བློ་བཟང་སེངྒེ་ཕམ་ཀྱང་དུས་རབ་ཀྱི་ན་གཞོན་ཕམ་པ་མིན།

དེང་བཙན་བྱོལ་སྤྱི་ཚོགས་སྟེང་བཀའ་བློན་ཁྲི་བའི་འོས་དམིགས་འཐད་དགོངས་ཚུལ་སྣ་མང་དང་དྲི་བསྒྲགས་རྦ་རླབས་ཆེ་ཆེར་གཡོ་བཞིན་དེ་ཡི་ནང་ནས་མཁས་དབང་བློ་བཟང་སེངྒེའི་བསྐོར་ལ་དྲྭ་རྒྱ་དག་ཏུ་གནས་ཚུལ་མང་ཤོས་དང་བགྲོ་གླེང་འཁྲུགས་ཤོས་མཛད་བཞིན་པ་ནི་དྲྭ་གྲོགས་ཚང་མས་མཁྱེན་གསལ་ཡིན།  ངས་འདིར་ཁ་བརྡ་དྲྭ་བ་དང་དུས་བབ་དྲྭ་བ་དག་ཏུ་དྲྭ་གྲོགས་འགའ་རེའི་དགོངས་ཚུལ་འགྲེལ་བརྗོད་དང་གླེང་སློང་ཅུང་ཞུ་འདོད་པ་ཇི་བཞིན་སྨྲ་བརྗོད་ཀྱི་རང་དབང་ལ་ལོངས་སྤྱོད་རྒྱུ་ཡིན་པས་དྲྭ་གྲོགས་རྣམས་ཕྲན་གྱི་བསམ་ཚུལ་ལ་ནོར་འཁྲུལ་ཡོད་ན་ཡོ་བསྲང་ལེགས་སྤེལ་ཉེས་འགོག་གིས་བཀའ་སློབ་གནང་རོགས་ཞེས་ཞུ་རྒྱུ་ཡིན།།

༡༽ དྲྭ་གྲོགས་ཁག་གཅིག་གིས་མཁས་དབང་བློ་བཟང་སེངྒེ་ལགས་ནི་བཀའ་བློན་ཁྲི་བར་མི་འོས་ཏེ་ཁོང་ནི་ཁྲིམས་ཀྱི་སློབ་སྦྱོང་ཐོག་མཐོ་རིམ་སློབ་གསོ་ཐོབ་པའི་མི་སྣ་གྲགས་ཅན་ཞིག་ཡིན་ནའང་གཞུང་འཛིན་ཉམས་མྱོང་གི་དབུལ་བའི་སྤྲང་པོ་སྤྲང་ཀྱང་ཞིག་ཡིན་པར་རྟེན་བཀའ་ཁྲིའི་འོས་བབ་མིན་འདུག་ཟེར།

༢༽ཡང་དྲྭ་གྲོགས་གཅིག་ནས་འདི་ལོ་བཀའ་ཁྲིའི་གོ་སྐབས་གཞོན་སྐྱེས་ཤིག་ལ་སྤྲད་ནས་བསླབ་པ་བགྲེས་པ་རྣམས་ཞལ་ཞུགས་པའི་དུས་འདིར་གཞོན་སྐྱེས་རྣམས་ལ་ཉམས་མྱོང་བསོགས་བཅུག་དགོས་ལུགས་དང་། མ་འོངས་གཞོན་སྐྱེས་རྣམས་ཀྱི་ཕྲག་སྟེང་ཏུ་ལྷུང་བར་ངེས་པའི་བོད་བསྟན་སྲིད་ཀྱི་འགན་དབང་དེ་འཁྱེར་ཐུབ་པར་ད་ལྟ་ནས་སྦྱོང་བརྡར་སྤྲོད་དགོས་ལུགས་ཀྱི་དགོངས་ཚུལ་གསུངས།།

༣༽སྐབས་འདིར་བཀའ་ཁྲིའི་འོས་ཤོག་མཁས་དབང་བློ་བཟང་སེངྒེར་མ་ཐོབ་ན་བོད་ཀྱི་མི་རབ་གསར་པའི་གཞོན་སྐྱེས་ཡོངས་ལ་ཕམ་ཁ་དང་མ་འོངས་བོད་མི་རིགས་ཀྱི་ཁ་ཕྱོགས་བོར་བ་སོགས་ཀྱི་དགོངས་ཚུལ་གསུངས།

གོང་གི་སྐད་མོས་འདི་རྣམས་ལ་གུས་པས་འགྲེལ་བརྗོད་དམ་ཕྱོགས་སྡོམས་ཀྱི་བསམ་ཚུལ་འགའ་ཞུས་ན།  །སྤྱིར་ལས་དོན་གང་བྱེད་ཀྱང་ལས་ཀ་དེར་ཉམས་མྱོང་ངམ་ཆ་རྒྱུས་དགོས་པ་བདེན་ཀྱང་ཐོག་མ་ནས་ཉམས་མྱོང་ཡོད་མཁན་གྱི་མི་བུ་ཞིག་གང་དུ་ཡོད།  ཡོད་མི་སྲིད། དེ་ཡང་དམག་དཔོན་ཞིག་ལ་ཆ་བཞག་ནས་བཤད་ན་དམག་ལ་ཐེངས་མང་བཞུགས་ཏེ་བྱས་རྗེས་རླབས་ཆེན་བཞག་ནས་རིམ་པས་དམག་དཔོན་གྱི་གོ་གནས་ཐོབ་པ་ལས་དམག་གི་སློབ་སྦྱོང་མཐོན་པོ་བཅད་པའི་རྒྱུ་མཚན་གྱི་དམག་དཔོན་ཆེན་པོའི་གོ་གནས་རེག་པ་ཞིག་འཇིག་རྟེན་འདིར་ཡོད་མི་སྲིད།  དེ་བས་ཀྱང་བཀའ་བློན་ཁྲི་བའི་སྐུབ་སྟེགས་དེ་ཉམས་མྱོང་འདོན་ས་ཞིག་ཡིན་པ་ལས་ཉམས་མྱོང་གསོག་ས་ཞིག་ལ་ངེས་འཛིན་བྱས་པ་ཡིན་ན་ཧ་ཅང་ལྐུག་པ་ཡིན། དེ་ཡང་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་བོད་ཀྱི་ཆོས་དང་རིག་གཞུང་རྒྱུད་འཛིན་ཇི་ལྟར་ཐུབ་མིན་དང་འབྲེལ་བ་ཡོད་པ་ཡིན་པས་སྣང་ཆུང་ཁྱད་བསོད་བྱས་ན་རང་ཉིད་ལ་དྲིན་ཆུང་ཞིག་མ་ཡིན་ནམ།

