ཚུལ་ཁྲིམས་འོད་ཟེར་སྤྱི་འཐུས་མ་རག་པ།

_copyཕ་ཡུལ་ཁམས་དཀར་མཛེས་ནས་ཡིན་པ་རང་དབང་ལག་དེབ་ན་ཁམས་འཁོད་པ་དང་ཁ་ནས་གསེར་རྟ་ཡིན་ཞེས་སྨྲ་མཁན་ཨ་མདོ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཁ་སང་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་འོས་ཁོངས་ནས་དགོངས་པ་ཞུས་འདུག

 

ཁོ་རང་གིས་དགོངས་པ་ཞུ་དགོས་དོན་ནི་བླ་གྲྭ་ཆབ་སྲིད་ནང་ཞུགས་མི་ཉན་པ་སོགས་བཤད་འདུག་ཀྱང་། དོན་དངོས་ཁོ་རང་དགོངས་པ་ཞུ་དགོས་དོན་ནི་བློ་གཟུར་བོར་གནས་པའི་མདོ་སྨད་མི་མང་གིས་གནའ་དེང་གི་ཤེས་བྱ་གཏན་ནས་མེད་པའི་མི་ཞིག་སྤྱི་འཐུས་ཀྱི་འོས་ཆོས་ཀྱི་མི་ཚང་པར་གཟིགས་ནས་ཁོ་ལ་འོས་འཕེན་མེད་པས་སྔོན་འགྲོའི་འོས་ནང་གྲངས་ཀ་མཐོན་པོར་ལོན་མེད། སྔོན་འགྲོའི་འོས་ཤོག་འདིས་ཁོང་རང་ཉིད་སྤྱི་འཐུས་སུ་མི་ཐོབ་པར་ཤེས་ནས་རང་ཉིད་འོས་ཁོངས་ནས་འཐེན་པ་རེད།

ཁོས་སྐབས་འཚོལ་རིང་ལུགས་ཀྱི་ལྟ་གྲུབ་སྤྱད་ནས་དང་ཐོག་རང་ཉིད་གསེར་རྟ་བ་ཡིན་རབས་དང་གཉིས་པ་རང་ཉིད་མདོ་སྨད་ཡིན་རབས་སོགས་བསྙད་་ནས་དང་ཐོག་རྐུབ་སྟེགས་ཤིག་ཐོབ་ན་ཡང་།མང་གཙོའི་ཤེས་བྱ་དང་། བོད་ཀྱི་ཕུགས་ལ་བསམ་བློ་ཡོད་པའི་མདོ་སྨད་མི་མང་གིས་རང་ཉིད་ལ་ནོར་རྟགས་འཐེན་ནས་གད་སྙིགས་ཁྲོད་ན་གཡུགས་སོང་། གནད་དོན་དེས་ཁོ་ལ་ཁ་སྐྱེངས་དགོས་པར་འགྱུར་པས་་བོད་ཀྱི་ཁ་དཔེར་ས་ལ་རིལ་ཁར་ས་འཇུ་རྡོར་འཇུ་ཟེར་བ་ལྟར་དགོས་ཞུ་ཡི་གསལ་བསྒྲགས་འདི་ལྟར་སྤེལ་དགོས་འཁེལ་པ་རེད།

ཆོལ་ཁ་སྤོས་པ་དང་ལུང་ཚན་སྤོས་པ་དང་། ཆོས་སྲིད་འགལ་འདུ་བསྒྲུབས་ནས་ཆོས་སེམས་ལྡན་པའི་བོད་མི་དང་ཆབ་སྲིད་བར་དཀྲུགས་ཤིང་བཟོ་ལུགས་ལ་བལྟས་ན་དོན་དམ་པར་གུང་ཁྲན་གྱི་ལས་དོན་སྒྲུབ་མཁན་སུ་ཡིན་མིན་རྟོགས་སླ།

