ཚོཌ་འདུ་འཚོཌ་མཁན་མ་རག་པའི་སྐུ་ངོ་ཁྱུ་ཕྱིར་ལོག་དགོས་བྱུང་བ།

ཚོགས་འདུ་འཚོགས་མཁན་མ་རག་པའི་སྐུ་ངོ་ཁྱུ་ཕྱིར་ཕེབས་དགོས་བྱུང་འདུག ཁ་སྔོན་ནས་སེར་ར་རུ་ཆོལ་གསུམ་མཉམ་འབྲེལ་གྱི་བྱེས་སྨད་གཉིས་ཀྱི་འོས་མི་བསྡུ་རུབ་དྭངས་བླངས་ཚོགས་པ་ཞིག་དང་གདན་ས་ཁག་མཉམ་རུབ་ཀྱི་འོས་མི་བསྡུ་རུབ་ཚོགས་པ་ཟེར་བ་ཞིག་བཅས་གཉིས་འཛུགས་ཡོད།

འོན་ཀྱང་ཁ་སང་དགའ་འབྲས་གཉིས་ན་གོང་གསལ་ཚོགས་པ་གཉིས་པོས་འོས་མི་དྲིལ་བསྒྲགས་བྱ་ཐབས་ཡོད་དགུ་སྤྱད་ཀྱང་ཚོགས་འདུར་ཡོང་མཁན་གཅིག་ཀྱང་མ་རག་པར་བརྟེན་མཐར་ཕྱིར་ལོག་དགོས་འཁེལ་འདུག ཁོ་ཚོས་གདན་ས་འདི་དག་གྲ་བ་ཚོ་ཆུ་སྣ་གར་ཁྲིད་ལྟ་བུ་ཞིག་ལ་རྩིས་འདེབས་ཀྱང་།དེང་གི་ཆར་གདན་སའི་གྲ་བ་རྣམས་དངུལ་དངོས་དང་གཏམ་སྙན་གྱི་གཏན་ནས་བསླུ་མི་ཐུབ་པར་གྱུར་འདུག འདི་གར་གྲ་བ་ཚོས་འདོད་པའི་སྤྱི་འཐུས་དང་བཀའ་བློན་ནི་དྲང་བདེན་ཅན་དང་།རང་ཚུགས་ཅན་ཡིན་འདུག

འོན་ཀྱང་ཁོ་ཚོས་བྱ་ཐབས་ཟད་ནས་བྱེས་སྨད་གཉིས་འོས་མི་བསྡུ་རུབ་ཚོགས་པས་བཏོན་པའི་འོས་མི་དག་འཕྲེད་དར་ཚོན་ཁྲ་ཅན་བཟོ་པ་དང་འགྱིག་གི་བཏུམ་ནས་གང་སར་སྦྱར་འགྲེམས་བྱས་ཀྱང་དེ་རིང་ཞོགས་པར་ཡོད་ཚད་དམར་རྟགས་དང་ཀུ་རུ་ཁ་ཁྲམ་བཅས་དོད་འདུག

གཞན་གདན་གསུམ་ཁམས་རིགས་འོས་མི་རུབ་བསྡུ་ཚོགས་པས་ཚོང་ཁང་གང་ཡོད་སར་འོས་མི་ཤོག་ལྷེབ་བརྩེགས་པ་དང་བཅས་བཞག་འདུག་ཀྱང་མིག་གིས་ལྟ་མཁན་མི་འདུག མ་ཟད་མདོ་སྟོད་པའི་མི་རང་ཚུགས་མེད་མཁན་ཤུགས་ཆེ་བ་འོས་མི་རུ་བཏོན་འདུག