སྐབས་ད་རེས་མཁས་དབང་བློ་བཟང་སེངྒེར་རྒྱལ་ཁ་ཐོབ་རེ་ཡོད་ཀྱང་། ག་ཏེ་ཕམ་པའི་དབང་དུ་བཏང་ཀྱང་བོད་ཀྱི་དུས་རབ་གསར་པའི་ན་གཞོན་ཕམ་པ་ཞིག་མིན་ལ་དེ་བས་བོད་ཀྱི་བདེ་སྐྱིད་གཏན་ཟད་དུ་ཕྱིན་པ་ཞིག་ལ་ངོས་འཛིན་ནམ་ཡང་ཞུ་མི་ཐུབ་པ་ཡིན།  སྤྱིར་ལན་གཅིག་ཕན་པ་རྒྱལ་ཁའི་རྩ་བ་ཡིན་པའི་གཏན་ཚིགས་ཞིག་ཡོད་པ་མ་ཡིན་ནམ། ཕན་མཁན་ཞིག་མེད་ན་རྒྱལ་ཁ་ཞེས་པའི་ཐ་སྙད་ཇི་ལྟར་ཐོབ་བམ། མི་རབ་གསར་པའི་ན་གཞོན་ནི་ཁོག་རྒྱ་ཆེ་བཞིན་སྙིང་སྟོབས་ལྡན་ལ་ཞིག་དགོས་པ་ལས་བསམ་མེད་སྙིང་མེད་མདར་མ་ཞིག་ལ་མི་རབས་གསར་པའི་མཚན་སྙན་མི་ཐོབ་པས་མི་རབས་གསར་པའི་ན་གཞོན་རྣམས་ནས་དགོངས་པ་རྒྱ་ཆེ་ས་ནས་བཞེས་དགོས་སོ་ཞེས་གུས་པས་ཞེན་སྐུལ་གྱི་ཚུལ་དུ་ཕུལ་བའོ།། །།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (27)
ད་བར་དུ་ངས་ཞིབ་ལྟ་བྱས་ཀྱང་ཤམ་བྷ་ལའི་དྲ་ངོས་འདིར་དཔྱད་འོས་ཅན་གྱི་རྩོམ་དང་བསམ་འཆར་འདོན་མཁན་གཅིག་ཀྱང་མི་འདུག འདི་འདྲའི་དོན་མེད་ཀྱི་གཏམ་འཆལ་འཕེན་སའི་དོ་ར་དང་། ཕན་མེད་ཀྱི་ཡིག་རྙོག་གསོག་སའི་གཙོག་སྣོད་དང་། ཆགས་སྡང་གི་འཐེན་ཁྱེར་སའི་གར་སྟེགས་འདི་ཉིད་བཞག་ནས་དེ་ལས་ཀྱང་གནས་སྐབས། ཁ་བརྡ་དང་། གཡུ་ཞུན། འོད་དཀར་དྲ་ཚིགས་སོགས་སུ་ཁ་ཕྱོགས་བསྒྱུར་ན་ཡག་ས་རེད། ལར་ནི་འཐབ་བཞིན་པའི་ཤམ་བྷ་ལའི་དྲ་ཚིགས་འདི་ནི་ཡ་རབས་བཟང་སྤྱོད་ཀྱི་སློབ་སྟོན་པ་མེད་ནས་མ་རབ་ངན་ལང་དུ་ཤོར་བའི་ཕ་མེད་ཀྱི་དྭ་ཕྲུག་ཞིག་དང་ཅིས་མི་མཚུངས། ཁ་བརྡ་ཚང་སོགས་དྲ་བདག་བཟང་སྤྱོད་ཅན་རྣམས་ནས་དྲ་ལམ་ཞིབ་འཇུག་བྱས་ཞིང་དོན་མེད་ཆོལ་ཁའི་འཐེན་ཁྱེར་དང་མ་ཟད་སྒེར་གྱི་འཁོན་འགྲས་སོགས་ལ་སྟངས་འཛིན་ནན་མོ་བྱེད་བཞིན་འདུག ལར་ནི་ཁྱོད་རང་གིས་ཚོང་ཁང་སྒོ་ཕྱེ་ཤེས་པ་ཙམ་གྱིས་ཁྱེད་རང་གི་འདོད་དོན་ངོ་མ་དེ་འགྲུབ་མེད། ཁྱོད་རང་གི་འདོད་དོན་ངོ་དེ་ཚོང་གི་ཁེ་སང་ཡིན། ཚོང་ཁང་ནང་གི་ཅ་དངོས་ལ་སྤུས་ཚད་ཡག་པོ་མེད་ན་ཉོ་མཁན་མེད་པ་ཕར་ཞོག་ཡོང་མཁན་ཡང་མེད། ཉོ་མཁན་མེད་ན་ནམ་ཞིག་ཁྱོ་རང་གི་ཚོང་ཁང་དེ་བདག་མེད་ཡུག་ས་མོ་ཞིག་ཏུ་འགྱུར་ཉེན་ཡོད། དེ་བས་ཁྱོད་རང་གི་དྲ་ཚིགས་འདི་མི་རིང་བར་སྤྱི་ཚོགས་ཁྲོད་དུ་འཐོང་དང་གཟི་བརྗིད་ཡོད་པའི་བདེན་དོན་དྲང་བདེན་གླེང་སྟེགས་ཀྱི་ཤེས་བྱའི་ལྡུམ་ར་ཞིག་ལས། ཚིག་ངན་གྱི་འདའ་མོ་འཕེན་ཅི་ཐུབ་བྱེད་ཅིང་། ཕྱོགས་ལྷུང་གིས་དམག་འཁྲུགས་བཀྱེ་སའི་གཡུལ་ས་ཞིག་ཏུ་མི་འགྱུར་བའི་རེ་བ་ཡོད།
ངོས་ནས་ལྷག་བསམ་ཡིན་ཁུལ་གྱིས་ཞུས་པའི་ཚིག་དུམ་འདི་ཉིད་ལེགས་སྤེལ་ཉེས་འགོག་གི་བསླབ་བྱ་སྨན་ཡོན་དགེ་བ་ཅན་ཞིག་ལས། ཆགས་སྡང་འཁྲུགས་པའི་རྒྱུ་མེ་འབར་བའི་ཐོག་ཏུ་སྣུམ་གྱིས་གསོས་གཏབས་པ་ལྟར་མི་འགྱུར་བའི་རེ་བའང་ཡོད་ལ། ངོས་ཀྱི་བདེན་པའི་ཚིག་དུམ་སློབ་དཔོན་ཆེན་པོ་འདི་ཉིད་ཁྱེད་ཀྱི་དྲ་ངོས་སུ་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་ཞིག་ཀྱང་ཡོད།