རྒྱ་ནག་གི་ཚགས་ཤོག་ན་སྤྱི་འཐུས་ཚུལ་ཁྲིམས་ཀྱི་མིང་བཀོད་ཡོད་ན་ཡང་།དེ་ནི་ཁྱེད་ཀྱིས་བོད་ན་ཁ་པར་བཏང་སྟེ།རྒྱལ་གཅེས་བོད་མི་ཁ་ཤས་བཙོན་ཁང་ན་འགྲོ་དགོས་པའི་ཉེས་པ་གསོག་བཅུག་པ་ལས་རྒྱ་ལ་གནོད་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་པ་སོགས་དཔའ་དར་འཐེན་འོས་པའི་ལས་དོན་གཏན་ནས་བྱས་མེད། ད་དུང་ངོ་ཚ་མེད་པ་ཁྱོད་ཀྱིས་རང་ཉིད་བོད་ན་གནས་པའི་གཞིས་ལུས་རྒྱལ་གཅེས་པ་ལ་གནོད་པ་བརྩམས་པ་རྣམས་དཔའ་ངོམས་དང་། སྤོབས་ཆེན་པོས་ཐོག་ནས་གསར་འགོད་པའི་མདུན་གླེང་ཐུབ་པ་ནི་ངོ་ཚ་མེད་པའི་དུད་འགྲོ་དང་གླེན་པ་སྤྱང་མདོག་བྱས་པ་རང་རེད།ཁྱེད་ཀྱིས་གང་བྱས་ཐམས་ཅད་ཁ་ཡི་སྦྰང་སྒྲ་ལས་མེ་ཡི་སྦྰང་སྒྲ་གཏན་ནས་མེད།དེས་ན་ཤེས་འཇོན་གཉིས་ཀ་མེད་པའི་ལུག་རྒན་ཁྱོད་ལ་རྒྱ་གུང་ཁྲན་བ་སྤུ་ཙམ་ཡང་འདྲོགས་མི་སྲིད།

ཁྱོད་ནི་མི་ཚང་མས་མཐོང་ཆུང་བཟོ་ས་དང་རྩེད་མོ་བཟོ་ས་ཡིན་པས་སྤྱི་འཐུས་ཟེར་བའི་གསེར་གྱིས་བྲིས་པའི་ཐ་སྙད་དེའི་མཐོང་བརླག་སྲིད་པས་ཁྱེད་དགོངས་ཞུ་པར་བཟང་ངོ་།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
གཅིག་གིས་གཅིག་ལ་སྐྱོན་རྗོང་འདྲ་བྱེད་ནས་སྡོད་དང་ཡག་པོ་རེད། །དུས་ཚོད་འདི་འདྲ་ལ་ང་ཚོ་ལ་དགོ་ཡ་དེ་འདི་ཡིནཔ་འདྲ།
ཧཧཧཧ་ གོད་དབྲོ་བའི་སྐད་ཆ་སྟོང་པ། བླ་རྒན་དེ་ལ་བོད་ཀྱི་ཆོས་སྲིད་ཐད་ཀྱི་ཤེས་བྱ་མེད་ན། མདོ་སྨད་ཀྱི་སྤྱི་འཐུས་ཡེ་ཤེས་དང་སྒྲོལ་མ་མཚོ་མོ་སོགས་ལ་གང་ཡོད་དམ། སྤྱི་ཚོགས་ནང་མི་མང་པོ་ལ་ལོག་འགྲེལ་གང་རྒྱབ་རྒྱབ་ཡིན་མི་སྲིད། གཞན་ལ་སྐྱོན་བརྗོད་བྱེད་ནའང་དེ་ལ་རྒྱུ་མཚན་ཡོད་པའི་ཐོག་ནས་རྒྱབ་རོགས་དེ་མིན་ན་སྐད་ཆ་ཤོད་པའི་ཐོབ་ཐང་མིན་འདུག
ངས་ནི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གོ་ཐོས་ཙམ་ལས་མི་གང་འདྲ་ཡིན་མིན་མི་ཤེས། འོན་ཀྱང་བཀྲ་ཤིས་ཀྱིས་བཤད་སྟངས་ལ་དཔྱད་ན་ཁོ་རང་གཉིས་སྒེར་གྱི་འཁོན་འགྲས་ཆེན་པོ་ཞིག་ཡོད་པ་ཐག་གིས་ཆོད།
དེང་སང་ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་སྒེར་གྱི་འཁོན་འགྲས་སྤྱི་ཡི་ཐོག་ཏུ་ཁུར་ནས་མི་མང་དང་ཆོས་ལུགས་ལ་བརྡབ་གསིག་དང་རྙོག་དྲ་བྱེད་ཀྱི་ཡོད། མང་ཚོགས་རྣམ་པས་ཤེས་དགོས་རྒྱུ་ཞིག་ལ་རང་གིས་རྣམ་དཔྱོད་གང་ཡོད་བེད་སྤྱོད་གཏང་ནས་ཆོས་སྲིད་གང་གི་ཆ་ནས་ཡིན་ནའང་གཞན་ཟེར་ལད་ཟློས་ཀྱི་རྗེས་སུ་མི་འབྲང་བར་ཞུ།།



བརྗོད་གཞི་གཞན་ཁག་ལ་གཟིགས།