དག་ཆ་མ་ཤེས་ན་དག་བཅོས་མི་དགོས།

གྲི་ཐོགས་ལགས་ཀྱིས་ཁ་སང་ཉིན་ནས་ངའི་ཟིན་བྲིས་ལ་དག་བཅོས་མང་པོར་གནང་འདུག གཏགས་ནོར་ཤོར་བ་ཁ་ཤས་བཅོས་འདུག་པས་ཡི་རངས་ཞུ། འོན་ཀྱང་དེ་རིང་ཁོང་གིས་བཅོས་མི་དགོས་པ་ཁ་ཤས་བཅོས་འདུག དེ་ཡང་བཟས་དེ་ཟོས་ལ་བཅོས་འདུག  བཟས་འདུག་ནི་ཟ་ཟིན་པའི་དོན་ཡིན་ལ།བཟས་ནི་ཟ་ཡི་འདས་པ་ཡིན།

ད་དུང་ཚོང་དེ་གཏགས་ནོར་ཤོར་འདུག་པས་ཁོང་གིས་བཙོང་ལ་བཅོས་འདུག  དོན་དངོས་ཐོག་བཙོང་ནི་མ་འོངས་པ་སྟོན་པའི་ཚིག་རེད་ལ།འདས་པ་ལ་བཙོངས་འབྲི་དགོས།

འོ་ཡ་ད་ནི་ཤམྦྷ་ལའི་སྨན་པས་ཀྱང་ན་ཚ་སློང་གི་འདུག དང་པོར་རང་ཉིད་ཀྱིས་རང་ཉིད་ལ་སྨན་བཅོས་གྱིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།