26 ༠༢༢༠༡༠༡༣༠༥
དེ་དག་ལ་འང་ཞེས་ཕྲིས།། མཁས་མདོག་ཅེས་ཕྲིས།། ཉིད་ཀྱིས་ཞེས་ཕྲིས།། ཡིག་ཕྲེང་ཞེས་ཕྲིས།། དོན་དངོས་ཞེས་ཕྲིས།། ཕན་ཐོགས་ཞེས་ཕྲིས།། འདུན་པ་ཞེས་ཕྲིས།། ཡོད་མཁན་ཞེས་ཕྲིས།། སློབ་མ་ཁྱོས་ངེས་དགོས་པ་ཞིག་ལ་ཕྲིས་ཞེས་པ་འདི་སྐུལ་ཚིག་ཡིན་པ་དང་།། ནམ་རྒྱུན་དག་ཆ་ལ་དོ་སྣང་བྱེད་དགོས་པ་དེ་ཡིན།། དུས་ཚོད་དང་སྒོར་མོ་བཅས་བྱུང་ན་དགོས་ངེས་ཀྱི་དྲི་བར་ལན་གདབ་ཆོག།
25 ༠༡༢༠༡༠༡༩༢༥
བཟོད་པ་ལྷ་རྩེ་
གྲགས་རྣམ་ལགས་ཁྱེད་ཀྱིས་དག་བཅོས་གནང་བ་ཐུགས་རྗེ་ཆེ། འོན་ཀྱང་དག་བཅོས་གནང་བའི་རྒན་ལགས་ཁྱེད་ཀྱི་ཕྱག་ཡིག་དེ་དག་ལང་དག་བཅོས་ཞིག་དགོས་པས་མི་མཁས་མཁས་དོགས་མ་གནང་ན་ལེགས། དཔེར་ན་ཉིད་ཀྱི་དག་བཅོས་བྱས་པའི་ཡིག་འཕྲེང་གཉིས་པོའི་ནང་ཡིག་ནོར་གྲངས་དྲུག་འདུག་པས་དེ་དག་ལ་ཡག་པོ་གཟིགས། དེ་དངོས་ཀྱི་གནས་ཚུལ་གཞན་ཞིག་ཞུ་རྒྱུར་བདག་གི་ཟིན་བྲིས་ནང་དགོས་ངེས་ཀྱི་དྲི་བ་ཞེས་པ་ཞིག་བྲིས་ཡོད་པས་དགོངས་ཚུལ་གསུངས་སམ་བཀའ་སྐྱོན་གང་ཡོད་ཀྱང་གནང་རྒྱུར་དགའ་བསུ་དང་། སྤྱིར་དྲྭ་རྒྱའི་ནང་བཀའ་སྐྱོན་མང་ཙམ་གམང་བ་ཡིན་ན་ཡར་རྒྱས་ལ་ཕན་དོགས་ངེས་ཅན་ཡོངས་བའི་མདུན་པ་ཡོད་གན་ཞིག་ཡིན།
24 ༠༡༢༠༡༠༡༨༣༣
ལྷ་རྩེ་ལགས།། གདམས་པ་ཞེས་ཕྲིས།། ྱགནང་བར་ཞེས་ཕྲིས།། རྐྱེན་གྱིས་ཞེས་ཕྲིས།། གཟུར་བོར་ཞེས་ཕྲིས།། གྲགས་རྣམ་ཞེས་ཕྲིས།།    ཁྱེད་ཀྱིས་ཞེས་ཕྲིས།། གོ་དགོས་པ་ཞིག་ལ།། ལྟ་བ་དང་ལངས་ཕྱོགས་མ་མཐུན་པས་རྩོད་པ་བསླེབས་པ་དང་།། རྩོད་པའི་སྐབས་སྒྲུབ་བྱེད་་་་་་་རིགས་པའི་མདའ་མོ་དགོས་པ་ལས།། གསལ་བརྡ་ཞིག་གིས་ཅི་ཡང་མི་ཕན།།
23 ༠༡༢༠༡༠༡༧༥༨
བཟོད་པ་ལྷ་རྩེ་
གྲགས་རྣམས་ལགས་ཁྱེད་ཀྱི་བསམ་ཚུལ་གནང་བ་དགའ་བསུ་ཞུ། འོན་ཀྱང་ཁྱེད་དང་བསམ་ཚུལ་མ་མཐུན་པའི་རྐྱེན་གྱི་གོང་གི་རྩོམ་ཡིག་དེའི་དོན་མ་གོ་བ་ནི་བདེན་པ་རེད། འོན་ཀྱང་གསལ་བརྡ་ཞུ་རྒྱུ་ཞིག་ལ་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་མཐུན་མིན་གྱི་སྐུན་སློང་གཞི་མ་བྱས་ཏེ་དབྱེ་ཞིབ་བྱས་པ་ཡིན་ན་དེ་ནི་དུས་ནམ་ཡང་བདེན་པ་ཞིག་ཆགས་མི་ཐུབ། དབྱེ་ཞིབ་བྱེད་པར་གཟུར་པོར་གནས་པའི་བསམ་པ་ཞིག་ངེས་པར་དགོས།
22 ༣༡༢༠༡༠༢༠༡༡
ཡིག་ནོར་གྱིས་ཁེངས་པའི་རྩོམ་ཡིག་འདིར་ཧ་མ་གོ་བ་དང་དོན་མ་རྟོགས་པའི་རྣམ་འགྱུར་ཙམ་ལས་བློ་བསྐྱེད་དང།གཏན་ཚིགས་ཀྱི་རང་བཞིན་ལྡན་པ་ཞིག་གཏན་ནས་རེད་མི་འདུག།རྟོགས་དགོས་པ་ཞིག་ལ།ཉམས་མྱོང་ལ་                    ཐོག་མ་ཡོད་པ་དང།ཤེས་རིག་གི་རྒྱབ་རྟེནདང།གསར་དཏོད་ཀྱི་སྤོབས་པ།                 མི་རིགས་ལ་བརྩེ་བ་བཅས་མེད་ན།ལོ་བཅོ་ལྔ་ཉི་ཤུའི་ཉམས་མྱོང་གིས་ཅི་ཡང་མི་ཕན                 པར་དངོས་སྟོབས་རིགས་པས་སྒྲུབ་ཀྱི་རེད།
