འབྲས་སྤུངས་ན་རྒྱ་རི་སྒྲོལ་མའི་དམག་ཕམ་སོང་།

འབྲས་སྤུངས་ན་རྒྱ་རི་སྒྲོལ་མའི་དམག་ཕམ་སོང་
དེ་རིང་ཉིན་དགུང་རྒྱ་རི་སྒྲོལ་མས་འོས་སློང་པའི་ཆེད་དུ་འབྲས་སྤུངས་ཚོགས་ཆེན་ན་གཏམ་བཤད་ཅིག་བྱས་སོང་།འབྲས་སྤུངས་ཆོས་སྡེ་ན་འོས་ཉོ་སའི་ཁྲོམ་རྭ་མ་གཏན་ནས་མེད་པས་འོས་སློང་མོ་རྒྱག་པར་སླེབས་པར་རང་རེད་། ད་ཐེངས་རྒྱ་རི་སྒྲོལ་མ་འབྲས་སྤུངས་ན་གཏམ་བཤད་ཀྱི་གོ་སྒྲིག་བྱེད་མཁན་དགའ་ལྡན་ཤར་རྩེ་ཨ་མདོ་ཡི་སྤྱི་འཐུས་ཁམས་གསེར་རྟ་སྐུ་ངོ་ཚུལ་ཁྲིམས་འོད་ཟེར་མཆོག་དང་།མོན་གྷོ་གངས་ལྗོངས་རང་བདེན་ཚོགས་པ་ཡི་ཚོགས་གཙོ་སྐུ་ངོ་ཨ་མདོ་གངས་རི་མཆོག གཞན་ཡང་སྒོ་མང་ནས་ཡིན་པ་ཀུན་སྤྱོད་ཚགས་པར་གྱི་རྩོམ་སྒྲིག་པ་ཨ་མདོ་ཨ་འཇིགས་བཅས་རེད།ཁོང་གསུམ་དགེ་བསྐོས་སར་སྒྲོལ་མ་རྒྱ་རི་ལ་གཏམ་བཤད་སྤེལ་པའི་དགོངས་པ་ཡང་ཡང་ཞུས་ཀྱང་གནང་བ་མ་ཐོབ་པར་བརྟེན།ཐ་མར་གངས་ལྗོངས་རང་བདེན་ཚོགས་པ་ཡི་མིང་ཐོག་ནས་ས་གནས་སྐུ་ངོ་གཞིས་འགོ་མཆོག་གིས་བཀའ་ཡིག་བླངས་རྗེས་གཞི་ནས་དེ་རིང་སྐད་ཆ་དེ་བཤད་ཆོག་པའི་གནང་བ་ཐོབ་འདུག

ངས་དེ་རིང་གསར་འགྱུར་འགོད་པར་བསྐྱོད་སྐབས་གཙོ་བོ་མི་ག་ཚོད་ཚོགས་འདུ་སླེབས་ཡོད་མེད་བལྟས་པ་ལས་ངུ་མ་དགོད་ཀྱི་རྒྱ་སྒྲོལ་གྱི་མི་སེམས་བསླུ་བའི་གཏམ་དེ་ཉན་མེད།

སྤྱིར་གདན་ས་ཆེན་པོ་འབྲས་སྤུངས་ན་གྲ་བ་སྟོང་ཕྲག་ལྔ་ལྷག་ཡོད་པ་དང་།ཁ་སྔོན་བློ་བཟང་སེངྒེ་འདི་གར་སྐོར་བསྐྱོད་སྐབས་གཏམ་བཤད་སར་མི་ཚོགས་ཧ་ཅང་འཚངས་ནས་ཚོགས་ཆེན་འདུ་ཁང་ནང་དུ་མི་གཤོངས་པར་ཕྱི་ལོགས་ཆོས་རྭ་ན་ཡང་མི་ཡིས་གང་འདུག འོན་ཀྱང་དེ་རིང་རྒྱ་རི་སྒྲོལ་མའི་གཏམ་བཤད་སར་ངས་བམ་རྩིས་ཤིག་བྱས་པས་མི་གྲངས་ལྔ་བཅུ་ང་གྲངས་སླེབས་འདུག་ཅིང་།དེ་དག་ཀྱང་ཁམས་རིགས་མི་གྲངས་གསུམ་དང་ཨ་མདོ་བ་ལྔ་བཅུ་ང་གྲངས་སླེབས་འདུག་ཅིང་།ཁམས་རིགས་དེ་དག་ཀྱང་རྒྱ་སྒྲོལ་ལ་ཚོད་བགམ་གྱི་སླད་དུ་རེད།

