ཅོ་རི་ཁ་ལ་ཏོ་མ་རྒྱབ་

ཅོ་རི་ཚང་གི་གྲཱ་ལོག་ཁ་ལ་ཏོ་མ་རྒྱབ་། ཁོང་དང་ར་གཟི་བསོད་ནམས་སྟོབས་རྒྱལ་གཉིས་ནི་ཆུ་སྒང་གསར་རྙིང་དང་མི་རབ་གསར་རྙིང་བར་དཀྲུག་ཤིག་རྒྱབ་མཁན་གྱི་ཀླད་མེད་མགོ་སྟོང་ཞིག་རེད། ཆབ་སྲིད་ཀྱི་གནས་ཚད་གང་ཡང་མེད་མཁན་ཞིག་གིས་ཆབ་སྲིས་ཁྲབ་པ་ནི་ཧ་ཅང་བློ་ཕམ་རེད་། དཔེ་ན་ཅོ་རི་ཉི་མས་བློ་སེང་ལ་རྒྱབ་སྐྱོར་ཡོད་བཞིན་དུ་མེད་ཁུལ་བྱས་པ་བཀྲས་མཐོང་ལ་རྒྱབ་སྐྱོར་མཚོན་བྱེད་ཀྱི་རྩོམ་ཡིག་གང་མང་དཔལ་བ་ནི་ཁ་གཅིག་ནང་ལྕེ་གཉིས་ཅན་གྱི་དུག་སྒྲུལ་རང་རེད་།

༼  ༡  ༽
སྤུན་གྲོགས་ཚོའི་གཟིགས་དང་༽ གཅེན་གཅུང་གཉིས་ཀྱི་རེ་འདུན་བྱས་ས་མ་འོང་བཀའ་ཁྲི་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་གྱི་བློ་སེང་ཁོང་སྟར་བུ་ཤིག་རེད་འདུག་།

་སྐབས་གཉིས་པའི་བཀའ་ཁྲིའི་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་། གོང་༸ས་མཆོག་གིས་གསར་འགོད་པ་ཞིག་གི་དྲིས་ལན་དུ་།

ངས་བཀའ་ཁྲི་གསར་པ་དེ་གཞོན་སྐྱེས་ཤེས་འཇོན་གཉིས་ལྡན་ཤིག་ལ་རེ་བ་བྱས་ཀྱང་། སྟབས་མ་ལེགས་པ་ཤིག་ལ་བླ་རྒན་མགོ་དཀར་དེ་ཡང་བསྐྱར་འདེབསའདུག་ཅེས་། གོང་༸ས་མཆོག་གིས་དེ་དུས་ནས་གཞོན་སྐྱེས་ཤིག་ལ་ཐུགས་རེ་གནང་བའི་གསལ་ཁ་དེ་སྟོན་ཡོད་།

མ་ཚད་ཡང་དེའི་རྗེས་སུ་གོང་ས་མཆོག་གིས་འདི་ལྟར་གསུང་ཡོད་། ངས་མ་འོང་བཀའ་ཁྲི་དེ་གཞོན་སྐྱེས་ཤིག་ལ་རེ་བ་བྱས་པ་མ་ཚད་བུ་མེད་ཤེས་འཇོན་གཉིས་ལྡན་ཞིག་ལ་ཡང་རེ་བ་བྱས་ཀྱི་ཡོད་ཅེས་གསུངས་མྱོང་།