བོད་ཀྱི་རྒྱལ་དར་ནི་བོད་རྒྱལ་ཁབ་ཀྱི་སྣོད་བཅུད་མཚོན་བྱེད་ཡིན་ལ། གངས་སེང་ནི་སྙིང་སྟོབས་ལྡན་པའི་བོད་མི་མཚོན་བྱེད་ཡིན་པས་དེ་ལ་མཚོན་བྱེད་མི་དགོས་པར་མཚོན་བྱ་རང་བཞག་ན་དེ་ཙམ་མི་འོས་པ་མེད།
དུས་རབས་གསར་པའི་མིས་བསམ་བློ་གསར་པ་དང་གསར་གཏོད་ཞེས་ཐ་སྙད་སྣ་ཚོགས་ཞིག་འཚོལ་ཀྱང་། དོན་དངོས་ཀྱི་ལས་ལ་ཉམས་མྱོང་མེད་ན་ལྐུག་རྟགས་དང་གླེན་རྟགས་སྟོན་ཐག་གཅོད་རེད། གཞན་གྱི་གཡོ་བྱུས་ངོ་མ་ཤེས་པའི་མཐོ་སློབ་མིང་འཛིན་པ་དེ་དག་གིས་གནམ་ནས་ས་ལ་བློ་བཟང་སེངྒེ་ལྷུང་བ་བཟོས་སོང། ཉིན་ཤས་རྗེས་ཁོང་ཚོས་ད་དུང་འཁྲབ་གཞུང་གསར་མ་གང་ཡོད་མེད་ཤེས་འདོད་ཆེན་པོའི་ངང་འགུག་ནས་བསྡད་ཡོད། སྔ་མོ་བོད་ཀྱི་ཁ་དཔེར་ཉི་མ་རིང་དུ་རིང་དུ། རྩམ་པ་ཞིམ་དུ་ཞིམ་དུ། ཟེར་སྲོལ་དེ་དངོས་སུ་མཐོང་རྒྱུ་མང་དག་ཞིག་འདུག་གོ
སྙན་གྲགས་ལགས། བློ་བཟང་སེང་གེ་མཐོ་སློབ་གསུམ་གྱི་སློབ་མས་འཕྲིན་བཅོལ་དང་། བསང་གསོལ། རླུང་རྟའི་དར་ལྕོག་གང་སར་སྒྲོག་ཏེ་འོས་མི་གཞན་རྣམས་ཀྱི་དྲིལ་བསྒྲགས་ཀྱི་དར་ལྕོགས་མཐོང་རྒྱུ་མེད་པར་བཟོས་འདུག་ལ། བློ་བཟང་སེང་གེ་རླུང་རྟ་འཕར་ནས་བོད་ཀྱི་རྒྱལ་དར་གྱི་སེང་གེ་ཡང་ཆགས་ཚར་འདུག འདི་ནི་བློ་བཟང་སེང་གེ་རླུང་རྟ་ཡར་སྐྱེད་དང་། བསོད་ནམས་ཡར་འགྲོའི་སྐབས་མ་ཡིན་ནམ།
མཐོ་སློབ་གསུམ་གྱི་སློབ་མས་མཁས་དབང་བློ་བཟང་སེང་གེ་བསོད་ནམས་མར་འགྲོ་དང་། རླུང་རྟ་མར་འགྲོར་བཏང་འདུག་ལ། གྲྭ་བག་གྲོས་ཀྱང་བློ་བཟང་སེངྒེ་གནམ་དུ་ཡར་བཀྱག་ནས་མར་ས་ལ་བརྡབས་འདུག ལྷག་པར་སེ་ར་དགོན་དང་། འབྲས་སྤུངས་དགོན། ས་རཱ་བོད་ཀྱི་མཐོ་སློབ་གསུམ་དུ་བློ་བཟང་སེངྒེའི་རྗེས་འཇུག་སློབ་མ་རྣམས་ཀྱིས་བྱས་ཉེས་གཅིག་མཐུད་གཉིས་མཐུད་མངོན་རྒྱུ་འདུག
བསོད་ནམས་ཡར་འགྲོ་དང་མར་འགྲོ་གཉིས་ཡོད་པས་གཞན་གྱི་ཤེས་ཚད་ལ་ཚོད་དཔག་དེ་འདྲ་མ་གནང། རང་གི་བསོད་ནམས་མར་འགྲོར་འགྱུར་ཡོང་ལྷག་པར་བློ་བཟང་སེང་གེ་ལ་སྐུར་བ་འདེབས་མི་ཉན་སློབ་དཔོན་གྱི་ཤོག་མིང་འཁུར་བའི་མིང་སྟོང་གི་དེང་དུས་མཁས་དབང་ལ་སྐུར་འདེབས་དེ་འདྲ་གནང་ན་བསོད་ནམས་ཉམས་པར་ཐེ་ཚོམ་མེད་དོ།
དགོས་པའི་སློབ་སྦྱོང་མི་བྱེད། མི་དགོས་ཆབ་སྲིད་ཀྱི་འཁྲབ་སྟོན་བྱས། དེ་ཡང་གཞན་གྱི་གཡོ་བྱུས་ཀྱི་དབང་འོག་ཏུ་ཤོར། ཡིད་སྐྱོ་བ་ཞིག་ལ་ཆབ་སྲིད་ཀྱི་གཡོ་འོག་ནས་ཆབ་སྲིད་ཀྱི་ཐོག་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་དཔང་རྟགས་ཀྱི་ནང་ནས་གལ་འགངས་ཆེ་ཤོས་བོད་ཀྱི་ཐུན་མོང་མ་ཡིན་པ་དང་། མཚོན་དོན་ཁྱད་དུ་འཕགས་པའི་རྒྱལ་དར་དེ་ཡང་བསམ་མེད་ཀྱི་སློབ་མ་དང། མཚན་སྙན་དང་སྲིད་སྟེགས་ཁོ་ནར་རྔམ་པའི་མི་ངན་རེ་ཟུང་གི་ལག་འོག་ནས་མོག་མོར་བཏང་འདུག
