ལ་རྒྱའི་གླུ་བཞས།

དྲ་གྲོགས་ཚོར་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ། ད་ལེན་འདི་གར་བོད་ཀྱི་གླུ་པ་གྲགས་ཆེན་འགའ་ཡི་གཞས་ཚིག་ཕབ་བཤུས་ཞུས་ཡོད། ཉི་མའི་གྲོང་གིས་བྱ་ཁྱུ། ཁ་བ་འབབ་ཐེངས་ཤིག་གིས། བྱ་ཁྱུ་ལྷོ་ལ་འཕུར་སོང་། ལྷོ་ཕྱོགས་བདེ་ལྡན་ཞིང་ལ། མི་འཇིགས་སྨོན་ལམ་བཏབས་ཡོད།། །དང་པོ་གངས་རིའི་འདབས་ནས། ལས་འབྲས་སྨོན་ལམ་བཏབ་སོང་། རིགས་མཐུན་བྱ་ཁྱུ་དཀར་པོ། ཉི་མའི་གྲོང་ལ་འཕུར་སོང་།། ང་ཡི་བྱ་ཁྱུ་དཀར་པོ། རྒྱང་རིང་ཡུལ་དུ་འཕུར་སོང་།

ཁ་ཆར་བུ་ཡུག་རྒོད་ཀྱང་། བྱ་ཁྱུའི་གཤོག་རྡང་མ་འཐོར།། །ཉི་མའི་གྲོང་གིས་བྱ་ཁྱུ། རི་ཆུའི་ཕ་མཐ༷འ་བརྒལ་སོང་། མཛའ་མཐུན་གཤོག་རྡང་བར་ནས། ལ་རྒྱའི་ཁ་དོག་མ་འགྱུར།། བྱ་ཁྱུ་དགུངས་ལ་འཕུར་ཡང་། འབབ་ས་གང་བསྟོད་འདི་ཡིན།

ལུས་པོ་སོ་སོར་གནས་ཀྱང་། སེམས་ཀྱི་དམིགས་མདུན་གཅིག་ཡིན།། དྲ་གྲོགས་ཚོས་བཅོས་མིན་གྱི་རྩེ་སེམས། འགྱུར་མེད་ཀྱི་དམ་བཅའ་རེ་བཞག་སྟེ། ལྷད་མེད་ཀྱི་དྲན་སེམས་ཀྱི་ཚོར་བ། དོན་མེད་ཆུད་ཟོས་སུ་མི་འགྲོ་བའི། ངེས་ཤེས་ཀྱི་གནས་ལུགས་རེ་གསུང་དང་། བག་མེད་ལེ་ལོའི་ངང་དུ་གནས་པའི། མི་ཚེའི་དོན་གོ་རེ་ཆོད་ངེས།།

བོད་དོན་བག་ཡོད།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༢༨༢༠༡༢༡༧༥༨
ལ་རྒྱའི་གླུ་གཞས་འདི་བཏང་མཁན་སུ་ཡིན་ནམ་
1 ༢༨༢༠༡༢༡༦༠༣
བོད་རྒྱལ་ླབ་དང་མི་རིགས་ཀྱི་ཆཻད་དུ་གླུ་གཞས་བཏང་གནང་བ་ལ་ཡི་རངས་བསྔགས་བརྗོད་ཡོད་



བརྗོད་གཞི་གཞན་ཁག་ལ་གཟིགས།