༼  ༢  ༽
སྐུ་ཡི་གཅེན་པོ་རྒྱལ་པོ་དོན་གྲུབ་མཆོག་གི་བཀའ་སྤྱི་གཉིས་ཀྱི་སྐོར་གསུང་བཤད་འདི་ལྟར་གནང་འདུག་། ང་ཚོས་འཐུས་ཤོར་ཞེ་དྲག་ཕྱིན་འདུག་རྗེས་ལུས་ཞེ་དྲག་ཐེབས་འདུག་ཅེས་བཀའ་གནང་གི་ཡོད་རེད་།ང་ཚོས་ངེས་པར་དུ་སྐྱར་ཞིབ་དང་རྩ་འཛུགས་བྱེད་དགོས་ཀྱི་འདུག་།འདས་པའི་ལོ་༥༠་རིང་འགྲིག་ཡོད་ཀྱང་ནོར་ཡོད་ཀྱང་ང་ཚོས་གོམཔ་དེ་འདྲ་ཞིག་སྤོས་པ་རེད་།མ་འོངས་པའི་གོམ་པ་སྤོ་སྟངས་དེའི་ཐད་ལ།

ངའི་བསམ་པར་ངེས་པར་དུ་བསྐྱར་ཞིབ་གནང་དགོས་ཀྱི་རེད་དྲིན་གྱི་འདུག་ལ་ངས་༸སྐུ་མདུན་ལངས་ཞུ་ཡི་ཡོད་།ངའི་བསམ་བློའི་ནང་ལོ་ཆུང་བའི་ནང་བུ་དང་བུ་མོ་མང་པོ་འདུག་།དེ་ཚོར་བསྐྱར་ཞིབ་སོགས་ཀྱི་ལས་ཀ་བཀོལ་རྒྱུ་དེ་།ད་ལྟ་༸སྐྱབས་མགོན་རིན་པོ་ཅེའི་དབུ་ཁྲེད་འོག་ནས་།

འཛིན་སྐྱོང་གི་འགོ་ཁྲིད་མཁན་དང་ཕྱག་ལས་གནང་མཁན་ཚོས་།ལོ་ཆུང་བ་ཚོར་ལས་ཀ་བཀོལ་སྟངས་མཁྱེན་གྱི་མི་འདུག་ལ་།ལོ་ཆུང་བ་དེ་ཚོར་ཡོད་ཆེས་གནང་གི་མི་འདུག་་་ལོ་ཆུང་བ་དེ་ཚོར་ལས་ཀ་སྤྲོད་དགོས་ཀྱི་འདུག་།ལོ་རྒན་པ་ཚོས་དཀའ་ལས་ཞེ་དྲག་སྐྱོན་ནས་ཕྱག་ལས་གནང་པ་རེད་།

ཁོང་ཚོར་རྒན་ཡོལ་གྱི་ཕོག་དང་ལྟ་རྟོག་གི་འོག་ནས་བཞུགས་།ལོ་ཆུང་བ་བུ་དང་བུ་མོ་མང་པོ་ཡོད་པ་དེ་ཚོ་རྩ་འཛུགས་གནང་ཐུབ་ན་།ཤས་ཡོན་དང་དཔལ་འབྱོར་སོགས་ལས་ཀ་གང་ཅིའི་ཐད་ལ་ཕྱག་ལས་གནང་ཐུབ་ཀྱི་རེད་།རྒྱ་མི་ཐད་ལ་ང་ལ་སེམས་ཁྲེལ་མེད་།ག་ལེ་ག་ལེ་གཟིགས་ཀྱི་གཟིགས་ཀྱི་གོམ་པ་སྤོས་གནང་ན་མ་འགྲིག་བ་ཡོད་མ་རེད་བསམ་གྱི་འདུག་།

ང་ལ་སེམས་ཁྲེལ་ཆེ་ཤོས་ང་རང་ཚོ་ནང་ཁོལ་ནང་སྲ་ཐག་ཐག་བྱེད་ཐུབ་པ་།ལས་ཀ་རྩོམ་ཐུབ་པ་།དོན་དངོས་ལག་ལེན་གྱི་ཐོག་ནས་ང་ཚོ་རྡོ་རྩ་ཆིག་སྒྲིལ་ཡག་པོ་ཞིག་ཡོང་དགོས་ཀྱི་དེ་གལ་ཆེན་རེད་བསམ་གྱི་འདུག་།