དགོས་པའི་སློབ་སྦྱོང་མི་བྱེད། མི་དགོས་ཆབ་སྲིད་ཀྱི་འཁྲབ་སྟོན་བྱས། དེ་ཡང་གཞན་གྱི་གཡོ་བྱུས་ཀྱི་དབང་འོག་ཏུ་ཤོར། ཡིད་སྐྱོ་བ་ཞིག་ལ་ཆབ་སྲིད་ཀྱི་གཡོ་འོག་ནས་ཆབ་སྲིད་ཀྱི་ཐོག་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཡིན་པའི་དཔང་རྟགས་ཀྱི་ནང་ནས་གལ་འགངས་ཆེ་ཤོས་བོད་ཀྱི་ཐུན་མོང་མ་ཡིན་པ་དང་། མཚོན་དོན་ཁྱད་དུ་འཕགས་པའི་རྒྱལ་དར་དེ་ཡང་བསམ་མེད་ཀྱི་སློབ་མ་དང། མཚན་སྙན་དང་སྲིད་སྟེགས་ཁོ་ནར་རྔམ་པའི་མི་ངན་རེ་ཟུང་གི་ལག་འོག་ནས་མོག་མོར་བཏང་འདུག
14 ༠༡༢༠༡༠༢༢༢༤
རྗེས་འཇུག་སློབ་མ་ལགས། ཁྱེད་རང་ད་ལྟ་ཤེས་ཡོན་སློབ་སྦྱོང་དང་། ཆབ་སྲིད་ཀྱི་གོ་རྟོགས་གང་ཡང་མི་ལྡན་པའི་སློབ་མ་རང་རེད་འདུག ཉིན་མ་འཁྱོལ་གྱི་མི་འདུག་ན་རབ་འབྱམས་གཞུང་ལུགས་རྒྱ་མཚོར་ལྟ་རྒྱ་དང་ཐོས་རྒྱ་བསྟེན་དགོས་པ་ལས། ཕུགས་བསམ་དང་དམིགས་ཡུལ་གཏན་ནས་མེད་པར་ཉིན་མ་གང་འཁྱོལ་བ་ཞིག་བྱེད་མི་རུང་། དཔྱོད་ཤེས་པ་འཇུ་ཆེན་གྱི་ལག་གཡོག་ཡིན་པ་ཤེས་ཀྱང་། བློ་བཟང་སེངྒེ་འཇུ་ཆེན་གྱི་རྒྱུགས་ཁྱི་ཡིན་པ་སློབ་མས་ཤེས་མི་འདུག་པས། དེ་ལ་ཁག་མེད། ལྟ་དང་ཐོས་རྒྱ་བསྟེན་ན་རིམ་གྱིས་ཇེ་གསལ་དུ་འགྲོ་ངེས་ཡིན།
སྙན་བསུན་དུ་མི་དགོངས་པར། རང་གི་ཁེ་ཕན་ཁོ་ན་བསམ་ནས་བསྡད་པའི་སློབ་སྤྱི་རྣམས་པ་གསུམ་དང་། གླད་མེད་ནུས་མེད་སློབ་མའི་གཞན་དབང་དུ་སོང་བའི་འགན་འཛིན་རྣམས་ལ་སླར་ཡང་ཞབས་ལྐུལ་ཐེངས་གཉིས་པ་ཞུ་རྒྱུ་ཡིན། སློབ་གྲྭ་དང་འབྲེལ་བ་མེད་ན་དངོས་སུ་སྤྱི་ཚོགས་ཐོགས་བརྒྱུད་ལམ་གང་ཡང་རུང་བ་ཞིག་བེད་སྤྱོད་དེ་གསལ་བསྒྲགས་ཞིག་གཏོང་གནང་མཛད་པ་ཞུ། ཡར་བསྐྱལ་མཁན་གྱི་ལག་པས་མར་ལེན་ཐུབ་ན་འགོ་འཇུག་ཡོད་པའི་ལས་ཞིག་དང་ལྷག་པར་མདོ་སྟོད་ཆུ་བཞི་སྒང་དྲུག་གི་ཚ་ཆུ་མཐུང་བའི་རྟགས་ཞིག་གཏོན་སྲིད། དེ་མིན་སློབ་གྲྭའི་མིང་དང་རྒྱལ་ཁབ་ལ་བརྩི་བཀུར་མེད་པའི་རྣམ་པ་དེ་ཉིན་མ་ཇི་མང་དུ་འགྲོ་བ་དེ་ཚོད་ཀྱི་ལོ་བརྒྱུད་ཀྱི་རང་བཞིན་ལྡན་པའི་ངེས་ཅན་པ་ཞིག་ཏུ་འགྱུར་བཞིན་འདུག རྐུག་རྟགས་ཁམས་ཕྲུག་བསམ་མེད་བླུན་པོ་གཞན་གྱི་གཡོ་འོག་དུ་ཚུད་སོང་། ད་དུང་ལས་གཞི་མང་པོ་སྤེལ་རྒྱུ་ཡོད་པས་སློབ་སྦྱོང་ཞིག་ལ་ངོས་འཛིན་ནས་འགྲོ་སྟངས་བྱེད་ལུགས་རིམ་པ་བཞིན་དུ་སློབ་པར་བགྱིས།
དཔྱད་ཤེས་པར་དམིགས་འཛིན་བྱེད་དགོས་དོན་མེད་ན་ཉི་མ་མ་འབུད་པའི་དཀའ་སྔལ་འདུག ལྷག་པར་དུ་དོན་དངོས་སུ་ཤེས་ཡོན་ཀྱི་དཔྱད་ཡོན་མི་ལྡན་པར་མིང་ལ་སངས་རྒྱས་ཞེས་པའི་གང་ཟག་དང་མཚུངས་སོ།
མང་པོ་ཞུ་གི་མིན་དཔྱད་མིན་དཔྱད་ཤེས་པ་ལགས། རྒྱ་རི་རྨོ་རྨོ་དང་བཀྲས་མཐོང་སྤོ་བོ་སོགས་གང་བཤད་ཀྱང་ཁྱོད་ཀྱང་འཇུ་ཆེན་གྱི་ལག་གཡོག་ཡིན་པ་གསལ་ཤེས་ཐུབ་སོང། ཚེས་༡ཉིན་ནས་གཞུང་གི་བཀའ་ཡིག་ལ་མ་རྩིས་པ་དེ་གསལ་པོ་མཐོང་སོང།
