གསེར་རྟའི་ཚུལ་ཁྲམས་འོད་ཟེར་གྱི་ངོ་ལྤགས་བཤུས་པ།

སྔོན་གླེང་། གསེར་རྟའི་ཚུལ་ཁྲིམས་འོད་ཟེར་གྱིས་ཉེ་ཆར་གསེར་ རྟ་ཚུལ་ཁྲིམས་ལ་དགག་པ་དེབ་ཆེན་བཏོན་ཡོད་པ་དང་། དེབ་ཆེན་དེ་ཉོ་མཁན་དང་བདག་པོ་སྤྲོད་མཁན་མ་རག་ནས་མི་ཚོ་ལ་རིན་མེད་ངང་ནས་ སྤྲོད་བཞིན་འདུག ཁོས་དེ་ན་གཙོ་བོ་གསེར་རྟ་མདོ་སྨད་ཡིན་རབས་དང་ཁམས་པའི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དེ་མིམ་ཐ་ཤལ་ཡིན་རབས་གླེང་འདུག

ད་དུང་དམུ་དགེ་བསམ་གཏན་གྱི་ ལོ་རྒྱུས་ལ་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་ཡོད་རབས་སོགས་ལོ་རྒྱུས་ ཕར་ཞོག་བསྟན་བཅོས་ལ་ཡང་དྲང་ངེས་འབྱེད་སྲོལ་མེད་ན་ཡང་ཁོས་ལོ་རྒྱུས་ལ་འདི་ལྟར་གླེང་པ་ནི་རིགས་ལམ་མ་ཆགས་པའི་རྟགས་རང་རེད།

ཁོས་གསེར་རྟ་མདོ་སྨད་ཡིན་ཟེར་ནས་ལབ་ཚར་དུས་མདོ་སྨད་པ་ལ་ཁོ་མི་མཁོ་བས་ཁོ་སྤྱི་འཐུས་ནས་ལྷུང་གྲབས་བཟོ་དུས་ཁམས་པའི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལྷན་དུ་འདྲུད་འདོད་ཀྱིས་སམྦྷ་ཊ་ཚགས་པ་ངོས་ནས་ཚུལ་ཁྲིམས་བསྟན་འཛིན་གྱི་མིང་དེ་གསེར་རྟ་ཚུལ་ཁྲིམས་ཟེར་ནས་བྲིས་པ་དང་།ད་དུང་ཆོལ་གསུམ་གཅིག་སྒྲིལ་ཚོགས་ཁང་ནང་གསེར་རྟ་ཚུལ་ཁྲིམས་མི་ཐ་ཤལ་ཡིན་ཚུལ་སོགས་གླེང་པ་དང་།ད་དུང་དེབ་ཆེན་བྲིས་འདྲ་མིན་གླེང་བ་སོགས་བྱས་ཀྱང་མདོ་སྟོད་མི་མང་གིས་གསེར་རྟ་ཚུལ་ཁྲིམས་གསེར་དང་བྱེ་མ་གང་ཡིན་སྔ་ས་ནས་ཤེས་ཚར་པ་བརྟེན་ད་ལོར་སྤྱི་འཐུས་རྩེ་གཏོགས་ཀྱི་ཨང་༢པར་བསླེབས་ཡོད།།