ད་ལྟའི་སྐབས་ལོ་ཆུང་བ་འདེབས་གནང་དགོས་ཀྱི་འདུག་།་་ལོ་ཆུང་བ་འདེབས་ཟེར་བ་དེ་བཀའ་བློན་ཁྲི་པ་གཅིག་པུ་ལ་ལབས་ཀྱི་ཡོད་མ་རེད་།་་བཀའ་བློན་ཁྲི་པ་ལ་རོགས་པ་མང་པོ་ཞིག་དགོས་ཀྱི་ཡོད་རེད་།བཀའ་བློན་བརྒྱད་དགོས་ཀྱི་ཡོད་ནའང་འདྲ་བཅུ་དགོས་ཀྱི་ཡོད་ནའང་འདྲ་གནད་འགག་མི་འདུག་།ལོ་ཆུང་བ་མང་པོས་ལས་ཀ་མཉམ་རུབ་བྱེ་ཐུབ་དགོས་ཀྱི་འདུག་།།
ཅེས་གསུང་འདུག་པས་དགོངས་འཇག་ཚལ་།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༠༩༢༠༡༡༢༠༣༢
རྩོམ་ཡིག་དག་ཆ་ལ་དོ་སྣང་གང་མང་གནང་རྒྱུ་དྲན་སྐུལ་ཞུ། གང་ལགས་ཞེ་ན་གོང་གི་རྩོམ་ཡིག་དེ་ཡི་ནང་དུ་ལོ་ཆུང་བ་འདེབས་སོགས་དག་ནོར་ཧ་ཅང་མང་བའི་ཡིད་གཟབ་ཞུ། ལྷག་པར་དུ་ང་ཚོའི་གང་ཡང་འཇོན་རྒྱུ་མེད་པའི་གཞིས་ལུས་རྣམས་རྟན་སྲེད་དོན་དུ་སྐུ་ལུས་བཏང་ཚེ་དགེ་མཚན་ཆེ་ཞིང་ཕྱི་མ་ངན་སོང་མེད་སྐོར་བརྗོད་ཀྱི་འདུག་པའི་ རེ་བ་དང་ཡིད་ཆེས་སྟོང་གི་ཕྱུག་པའི་གཞིས་ལུས་རྣམས་ནས་མི་ཁ་ཤས་དང་ཚོགས་པ་ཁ་ཤས་ཀྱིས་རང་གི་ཁེ་ཕན་ཆེད་ཁྲབ་གི་ཡོད་པ་ནི་ག་ལ་ཤེས་ བོད་རྟན་སྲེད་དོན་དུ་ཡིན་ནང་ཤར་ཏེ་མི་མང་པོའི་གཅེས་པའི་ཚེ་སྲོག་འཕྲོ་རླག་འགྲོ་འཞིན་འདུག་པའི་བྱ་བ་དི་དག་འཚམས་འཇོག་ཡོང་བའི་གསལ་བསྒྲགས་གང་མང་སྤེལ་རོག་ཞུ། རྒྱུ་མཚན་གང་ལགས་ཞི་ན་བོད་མི་སྟོང་ཁྲག་གིས་ལུས་མེ་ལ་སྒྲོན་རུང་རྒྱ་མིའི་སྣང་བ་ཙམ་གཏོང་མི་སྲེད་ལ་ རྒྱལ་ཁབ་ཉུང་ཤས་ཀྱི་འབོད་བསྐུལ་ལ་དེ་བའི་སྣང་བ་ག་ལ་གཏོང་ ད་ནི་གཞིས་ལུས་རྣམས་ཀྱི་གཅེས་པའི་ཚེ་སྲོག་འཕྲོ་རླག་མི་འགྲོ་བའི་ཐབ་ལམ་ལ་འབད་པ་འཚལ་ཞེས་ཞུ་བ་ལགས།།