སང་ཉིན་ངའི་མིང་གཞན་གྱི་བེད་སྤྱོད་ཀྱིན་འདུག་ཞེས་མ་ལབ་རོགས།
སྨན་རྩིས་ཁང་དང་། ནོར་གླིང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་བཅས་ཀྱི་དབུ་འཛིན་དང་། སློབ་སྤྱི། འཛིན་སྐྱོང་ཡིག་ཚང་གི་ལས་བྱེད་སོགས་འབྲེལ་ཡོད་རྣམས་ནས་སློབ་མ་རྣམས་ལ་རང་རྒྱལ་ཁབ་ཀྱི་རྒྱལ་གླུ་དང་། རྒྱལ་དར། རྩ་ཁྲིམས་སམ་བཅའ་ཁྲིམས་གསུམ་ལས་བླ་ན་མཐོ་བའི་བརྩི་བཀུར་བྱ་ཡུལ་ཞིག་མེད་པ་དང་། རང་བཙན་ཡོད་པའི་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་དེ་གསུམ་ལ་རྩིས་མེད་བྱས་ན་ཁྲིམས་ཐོག་ནས་ཆད་པ་གང་ཞིག་ཕོག་གི་ཡོད་མེད་སོགས་ལ་ཞིབ་ཕྲའི་ངོ་སྤྲོད་སློབ་ཁྲིད་གནང་དགོས་པ་ཞིག་དང་། ད་དུང་དང་ཕྱིར་བསྡུ་མ་བྱས་པའི་ཐོག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུམ་མདོ་ཁའི་གྱང་ངོས་སུ་བཀྲམས་པའི་ཆེས་མི་འཚམ་པའི་དྲིལ་བསྒྲགས་ཀྱི་རིགས་འདི་རྣམས་ལ་ཐུགས་སྣང་དང་། མཐོ་སློབ་ཀྱི་སློབ་མ་རྣམས་ལ་གོ་བརྡ་ཞིག་དང་། ལམ་སྟོན་ཞིག ཡང་ན་འཕྲལ་དུ་ཕྱིར་བསྡུ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ཞིག་ཅིས་ཀྱང་འཕྲལ་དུ་གནང་སྐྱོང་ཡོང་བ་དང་། འདི་ནི་མཐོ་སློབ་གསུམ་གྱི་འཛིན་སྐྱོང་གི་ངོས་ནས་བཀོད་སྒྲིག་གནང་བ་ཞིག་མིན་པར་དང་བླང་གི་སློབ་མ་བསམ་མེད་རེ་ཟུང་གཞན་གྱི་བཀོད་བྱུས་དང་། ཆབ་སྲིད་ཀྱི་མགོ་སྐོར་བསླུ་བྲིད་སོགས་ཀྱི་དབང་དུ་སོང་སྟེ་བྱེད་ཐལ་ཤོར་བ་ཞིག་ཡིན་ངེས། འོན་ཀྱང་མ་འོས་མི་འཚམས་པའི་བསམ་ཚུལ་བྱུང་འཕྲལ་དགོངས་སེལ་དང་བཅས་ཕྱིར་བསྡུ་གནང་དགོས་པ་ཞིག་ཡིན་ནའང་། ད་དུང་ཡང་ཡར་འགྲོ་བརྒྱ་དང་མར་འགྲོ་སྟོང་གི་ལམ་གསུམ་མདོ་སོགས་སུ་སྦྱར་འགྲེམས་མུ་མཐུད་བྱས་པ་ལས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་ཚུལ་དང་། བོད་ཀྱི་རྒྱལ་དར་ལ་བརྩིས་མེད་ཀྱི་ལས་ངན་ལ་མཚམས་འཇོག་གིས་ཕྱིར་བསྡུ་མ་བྱས་པ་ནི་བོད་དང་། བོད་མི་རིགས། བོད་རྒྱལ་ཁབ། བོད་ཀྱི་རྒྱལ་དར་སོགས་གང་ལའང་བརྩིས་བཀུར་མ་བྱས་པ་དང་། ད་དུང་བྱེད་འདོད་མེད་པའི་རྣམ་པ་གསལ་པོར་སྟོན་པ་ཞིག་མཚོན་པ་ཡིན། མཐོ་སློབ་གསུམ་གྱི་འཛིན་སྐྱོང་གི་འགན་འཛིན་རྣམ་པས་ཐུགས་སྣང་གི་གཏན་ནས་མ་འོས་མི་འཚམས་པའི་དྲིལ་བསྒྲགས་ཀྱི་གྱང་སྦྱར་འདི་འཕྲལ་དུ་ཕྱིར་བསྡུ་གནང་རྒྱུར་བཀའ་སློབ་ཅིག་ཅིས་ཀྱང་གནང་སྐྱོང་ཡོང་བ་མཁྱེན་ཞེས་མི་དགའ་བས་ཞུས་པ་མ་ཡིན་པར་རྒྱལ་དར་ལ་ཞེན་པ་དཀར་པོས་ཞུས་པ་ཞིག་ལ་དགོངས་བཞེས་གནང་རོགས་ཞུ།
ད་བར་འདིར་བསམ་ཚུལ་ཤོད་མཁན་མང་ཡང་དེ་དག་གི་ཁྲོད་ནས་དཔྱོད་ཤེས་པ་དམིགས་སུ་འཛིན་ན་འགྲིགས་སམ།
ཁ་མཁས་པོའི་ཟོལ་གྱིས་དཔྱོད་ཤེས་པ་མཇུག་བསྡོམ་བརྒྱབ་དགོས་བསམ་བྱུང་ངམ།