མཚམས་འདི་ནས་ངས་ཁྱེད་ཚོར་ཚུལ་ཁྲིམས་འོད་ཟེར་ངོ་སྤྲོད་ཅིག་བྱས་ན་། ཁོ་ནི་དཔེ་ཆ་ལྟར་ཞོག་རིགས་ལམ་ཡང་གཏན་ནས་ཆགས་མེད།ནམ་རྒྱུན་མི་ཚོས་ཆོས་ར་ནང་རྩེད་མོ་རྩེད་ས་དེ་འདྲ་རེད། ཁོས་རྫ་ཆུ་ཁ་པ་ཨ་མདོ་ཡིན་ཟེར་རོགས་ཟེར་ནས་གཞས་མ་ཕུར་བུ་ལྷ་མོ་ལ་གསོལ་ཚིགས་བཏང་་ཡོད་།མོས་ཁོ་ལ་ངས་གནའ་ནས་ད་བར་རྫ་ཆུ་ཁ་པ་དེ་ཁམས་པ་ཡིན་པ་མ་་གཏོགས་གོ་མ་མྱོང་།ཁྱེད་ཀྱི་ཁ་ལག་དེ་ཆེདུ་ཡིན་ན་ངས་གཏན་ནས་ཟ་གི་མིན་ཟེར་ནས་ཐོན་འདུག ད་དུང་ཁོ་ལྷོ་ཕྱོགས་ན་ཕྱོགས་བསྡད་སྤྱི་འཐུས་བྱས་ནས་དཀྲུག་ཤིང་འདྲ་མིན་བཟོ་པར་བརྟེན་ས་གནས་གྲོས་ཚོགས་དང་གཞིས་གྲོང་དགུ་གདན་ས་དགའ་ལྡན་དང་འབྲས་སྤུངས་གཉིས་བཅས་ཀྱིས་གྲོས་ཆོད་དང་ས་ཡིག་བཏབ་ནས་གཞུང་ལ་ཕུལ་ཡོིད་་་་་་་་་་་་་་་་་

