འཇམ་ནོར་གྱིས་ཤམྦྷ་ལ་གཏོར་སོང་།

འཇམ་ནོར་གྱི་ནག་ཉེས་གླེང་བ། ཤམྦྷ་ལའི་དྲ་ཚིགས་འདིར་ལང་ཚོ་དར་ནས་ཡུན་མ་སོང་པའི་སྐབས་འདིར་འཇམ་ནོར་ ཟེར་བའི་བན་མ་སྐྱ་ཞིག་དྲ་ཚིགས་འདིར་འཚངས་ནས་མི་ཡོད་ཚད་ལ་དོན་མེད་སྡིགས་ དམོད་དང་། འབྲེལ་མེད་ཚིག་མཚོན་སྣ་ཚོགས་འཕེན་པ་མ་ཟད། ལྷག་པར་དུ་ཆོས་བརྒྱུད་བར་དབྱེན་སྦྱོར་སྣ་ཚོགས་བྱས་ནས་ཤམ་བྷ་ལ་རྒུད་ལམ་དུ་ དེད་སོང་།

ད་ནས་ནམ་རྒྱུན་འདིར་རྐང་འཛིན་པའི་ཟིན་བྲིས་པ་མང་པོ་དྲ་ངོས་ནས་ཕྱིར་འཐེན་ བཞིན་འདུག་ལ། ཁ་མདོག་ཡོད་པའི་རྩམ་པ་པོ་མང་པོ་མཐོང་ལམ་ནས་ཡལ་སོང་། བན་མ་སྐྱ་ཁོ་པས་ད་དུང་ད་མུར་དྲ་གྲོགས་ཚོར་སྡིགས་དམོད་བྱ་ན་དྲ་ཚིགས་རྒུད་པའི་མཐའ་ལ་བསྐྱལ་འོངས། ད་ནས་དྲ་གྲོགས་ཚོས་འཇམ་ནོར་ལ་ཡག་ཞན་གྱི་ཐིག་འཐེན་པའི་དུས་ལ་བབ་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།