགས་ཉིད།། དྲ་སྣང་མཁས་པའི་ཡོན་ཏན་གླེང་བའི་གཏམ།། ཚིགས་བཅད་ནོར་བུའི་དོ་ཤལ་འདི་ན་བཞུགས།། བརྗོད་བྱ་རྗོད་བྱེད་འཕྲུལ་བ་མང་མཆིས་ཀྱང་།། མཁས་མིན་བདག་ལ་སྐྱོན་མཚང་ཅིའི་ཕྱིར་གྱུར།། གདོང་སྨེ་ཅན་གྱིས་བྲིས་སོ།།
3 ༠༣༢༠༡༡༠༢༠༣
གངས་རི་ལགས་་་ཡིག་ནོར་ཚང་མར་ནོར་བཅོས་ཞིག་གནང་རོགས།།
2 ༠༣༢༠༡༡༠༡༤༥
དྲ་གྲོགས་བསྟན་འཕགས་ལགས་སྤུན་གྲོགས་ཚོས་དགའ་དགའ་སྤྲོ་སྤྲོ་བྱས་ནས་གུས་པའི་ཟིན་བྲིས་ལ་གཟིགས་དངཞེས་སོགས་དག་ཡིག་དང་མཐུན་པ་བཀོད་ན་དགེ་མཚན་ཆེ།།
1 ༠༣༢༠༡༡༠༠༣༡
བསྟན་འཕགས་ལགས།
ཁྱེད་ཀྱིས་བྲིས་པའི་གསལ་བརྡ་འདིའི་ནང་ཡིག་ནོར་མང་བ་ཞིག་འདུག
རྗེས་སུ་ཡིག་ནོར་ལ་གཟབ་གཟབ་གནང་རོགས་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།