རྒྱ་རི་རྨོ་མོ་དང་བཀྲས་མཐོང་སྤོ་བོ་ཞེས་བྲིས་མ་ཉིན་ག་ཚོད་ཁྱབ་བསྒྲགས་བྱས་པ་ཡིན།
འཇུ་ཆེན་སྤོ་བོ་ཞེས་བརྗོད་དུས་ན་སོང་ངམ།
དཔྱོད་ཤེས་པ་ལགས་སུ་ཞུ་རྒྱུར། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་དགོངས་དོན་ལྟར་ཕྱི་ཚེས་༡ཉིན་ནས་འོས་མི་གསལ་བསྒྲགས་དང་དེའི་སྐོར་ལ་དཔྱད་གཏམ་སོགས་སྤེལ་མི་ཆོག་པའི་བཀའ་ཡིག་གསལ་བསྒྲགས་སྔོན་སོང་ལྟར་སྐུ་ཉིད་ནས་གནས་སྐབས་རིང་དགོངས་པའི་དཔྱད་པར་བཞུགས་ཆོག་པ་མ་གཏོགས་སྨྱུ་གུས་གང་བྱུང་བྲིས་པ་དང་གློག་ཀླད་ཀྱི་མཛུབ་གནོན་མ་ཤོར་བ་མཁྱེན་ནོ།
རྩ་བའི་སྐུ་ཉིད་ཀྱི་དགོངས་ཚུལ་དང་དཔྱད་པ་གནང་ཚུལ་ལ་ཡིད་སྨོན་ཚད་ལས་འགལ་བ་དང་རྗེས་སུ་ཡིད་རང་ཞུ། མུ་མཐུད་ནས་དཔྱད་གཏམ་གང་མང་དང་དགོངས་འཆར་གནང་བར་འཚལ།
རྡ་སར་གཏན་བཞུགས་གནང་མཁན་ཆབ་སྲིད་ཀྱི་གོ་སྟོབས་ཁྱ་ར་འཁྱོར་ར་ཞིག་གི་ངར་རྒྱལ་མ་བྱེད། གྲྭ་སའི་གྲྭ་པ་དང་སྤོ་སྤོ་རྨོ་རྨོ་ཞེས་མཐོང་ཆུང་མ་བྱེད། དེང་དུས་ཀྱི་བཀའ་ཁྲི་ཡང་གྲྭ་ས་འགྲིམས་པའི་སྤོ་སྤོ་འམ་བླ་རྒན་ཞིག་ཡིན་པ་མཁྱེན་པ་འཚལ། གྲྭ་སའི་ལམ་ལུགས་པས་བཙན་བྱོལ་ནང་ལམ་ལུགས་ཡག་པོ་ཞིག་བཟོས་པ་ཤེས་ཨེ་སོང། ལར་ནས་མགོ་སྐོར་ནས་འཁོར་ཡོང་མ་གཏོག་འཁོར་ནས་སྐོར་མི་ཡོང། ཐུགས་འཇགས་ཞུ། གྲྭ་ས་ནས་ལེགས་ཉེས་འཇལ་ནས་བླུགས་ཆོག ཁྱབ་བསྒྲགས་དང་འུར་སྒྲས་འོས་ཤོག་ཐ་དག་ལེན་མ་ཐུབ། གདོང་དང་རྒྱབ་ཀྱི་དབྱེ་བ་འབྱེད་ཤེས། མི་སྲིད་པ་སྲིད་པ་རེད། བློ་བཟང་སེངེྒེ་ཐོབ་སྲིད་པ་རེད། ཡང་ཕམ་སྲིད་པ་རེད། མི་སྲིད་པ་སྲིད་པ་རེད་ཅེས་པའི་གོ་དོན་རྟོགས་དཀའ་མོ་གདའ།
དེང་སང་རྡ་སའི་གསང་ལམ་གང་སར་མི་རབས་གསར་པ་དང་ན་གཞོན་སོགས་ཀྱི་མིང་འདྲ་མིན་བཏགས་ཏེ་ཆབ་སྲིད་ཀྱི་འཁྲབ་ཚན་མང་པོ་འཁྲབ་ཀྱི་འདུག་ད་དུང་བློ་བཟང་སེང་གེ་ཞེས་འཕྱར་འཕྱར་བྱེད་ཀྱི་འདུག་འདི་ཚོས་གྲྭ་སའི་གྲ་པ་དང་སྤོ་བོ་རྨོ་བོ་ལས་གཞན་མགོ་སྐོར་ཐུབ་ཀྱི་མ་རེད་དོ།
ང་ན་གཞོན་ཞིག་ཡིན་པས་ན་གཞོན་བློ་བཟང་སེང་གེ་རྒྱབ་སྐྱོར་བྱས་པ་མིན་ལ། ང་སེང་གེ་ཞེས་པ་དགའ་ནས་རྒྱབ་སྐྱོབ་བྱས་པ་དེ་བས་མིན།
འོན་ཏེ། འུ་ཚོ་ལ་མཁོ་བ་ནི་གསར་གཏོད་ཡིན་ལ་སྙིང་སྟོབས་ཡིན། དེ་བས་དེང་དུས་ཀྱི་ཤེས་ཡོན་ཡིན།
འུ་ཅག་འདི་ནས་ཤམ་བྷ་ལའི་ཞིང་ཁམས་སུ་བསྐྱོད་དགོས་ན་བཀའ་ཁྲི་ལ་ཞོགས་དུང་ལྟ་བུ་གཉིད་སློང་པ་ཞིག་དགོས་མོད།
ཡིད་ཕངས་པ་ལ་ཁོང་ཉིད་དུ་བཙོན་དུ་བཟུང་ཟིན། གལ་ཏེ་ཞོགས་དུང་ལྟ་བུ་མེད་རུང་གངས་སེང་ལྟ་བུ་མི་ངུ་སེང་གེ་ཞིག་རྙེད་ན་ད་གཟོད་ཆོག་གོ་སྙན། འོན་ཀྱང་སེང་གེ་ལ་སེང་གེ་ལྟ་བུ་སྙིང་སྟོབས་མེད་ན་ཁྱི་རྒན་ཡིན་ལ། འུ་ཚོ་ན་གཞོན་པའི་ངོ་ཚ་ཡིན།