ཁོ་ཚོས་ཁ་སྔོན་རྒྱ་རྩར་གདན་གསུམ་གྱི་ཁམས་རིགས་ཡོངས་རྫོགས་ཡོད་རབས་བཤད་ཀྱང་།དེ་རིང་གྲྭ་མང་ཚོགས་འདུར་བཀུག་ཀྱང་ཡོང་མཁན་མི་རག་བར་ནས་གནད་ཡོད་ཁམས་རིགས་བཀུག་ནས་ཚོགས་འདུར་འཚོགས་རྒྱུར་མི་ཡོང་མཁན་མི་རེག་པ་ཁོ་ནས་རྒྱབ་སྐྱོར་ཡོད་མེད་གསལ་པོར་བསྟན་ཡོད།

མཐར་ཁོ་ཚོ་འུ་ཐུག་ནས་སེར་སར་ཕར་ལོག་ཐལ།

ད་ནས་གདན་ས་ན་རྒྱ་རི་སྒྲོལ་མའི་ཚོགས་པ་དང་ཆུ་སྒང་མིང་ཅན་དྷ་སའི་དཀྲུག་ཤིང་ཚོགས་པ་དག་ལ་ལམ་འགྲོ་མི་འདུག

རང་དབང་གསར་འགོད་པ་དཔལ་ལྡན་རྡོ་རྗེ་ནས་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༡༢༠༡༠༡༩༡༤
བཟོད་པ་ལྷ་རྩེ་
སྤྱིར་ཡར་ཐོན་རྒྱལ་ཁབ་གང་འདྲ་ཞིག་ཡིན་ཀྱང་འོས་བསྡུ་སྐབས་སུ་མགྲན་བརྩོད་རྣོ་ངར་དང་རང་ཕྱོགས་ཀྱི་འོས་དམིགས་དེའི་ཡོན་ཏན་དང་། ལྷག་བསམ། སེམས་ཤུགས། བྱས་རྗེས། ཉམས་མྱོངས། བློ་སྟོབས་སོགས་དགེ་མཚན་ཁྱབ་སྒྲགས་ཤུགས་ཆེན་བྱས་ནས་མི་མང་གི་བློ་ཁ་རྒུག་ཐབས་བྱ་བཞིན། འོས་ཤོག་གང་མང་རང་ཕྱོགས་ལ་ཐོབ་ཐབས་འབད་པ་བྱ་བཞིན་ཡོད་པ་ནི་ལུགས་མཐུན་ཞིག་ཡིན་ཀྱང་། བཙན་བྱོན་སྤྱི་ཚོགས་འདིར་ཡ་རབ་བཟང་སྤྱོད་དང་བྲལ་བའི་མི་སྣ་འགའ་རེ་སྤྱི་ཚོགས་དང་ཚོགས་པ་མིམང་ཐ་ན་རང་ཉིད་ལ་ཡང་ཕན་དོགས་མེད་པ་མཆམས་མཐུན་གྱི་འཇིག་རྟེན་ཆུང་ཆུང་དེ་མདའ་འཁྲུགས་ཕུ་འཁྲུགས་བཟོ་བའི་ལས་ལས་འགུལ་ཆེད་དུ་གཉེར་ནས་རྩོམ་དང་རྩོམ་བཞིན་འདུག་པས་ཚང་མས་ཐུགས་སྣང་དགོས་པའི་བཞེན་སྐུལ་དང་། དེ་ཡང་སྦྱར་འགྲེམ་བྱས་པའི་གསལ་བསྒྲགས་ལ་ཀུར་བཏགས་རྒྱབ་པ་དང་བཀོལ་བ་སོགས་ནི་བཟང་སྤྱོད་ཞིག་མིན་ལ་དེ་ལ་རྒྱབ་བསྐྱོར་བྱ་མཁན་དག་ཀྱང་གཟུ་པོ་གནས་པའི་གང་ཟག་ཞིག་མིན་པ་ཤེས་བསླ། ཕན་པ་མེད་པའི་ལས་ཀ་དེ་དག་གཉེར་ནས་དགེ་ཕན་གང་ཡོད་དམ། ཧཧཧ



བརྗོད་གཞི་གཞན་ཁག་ལ་གཟིགས།