འཕྲོར་་མུ་མཐུད་ནས་འགོད་རྒྱུ་ཡིན་་་་་་་་་་་་་་་་་་་་་་

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
གསེར་རྟའི་ཚུལ་ཁྲིམས་འོད་ཟེར་ལ་གུས་ཞུ།
ཁྱེད་རང་གི་ཁམས་དང་ཨ་མདོའི་དབར་དཔྱད་ཞིབ་གང་ཡང་མི་དགོས། ང་རང་ཚོ་སྔོན་ནས་ཕྱི་གསལ་ནང་གསལ་ཡོད། ངའི་སེམས་གཏིང་ནས་འབོད་སྐུལ་ཡིན། དཔྱད་ཞིབ་དགོས་ན་བོད་དང་རྒྱ་གཉིས་དབར་འབད་བརྩོན་ལྷོད་མེད་དུ་གནང་རོགས་ཞུ།།།
ངས་བལྟས་པ་ཡིན་ན་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ནི་མི་དྲང་མོ་མདའ་འདྲ་ཞིག་རེད་འདོད། གང་ཡིན་ཟེར་ན་ཁོས་དང་པོ་ཁམས་ཀྱི་སྤྱི་འཐུས་སུ་ལངས་བཞིན་པའི་གསེར་རྟ་ཚུལ་ཁྲིམས་ལ་ངེད་གཉིས་ཀྱིས་དགོངས་པ་ཞུས་ན་སོགས་བསམ་ཚུལ་མཉམ་མཐུན་དུ་གླེང་བ་འདི་ཁོ་ནས་ཀྱང་ཤེས་ཐུབ། ང་ནི་ཁམས་པ་ཞིག་ཡིན་པ་མ་ཟད། མྱི་རྩ་མྱི་བདག་ཅན་ཞིག་ཀྱང་ཡིན། ཡིན་ནའང་འདིའི་ཕྱོགས་ནས་ངས་གསེར་རྟ་ཁམས་དང་ཨ་མདོ་གང་གི་ཡིན་མིན་རྩོད་མི་འདོད། སྒང་ནས་བསམ་ཚུལ་ཞིག་ཏུ་རྒྱ་ནག་དང་རྩོད། རྒྱ་གར་དང་རྩོད་ཅེས་པ་ཞིག་མཐོང་སོང་བ་དེ་ངོ་མ་རེད་སྙམ། ། ཚང་མས་བསམ་གློ་ཞིག་ཐོངས་དང་ཨ་མདོ་རྣམས་ཀྱིས་གསེར་རྟ་ཚུལ་ཁྲིསམ་ཡང་བསྐྱར་སྤྱི་འཐུས་སུ་ལྡུག་པ་ནི་ཨ་ཅང་ཅང་ཡིན་མོད། ཁོས་རང་ཉིད་སྤྱི་འཐུས་སུ་ག་འདྲ་ཞིག་འགྲོ་བཞིན་ཡོད་མེད་ཧ་གོ་བས་ད་རང་ཉིད་མི་གཞན་གྱི་འཇུག་རྡེའུ་ལ་འཇོག་མ་འདོད་ནས་རང་གི་འདོད་པ་གསེར་མདོ་སྨན་ཡིན་པ་ཁམས་ཀྱིས་ཚུལ་ཁྲིམས་ཀྱི་གདོང་ནས་ལངས་ཏེ་ལོ་ལྔའི་ལས་ཀ་བྱས་རྗེས་མཚམས་བཞག་པ་རེད། འདི་ནི་དཔའ་མཛངས་ལྡན་པའི་སྲིད་བྱུས་ཤིག་རེད་ལ། བོད་ཀྱི་སྤྱི་འཐུས་ཤིག་ཆགས་མེད་པ་གསལ་བོ་ཧ་གོ་བས་དགོངས་པ་མཐའ་ནན་ཞུས་ཡོད་འདུག ཡིན་ནའང་། ཁམས་པ་ཡིན་ཟེར་མཁན་གསེར་རྟ་ཚུལ་ཁྲིམས་འདི་ནི་མི་ཧམ་སེམས་ཅན། ཡོན་ཏན་དང་ཤེས་ཡོན་གྱི་སྦྱངས་སྟོབས་ཞན་པ། མི་ཤེས་ཤེས་མདོག་བྱེད་པ། དེང་སྐབས་རང་ཉིད་གང་ཞིག་ན་ཡོད་པ་ཡང་ཤེས་བཞིན་མི་འདུག ངོ་མ་ཡིད་སྐྱོ་བ་ཞིག་རེད། ཁམས་པ་ཡིན་ཟེར་མཁན་གྱི་མི་དེ་ཅི་ཞིག་ལ་འདི་ལྟ་བུའི་ཧམ་པ་ཅན་ཞིག་དང་གཡོ་སྒྱུ་ཅན་ཞིག་ཡིན་དགོས་པ་རེད། འདི་འདྲ་མི་ཞིག་གི་སྐད་ཆར་སུས་ཆ་འཇོག་བྱེད་ཀྱི་རེད། ཁོ་རང་ནི་ཁམས་པ་ཚོའི་གསེར་རྟ་ང་ཚོའི་ཡིན་ཟེར་བའི་མཚོན་རྟགས་ཤིག་ལ་བཞག་པ་རེད་མ་གཏོགས། ཁོ་ལྟ་བུ་ཞིག་སུས་