3 ༠༩༢༠༡༡༠༩༤༧
དག་ཡིག་སོག་སྦྱོར་ལྡེབ་གང་ཡང་མི་ཤེས་མཁན་ཞིག་ཡིན་པས་དྲ་བདག་ནས་དགོང་ཡོང་མནང་བ་ཞུ་ བརྗོད་བྱ་གཙོ་བོ་ནི་ཡང་ཆུ་དགོང་གསར་རྙིང་བཤད་ཡང་གིས་འདུག་ན་བཤད་མཁན་ཁོ་རང་ཀྲུག་ཤིང་རྒྱག་མཁན་ཞི་མིན་ནམ་ ཆུ་དགོང་གསར་རྙིང་ཕྱེ་མི་དེ་སུ་རེད་ བོད་བསྟན་སྲིད་ཀྱིས་དོན་ལ་མ་རེད་ ད་གང་རེད་ཟེར་ན་སྡ་རམ་ས་ལའི་མི་དྲག་བླ་དྲག་དེ་ཚོའི་ལྡན་ཐོབ་བརྩོད་ས་ཆོལ་ཁ་དང་ཆོས་ལུག་བེ་སྤྱོད་བཏངས་ས་བྱེས་ནས་ད་བར་བོད་དོན་མཐུས་ཤོར་སོང་བ་རེད་ མཐུས་ཤོར་སོངས་བ་རེད་ཟེར་མཁན་ཁོ་རང་མཐུས་ཤོར་བཟོ་མི་གཙོ་བོ་དེ་རེད་ ཆོས་ལུག་གཅིག་བསྒྲིལ་ ཆོར་ཁ་དབྱེར་མེངད་ རྒྱ་མའི་སོ་པ་ ཐེ་ཝན་ཕོག་ཟན་ ཨ་ལོ་ཆོས་མཛེད་ དཀའ་ཐོག་ཞིང་སྐྱོང་ དོན་དག་ཆུང་ཚག་དེ་དག་ལ་ཁ་བསྟད་ཆེན་པོ་ཞིག་བཟོས་ནས་དུས་ཚོད་འཕྲོག་བརླགས་བཟོས་པ་རེད་ དེ་ནས་གཏམ་དཔེ་ལ་ཧོར་རྒན་ཐུལ་ཚེ་འཇང་རྒན་ལོང་ཟེར་བ་ལྟར་དོ་རྒྱལ་གྱིས་གནས་ཚུལ་དང་གཏམ་ནིའུ་ལི་ཡིས་འཆེང་བ་བཅས་དོན་པ་རེད་ ད་ག་རེ་སྤྲུག་བསམ་འདུག་ ཨ་འབྲུག་མགོན་པོ་ ལེ་ཐོང་ཨ་ཐར་ འཇུ་ཆེན་ཐུབ་བསྟན བསོད་ནམ་སྟོབས་ལྡན་ ཁོང་ཚོ་བོད་སྟན་སྲིད་ལ་ཕན་པ་བསྒྲུབ་ཡོད་ཀྱང་ལ་ལ་དཀར་ནག་ཕྱིན་གྱི་ལོག་པའི་མི་ནག་བཟོས་སོང་ངམ་ ད་རུང་བོ་བཙན་བྱོལ་གཞུང་དེ་གནས་མའི་སྤྱི་འཐུས་བསྒྲིགས་འཛུག་ལ་རག་ལས་དུས་འདི་ལོ་འོས་འཕེན་སྐབ་མི་དམངས་ཀྱིས་ལྷག་བསམ་དེ་སུའི་ཆོ་ཁ་ལ་འདུག་ཤེས་སོང་ངམ་ ཡང་ཁ་སོང་གཞོན་ལྷན་ནས་ལྷ་ཀླུ་མདས་གྲོང་སོང་བ་ལ་གདུང་སེམ་མཉམ་བཅེས་ཡོད་པའི་དྲ་རྒྱ་ལ་དཀོས་སོང་བ་དེ་ཧ་ཀྱང་བློ་ཕམ་བྱུང་ གང་ལག་ཟེར་ན་ལྷ་ཀླུ་བདུད་བློན་ཁྲ་ཡིས་མགོ་ཅན་གྱིས་སྤྲུལ་ཡིན་མགོ་ལ་ཁྲ་ཡིས་སྤུ་ཡོད་ཀོབ་ལ་རྔ་མ་ཡོད་ ར་བསྦྲིང་ཁྲི་ཆེན་བཀྲོང་མཁན་གྱི་ནི་ནག་གཏེ་པོ་དེ་རེད་ ར་བསྒྲིང་ཁྲི་ཆེན་དེ་སྐུ་ཚེ་ཟིན་བོད་དེ་ཆུས་ཤོར་པའི་ལུང་བསྟེན་གསལ་བོ་ཡོད་ ད་རུང་དཀར་ནག་ཕྱིན་གྱི་ལོག་དུ་མི་འགྲོ་བ་ཞིག་བྱུང་ན་བདེན་མཐའ་ཞིག་ཡུང་རེ་ལོས་ཡོད་།
མདོ་ཁམས་མི་མང་ལ་བསམ་ཚུལ་ཐུང་ངུ་ཞིག་ཞུས་ན་བསམ། བར་ལམ་ཁམས་པ་ནང་ཁུལ་དུ་ཆུ་སྒང་གསར་རྙིང་གཉིས་སུ་གྱེས་ཏེ་ཕལ་ཆེ་མི་ལོ་༡༥་ལྷག་ཙམ་ཕྱིན་ཡོད། དེ་ལ་བརྟེན་ནས་བོད་རྒྱལ་ཁབ་དང་མདོ་ཁམས་མི་མང་སུ་ལའང་ཁེལ་མ་རག་པའི་ཐོག་མདོ་ཁམས་མི་མང་དེ་ཆབ་སྲིད་པ་རེ་གཉིས་ཀྱི་སྲིད་དོན་གྱི་ཟློས་གར་འཁྲབ་སའི་སྡིངས་ཆ་ཞིག་ཏུ་གྱུར་ཡོད་པ་གསལ་བཤད་མ་དགོས་པ་མཁྱེན་གསལ་རེད། ཡིན་ནའང་རྣམ་དཔྱད་འཇུག་པ་ཤིན་ཏུ་ཟབ་པའི་སྐུ་ངོ་འཇུ་ཆེན་དམ་པ་ཁོང་གི་སྐུ་དྲིན་ལས་མདོ་ཁམས་རྒྱ་ཆེ་མང་གི་གཅིག་སྒྲིལ་ལ་དེ་ཙམ་གནོད་སྐྱོན་བཟོས་ཐུབ་མེད། དེ་ནི་མདོ་ཁམས་མི་མང་ལ་ཕུལ་བའི་དཔའ་རྒོད་འདས་པོ་ཁོང་གི་བྱས་རྗེས་ཞིག་རེད། ཡིན་ནའང་མ་འོངས་པ་མདོ་ཁམས་མི་མང་གི་ངོས་ནས་གཟབ་གཟབ་མ་བྱས་ན་ཉེས་ཁ་ཆེན་པོ་རེད། རྒྱ་བོད་གཉིས་ཀྱི་རྙོག་འཛིན་ཅན་གྱི་ལོ་རྒྱུས་འདི་ལྟ་བུ་ཡང་ཕན་ཚུན་གདོང་ཐུག་ཏེ་སྐད་ཆ་བཤད་རེས་བྱས་ཏེ་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་འཚོལ་བཞིན་ཡོད་པ་ལ། སྤུན་ཟླ་ལྟ་བུའི་མི་རིགས་གཅིག་ཆོལ་ཁ་གཅིག་གི་དཀའ་རྙོག་ཆུང་ཆུང་ཞིག་དབུ་བཞུགས་རྣམས་པ་ཕན་ཚུན་གདོང་ཐུག་