ནམ་རྒྱུན་རྒྱ་རི་ཚང་གི་ཨ་ཅག་སྒྲོལ་མ་སྤྱི་འཐུས་ཐོབ་དུས་དེ་གར་ཁོ་མོའི་རྒྱབ་ན་མདོ་ཁམས་པའི་མི་མང་པོ་ཞིག་ཡོད་སྙམ་་ཤར་ཡང་།བརྡ་འཕྲིན་གྱི་དུས་རབས་དང་།ལྷག་པར་དུ་མང་གཙོ་ཡི་གོ་རྟོག་འཕེལ་པའི་སྐབས་དེར་ཁོ་མོ་ལྟ་བུར་རང་ཚུགས་མེད་པའི་ནང་རུངས་པ་དག་ལ་དེ་རིང་མི་མང་གིས་བརྡ་ལན་ཡག་པོ་སྤྲོད་སོང་།

ད་ནས་མུ་མཐུད་ནས་རྒྱ་རི་ཚང་གིས་སྐབས་འཚོལ་བའི་རིང་ལུགས་འཛིན་ནས་མདོ་ཁམས་ནང་ཁུལ་དུམ་བུ་གཏོར་དང་།རྣམ་སྲས་བང་མཛོད་ལ་དབང་པའི་རྒྱ་རི་ཚང་མདོ་ཁམས་པའི་མིག་ན་ཁྱི་ཡི་གཟུགས་བརྙན་ཆགས་པའི་དུས་ལ་སླེབས་འདུག

གྱང་ངོས་ཀེར་པའི་དཔར་རིས་དག་ལ་རྨོག་རུ་བསྟན་པས་རྒྱ་རི་སྒྲོལ་མ་ཁྲི་ལོར་བརྟན་པ་ཤོག་ཞེས་བྲིས་འདུག་ཀྱང་དཔར་དེ་ཆུ་ཚོད་གཅིག་ཀྱང་ལྷག་གི་མི་འདུག ངོ་མ་བྱས་ན་སྒྲོལ་མ་ཆུ་ཚོད་གཅིག་བརྟན་པ་ཤོག་ཅེས་བྲིས་ན་ཡག་ས་རེད།

ཡཡ་ད་ནས་ཁམས་པའི་གྲ་རིགས་བརྒྱ་ཆ་དགུ་ཅུ་གོ་ལྔར་ཟིན་བའི་དགེ་འདུན་གྱི་སྡེ་འདིས་རྒྱ་རི་སྒྲོལ་མ་ལ་སུས་ཀྱང་གསུབ་མི་ཐུབ་པའི་རང་ཉིད་ཀྱི་ནག་ཉེས་ར་སྤྲོད་བཏང་པ་དེ་ཁུར་ནས་སེམས་ལྗིད་ཏིག་ཏིག་དང་ནག་འཐོམས་འཐོམས་ཀྱི་ཚོར་སྣང་དེ་ཁུར་ནས་རླངས་འཁོར་ན་ངོ་གདོང་ནག་རོག་གེ་བྱས་ནས་གཞིས་གྲོང་བརྒྱད་པ་ན་འགྲོ་སོང་།

མཐར་དོན་ཁྱེད་ཀྱིས་བཀྲས་མཐོང་གནམ་ལ་བཏེགས་ཐུབ་པར་ཤོག

རང་དབང་གསར་འགོད་པ་དཔལ་ལྡན་རྡོ་རྗེ་ནས་གནས་ཚུལ་ཚ་བོ་ཚ་རྐྱང་མཁོ་གཏོང་བྱས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།