བློ་བཟང་སེང་གེ་རྒྱལ་དར་གྱི་སེང་གེ་མིན་ལ། བློ་བཟང་སེང་གེ་ནམ་ཡང་རྒྱལ་དར་གྱི་སེང་གེ་ཆགས་ཐབས་མེད། འོན་ཀྱང་ནོར་གླིང་མཐོ་སློབ་དང་། ས་རཱ་མཐོ་སློབ། སྨན་རྩིས་ཁང་གི་མཐོ་སློབ་བཅས་ཀྱི་དང་བླངས་སློབ་མ་ཁག་ཅིག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་གྱི་སེང་གེ་གཉིས་གཡུགས་ནས་དེའི་ཚབ་ཏུ་བློ་བཟང་སེང་གེ་བཅུག་འདུག་པ་འདི་བློ་བཟང་སེང་གེ་རྒྱལ་དར་གྱི་སེང་གེ་བཟོས་པ་མ་ཡིན་ནམ། འོན་ཀྱང་འདི་ནི་བློ་བཟང་སེང་གེ་ཕམ་པ་ཞིག་ལས། རྒྱལ་དར་གྱི་སེང་གེ་ཕམ་པ་མིན། བློ་བཟང་སེང་གེ་ཕམ་ན་ཡང་མ་འོངས་པའི་མི་རབས་དང་། དེང་དུས་ཀྱི་གཞོན་སྐྱེས་ཕམ་མི་སྲིད།
བསམ་ཚུལ་མང་པོ་འདུག་བརྗེས་ན་དགའ་དེ་ལས་དཔར་ཡག་པ་ཞིག་བསྐྱལ་གྱི་ཡིན་ཐུགས་རྗེ་ཆེ་དགོངས་པ་མ་འཚོམ་རོགས་གནང།།།།།།
3 ༢༨༢༠༡༠༡༤༣༧
མཐོང་བྱུང་དེ་ཚད་ལས་འགལ་འདུག་ཡིནའང་རྒྱབ་སྐྱོར་ཡོད། བཀའ་ཁྲི་ཁོ་རང་རང་ཡིན།་
རྡ་སའི་གསང་ལམ་དང་གྱང་ངོས་སུ་བཀའ་ཁྲིའི་འོས་མི་ཚོའི་ཁྱད་ཆོས་དང་ལྷག་པར་དུ་རིགས་ལམ་སློབ་གྲྭའི་གྱང་གཡས་གཡོན་གང་དུ་བལྟས་ཀྱང་མ་འོངས་པའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྐུ་དཔར་གྱི་འཁེངས་འདུག དེ་རིང་མཁས་དབང་བློ་བཟང་སེངྒེའི་སྐུ་དཔར་གྱི་བོད་རྒྱལ་ཁབ་ཀྱི་རྒྱལ་དར་བཟོས་པ་ཞིག་འདུག་དེ་དེ་ཙམ་གྱི་མཐོང་ཚུལ་ཡག་པོ་མ་བྱུང། ཁོང་ནི་ཁྲིམས་ལུགས་ཀྱི་སློབ་དཔོན་ཞིག་ཡིན་པས་དེ་ཁོང་གི་དཔར་དང་འོས་མིན་ཏན་ཏན་གསལ་པོ་མཁྱེན་གྱི་རེད། དེ་བཟོ་མཁན་ནི་མ་འོངས་པའི་མཁས་དབང་ཚོའི་མཚན་འཁོད་ཡོད་པས་ཀྱང་སྟབས་བདེ་བ་ཞིག་དེ་བས་མ་བྱུང། མ་འོངས་པའི་མཁས་དབང་ནི་སཱ་ར་མཐོ་སློབ། སྨན་རྩིས་མཐོ་སློབ། ནོར་གླིང་མཐོ་སློབ་ནས་གསོ་སྐྱོང་བྱེད་ཀྱི་ཡོད་ཚོད་རེད། སློབ་གཉེར་ཁང་དེ་དག་གི་དབུ་འཛིན་དང་འགོ་བྱེད་ལས་སྣེ་སོགས་ཀྱི་མ་མཁྱེན་པ་ནི་ཨ་ཡིན། མཆེས་མཐོའི་སློབ་གཉེར་ཁང་གི་མཚན་གང་ཙམ་གྱི་ཆེན་པོ་བཀོད་འདུག་པས་དེ་ཚོད་ཀྱི་འགན་ཞིག་བཀུར་ཡོད་པ་ཤེས་དགོས། སློབ་གཉེར་བ་དེ་དག་གི་ཆུ་ཚད་དེ་ཙམ་ལས་མེད་པ་ནི་ཨ་ཡིན། དེ་དག་གིས་ལས་འགུལ་དེ་སྤེལ་ཡོད་མེད་ལ་དཔྱད་དགོས་པ་འདུག སྔོན་འགྲོའི་འོས་གཞིའི་ལས་རིམ་དངོས་སུ་འགོ་ཚུགས་པར་ཉིན་གསུམ་བཞི་ལས་མེད་ཀྱང་རྒྱལ་ཁབ་ཀྱི་རྒྱལ་དར་ལ་མཐོང་ཆེན་དགོས་པ་གལ་ཆེ་ཞིག་ཡིན། ཇི་སྲིད་བོད་མི་རིགས་དང་བོད་རྒྱལ་ཁབ་ནམ་གནས་ཀྱི་བར་རང་རྒྱལ་ཁབ་ཀྱི་རྒྱལ་དར་ལ་དམའ་འབེབས་སེམས་ཀྱི་བཟོད་དམ། ལྷག་པར་དུ་བཀའ་ཁྲིའི་འོས་ལངས་པ་དེ་དག་གིས་སྤྱི་ཚོགས་ཁྲོད་སུས་གང་བྱེད་ཀྱི་ཡོད་མེད་ཤེས་དཀའ་བ་འདུག མ་ཟད་ཕན་ཡོན་དང་གནོད་སྐྱོན་གང་གི་ཕྱོོགས་ནས་ཡོངས་མིན་ལའང་བརྗོད་པར་དཀའ་བའི་གནས་སྐབས་ཞིག་ལ་སླེབས་འགོ་བཙུགས་འདུག
ད་ལམ་མཁས་དབང་བློ་བཟང་མཆོག་བཀའ་ཁྲའི་འོས་ཤོག་ཐོབ་ན་ཡག་པོ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།