ཟམ་གདོང་རིན་པོ་ཆེ་སྲིད་དོན་མཁས་པ་ཞིག་རེད་དམ།

བུ་ལོན་སེལ་སྟངས
གཞུང་གི་བུ་ལོན་བཟོ་གཞིས་བཙོང་ནས་བསལ། །
བཟོ་གཞིས་ལས་མི་བུ་ལོན་ནང་དུ་ལྷུང་། །
བརླ་ཤ་བཅད་དེ་གདོང་ལ་གླན་མཐོང་བས། །
སྲིད་དོན་མཁས་པར་འཇོག་ལ་བློ་མ་བདེ། །
བཀའ་ཁྲིའི་གསུང་བཤད།
 
གྲྭ་མང་དབུས་སུ་དབྱིན་བོད་ཤན་སྦྱོར་བྱེད། །
མི་སྐྱ་ཁྲོད་ནས་འདུལ་བའི་གླེང་གཞི་གླེང་། །
གཡག་ལ་ཤ་དང་ཁྱི་ལ་རྩྭ་བསྟེར་བས། །
སྲིད་དོན་མཁས་པར་འཇོག་ལ་བློ་མ་བདེ། །
སྲོལ་རྒྱུན་ཞིང་ལས།
 
སྲོལ་རྒྱུན་ཞིང་དུ་དེང་གི་ལོ་ཏོག་བསྐམས། །
སོ་ནམ་བུ་ཡིས་འཚོ་བ་གང་ལ་བརྟེན། །
འབྲོག་པའི་སློག་པགས་ཚ་བའི་གོས་བྱས་པས།
སྲིད་དོན་མཁས་པར་འཇོག་ལ་བློ་མ་བདེ། །
འཛིན་སྐྱོང་།
འཛིན་སྐྱོང་ར་བ་དམ་གཙང་སློབ་མས་སྐོར། །
བླ་མས་ཅི་གསུངས་སློབ་མས་བཀའ་བཞིན་སྒྲུབ། །
ཕ་ཡི་གོ་ས་བུ་ལ་བགོས་མཐོང་བས། །
སྲིད་དོན་མཁས་པར་འཇོག་ལ་བློ་མ་བདེ། །
བོད་རྒྱ་ཞི་མོལ།
 
སྐུ་ཚབ་ཐེངས་དགུ་རྒྱ་ཡི་ཡུལ་དུ་བཏང་། །
བོད་ཀྱི་རེ་བ་རྒྱ་ཡི་དོགས་པས་བསལ། །
ཤིང་བཟོ་ཀུན་དགའི་གཏམ་རྒྱུད་འདིར་མཐོང་བས། །
སྲིད་དོན་མཁས་པར་འཇོག་ལ་བློ་མ་བདེ། །
གསར་འབྱོར་བར་གཟིགས་སྟངས།
 
ནུབ་ཕྱོགས་སྐྱོད་པའི་གཤོག་ཟུང་ཁྲིམས་ཀྱིས་བཅིངས། །
ཡིད་བརྟན་འཁེལ་པའི་འཚོ་རྟེན་གང་ཡང་མེད། །
གཉིས་མེད་སེང་གེའི་ཤ་ཚུགས་འདིར་བཟུང་བས། །
སྲིད་དོན་མཁས་པར་འཇོག་ལ་བློ་མ་བདེ། །

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།