༼ རྣམ་ཤེས་འཁྱམ་པོ་་ ༽

དྲ་གྲོགས་ཚོའི་གཟིགས་དང་།
གུས་པས་དྲ་གྲོགས་རྩོམ་པ་པོ་ལི་ཐང་ངག་དབང་དབྱིག་གཉེན་ལགས་ཀྱིས་༼རྣམ་ཤེས་འཁྱམ་པོ་་༽ཟེར་བའི་དེབ་ཆུང་ཞིག་དཔར་སྐྲུན་བྱས་ཡོད་པས་སྤྲོ་བ་ཤིན་དུ་ཆེ།

༼རྩོམ་པ་པོ་ངོ་སྤྲོད་སྙིང་བསྡུང་ ༽ དེབ་འདིའི་རྩོམ་པ་པོ་ལི་ཐང་ངག་དབང་དབྱིག་གཉེན་ནམ་མིང་བཞིན་༼ལི་སྨྱོན་མ་ཧཱ་ཀཱ་ལ་༽ཟེར་གྱི་ཡོད་།

༡༩༨༨ལོར་ཁམས་ལི་ཐང་གྱོང་པ་བྱེས་པ་གྲོང་དུ་ཕ་བསོད་ནམས་དབང་རྒྱལ་དང་མ་རིག་འཛིན་དབང་མོ་གཉིས་ཀྱི་སྲས་སུ་སྐྱེས་ཤིང་། རང་ལོ་བདུན་ནས་བཟུང་སེར་མོ་བའི་གྲས་སུ་ཞུགས་ནས་སློབ་གཉེརགནང་མྱོང་།

རང་ལོ་བཅུ་ནས་ལི་ཐང་དགོན་ཆེན་གྱི་མཁན་ཟུར་གཙང་ཤུལ་བླ་མའི་མདུན་དུ་དགེ་ཚུལ་གྱི་སྡོམ་པ་ཞུས་ནས་ལི་ཐང་དགོན་ཆེན་ཆོས་སྒོར་ཞུགས་ཏེ་ཡི་གེའི་སྦྱོར་ཀློག་ནས་བཟུང་འདོན་རྟ་དབྱངསབར་གྱི་དགོན་པའི་ཆོ་ཁ་ཕྱག་ལེན་ཡོངས་རྫོགས་སྦྱངས་འབྲས་མི་དམན་པ་ཞིག་སྐལ་བཟང་གི་གོ་སྐབས་ཐོབ་།

རང་ལོ་བཅུ་དྲུག་ཐོག་རྒྱ་གར་དུ་འབྱོར་ནས་གོང་ས་མཆོག་གི་གསེར་ཞལ་དངོས་སུ་མཇལ་བ་མ་ཟད་། དཔལ་ལྡན་འབྲས་དཀར་སྤངས་པའི་མཁས་མང་བློ་གསལ་བྱེ་བའི་གླིང་གྲཱ་ཚང་དུ་ཆོས་སྒོར་ཞུགས་ཏེ་། དགེ་བའི་བཤེས་གཉེན་ཆེན་པོ་དང་ཆོས་གྲོགས་ཚོའི་བཀའ་དྲིན་ལ་བརྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་ཚུལ་བཞིན་དུ་གནང་བ་མ་ཚད་།

ཞོར་དུ་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་དཔྱིས་ཕྱིན་པར་སྦྱངས་ནས་རིགས་གནས་ཀྱི་རྨང་གཞི་གཏིང་ཚུགས་ཐུབ་པ་བྱུང་ཡོད་།མ་ཚད་ཡང་དུས་དེབ་དང་གསར་ཤོག་བོད་ཕྱི་ནང་དྲ་ཚིགས་བཅས་རྩོམ་ཡིག་གང་མང་སྤེལ་དང་སྤེལ་བཞིན་པ་ཡིན་།  ཁོང་གི་ལོ་རྒྱུས་མདོ་བསྡུས་ཙམ་ལས་གཞན་བྲིས་ཐུབ་མེད་།

༼ དཀར་ཆགས་༽
༡༽གོང་ས་མཆོག་ལ་བསྟོད་ཚིག་མེ་ཏོག་ཕྲེང་བ་།
༢༽ཁྱེད་ཀྱི་བཀའ་དྲིན་ནམ་ཡང་བརྗེད་དུ་མེད་།
༣ ༽རྗེས་དྲན་མིག་ཆུ་དགུ་འཐོར་ཡང་ཡང་འདིར་ཤོར་ཐལ་།
ཟེར་བ་སོགས་ཁག་བཅུ་དྲུག་ཡོད་པས་ཐུགས་འདོད་ཡོད་མཁན་ཚོའི་
email This e-mail address is being protected from spambots, you need JavaScript enabled to view it
འབྲེལ་བ་བྱས་རོགས་།
ཁོང་གི་དྲ་གྲོགས་བསྟན་འཛིན་འཕགས་པ་ནས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།