ཏེ་བཀའ་མོ་གནང་ན་སེལ་མ་ཐུབ་པའི་གལ་གནས་ཆེ་བའི་བྱ་བ་དང་བསམ་ཚུལ་ཡོང་མི་སྲིད་པ་ལྟ་བུ་རེད། ཡིན་ནའང་མི་སྣ་འགའ་ཤས་ཀྱི་བསམ་བཞིན་དུ་རྙོག་སྒྲ་བཟོ་གི་མེད་དམ་སྙམ། བླུན་རྨོངས་བདག་གིས་རེ་བ་ལ་ཕྱིན་ཆད་རྙོག་སྒྲ་འདི་གཙང་མ་ཞིག་བཟོ་རྒྱུའི་ཐོག་ཆུ་སྒོང་གསར་རྙིང་གཉིས་ཀྱི་རྒྱུན་ལས་རྣམ་པ་དང་མདོ་སྟོད་སྤྱི་འཐུས་རྣམ་པས་འགན་འཁྱེར་ཙམ་བཞེས་ཏེ་གང་མགྱོགས་ཐག་གཅད་ཡག་པོ་ཞིག་ཡོང་བའི་རེ་བ་དང་སྨོན་ལམ་ཞུ།
དྲ་ནང་གི་སྤུན་ཟླ་ཚོ། གནས་ལུགས་ལ་རྗེས་འདེད་བྱེད་ན་རྣམ་དཔྱོད་ཡོད་པའི་རྟགས་ཡིན་ལ། བློ་སྒོ་འབྱེད་པའི་ཐབས་ལམ་ཡང་ཡིན་ངེས། ཤམ་བྷ་ལའི་ཕོ་ཉ་ཞེས་པའི་མིང་གི་ཡི་གེ་རབ་ཏུ་ལྕི་བ་དེ་དོན་དང་ལྡན་པ་ཞིག་ཀྱང་གྱུར་ངེས། ཤམ་བྷ་ལའི་ཕོ་ཉ་ཞེས་པའི་མཛེས་སྡུག་ལྡན་པའི་གླེང་སྟེགས་འདི་དོན་གྱི་འབྲས་བུ་ཕུན་སུམ་ཚོགས་པར་ཞིག་ཏུ་གྱུར་བ་ཡིན་ན། དེ་ནི་ང་ཚོའི་བསམ་བློའི་སྟོབས་ཤུགས་མཚོན་ཐུབ། གལ་ཏེ་ང་ཚོས་གཅིག་གིས་གཅིག་ལ་སྐྱོན་མཚང་འབྱིན་བ༼ གྲྭ་ལོག་སོགས་ ༽ བརྗོད་རེས་བྱེད་སྡོད་ན་མཛེས་སྡུག་ལྡན་པའི་ཤམ་པ་ལའི་ཕོ་ཉ་དེ་ཁྱི་ལ་སེང་ལྤགས་གཡོ་དང་གཉིས་སུ་མེད་པར་གྱུར་ངེས། དེས་ང་ཚོའི་རྣམ་དཔྱོད་རྟུལ་བ་དང་ཤེས་རབ་དམན་པ། མི་དང་མིའི་བར་གྱི་འདུ་ཤེས་དམན་པ། མི་གཤིས་ངན་པ་སོགས་མཚོན་གྱི་ཡོད། བདག་གི་རེ་བ་ལ་གནས་ལུགས་ལ་རྗེས་འདེད་བྱེད་མཁན་དང་། གནས་ལུགས་ལ་བརྩི་འཇོག་བྱེད་མཁན། གནས་ལུགས་གནས་ལུགས་སུ་མཐོང་མཁན་ཇི་སྙད་ཅིག་ཤམ་པ་ལའི་ལྡུམ་རའི་ནང་དུ་ཕེབས་པའི་རེ་བ་ཡོད།



བརྗོད་གཞི་གཞན་ཁག་ལ་གཟིགས།