སྤྱི་འཐུས་བླུགས་ཀྱི་རེད། ངོ་མ་ཡིད་ཆད་ནི་ཞིག་རེད། སོ་སོའི་སོ་སོར་མཐོང་འདྲ་སྤྲད་པ་དང་སྣང་བ་འདྲ་དག་ནས་མི་ཆེན་ཞིག་ཡིན་མདོག་མདོག་བྱེད་པ་ནི་ཤིན་ཏུ་ནས་ངོ་མཚར་རོ། ངོ་མ་ཁོ་རང་ཉིད་ཀྱིས་ཀྱང་དང་པོར་རང་བཙན་ལག་དེབ་ཀྱི་་སྒང་དུ་ཨ་མདོ་ཞེས་བརྒྱབ་ཡོད་པ་ང་ཚོ་བསོག་སྒར་ན་ཡོད་དུས་མཐོང་སོང་ལ། འདི་འདྲ་ཞིག་གིས་གསེར་རྟ་ཨ་མདོ་ཡིན་པ་བསྒྲུབ་མི་ཐུབ་མོད། འདིས་ཅི་ཞིག་གསལ་བཤད་བྱེད་ཀྱི་ཡོད་པ་རེད་ཟེར་ན། འདིས་གསེར་རྟ་ཚུལ་ཁྲིམས་ཟེར་བ་འདི་དེང་སྐབས་མི་ཞིག་གི་འཇུག་རྡེའུ་ཞིག་ཡིན་པ་ཤེས་ཀྱིན་མེད་པ་དང་། ཁོ་རང་སྤྱི་འཐུས་གཞན་དག་དང་འདྲ་མཉམ་ཡིན་བསམ་ཀྱི་ཡོད་རུང་། ཁྱོད་ནི་སྤྱི་འཐུས་རྫུན་མ་ཞིག་ཡིན་པ་མ་ཟད། ངེད་ལྟ་བུའི་ཁམས་པའི་གསར་བུ་ཚོས་ཁྱོད་ཀྱིས་སྡུག་ཚོད་མ་ཟིན་ན་བྲོ་བ་ཅན་སྟེར་ན་ཐང་ཞེས་ཁམས་བྲག་གཡབ་དཀོན་མཆོག་ནས།
འབོད་སྐུལ་ཞུ་རྒྱུ་ཡིན། གང་ལྟར་གསེར་རྟ་ཚུལ་ཁྲིམས་དང་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གཉིས་སུ་ཡིན་ན་ཡང་ཆོག་གི ཁྱེད་རང་གཉིས་ཀྱི་སྒེར་གྱིས་ཚིག་མཚོན་འདྲ་མིན་དང་དེབ་འདྲ་མིན་བཏོན་ན་རང་དབང་ཡིན་ཀྱང་། འགན་ཆེ་ཤོས་ནི་བོད་མི་ནང་ཁུལ་གྱི་རྡོག་རྩ་ཆིག་སྒྲིལ་ལ་གནོད་སྐྱོན་མ་ཐེབས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། ཁོ་བོའི་བསམ་འཆར་ནི། ས་ཁུལ་དེ་གཉིས་མདོ་སྟོད་སྨད་གང་ཡིན་མིན་ནི་གཙོ་བོ་གསེར་རྟ་་མི་མང་གི་མང་མོས་ཐག་གཅོད་སྒང་ལ་འགྲོ་རྒྱུ་ཞིག་རེད་མ་གཏོགས། འགའ་ཞིག་གིས་རེད་ཟེར་བ་དང་འགའ་ཞིག་གིས་མ་རེད་ཟེར་ནས་ཁ་ཤུགས་དང་སྨྱུ་གུ་རྩེ་ཤུགས་སུ་ཆེ་སྒང་ནས་འགྲོ་རྒྱུའི་གནད་དོན་ཞིག་མ་རེད།
གྲོགས་པ་ལགས། ཁྱོད་ལ་ཅི་ཞིག་གི་དམིགས་ཡུལ་ཡོད། ཆོལ་ཁ་གསུམ་ཡ་བྲལ་དུ་གཏོང་བའི་དམིགས་ཡུལ་མེད་ན་འདིའི་སྐོར་གླེང་སློང་མ་བྱེད། གསེར་རྟ་ཁམས་པ་ཡིན་ན་ཁྱད་མི་འདུག གང་ལྟར་བོད་པ་རེད། དེ་གས་འགྲིག་བསྡད་ཡོད་རེད། ས་ཁུངས་ཆེ་ཆུང་དང་མི་སྣ་ཆེ་ཆུང་རྩོད་ན་རྒྱ་དཀར་ནག་དང་རྩོད་དང་། སྤི་ཏི། ལ་དྭགས། གར་ཤ ཁུ་ནུ་སོགས་རྩོད་དང་རྩོད་རྒྱུ་ལག་ལ་བཞག་ནས་འདུག ད་དུང་སྨད་རྒྱ་ནག་དང་ས་འདྲེས་སུ་སོང་བའི་ཡུལ་དེ་དག་ལ་ཡང་དེ་བཞིན་རེད། དང་པོ་ང་དེ་ལེགས་པར་བརྟག་རྒྱུ་གལ་ཆེ་པོ་རེད། མ་རེད་པས།



བརྗོད་གཞི་གཞན་ཁག་ལ་གཟིགས།