སྐུལ་ཚིག་གི་ཁ་གསབ་དང་དྭོགས་སློང་གཞན་ཞིག

བརྡ་ཆད་གང་ཞིག་ལ་འཇུག་ཀྱང་དེ་དང་དེ་ཡི་ཁོར་ཡུག་སྐད་ཀྱི་སྤྱི་འགྲོས་ལ་ནམ་ཡང་བསྟུན་ཐབས་བྱ་དགོས།དེ་ནི་སྐད་ལ་དཔག་པའི་ཁྲིམས་ལུགས་ཤིག་ཡིན།དེར་བརྟེན་བྱོས་རོགས་ཞེས་པའི་རྗོད་ཚིག་འདི་ཁོར་ཡུག་དེ་དང་རྗོད་ཚུལ་མ་མཐུན་སྟབས་འབྲི་སྲོལ་བྱུང་མེད།གལ་སྲིད་དེ་ལྟ་བུ་ཞིག་འབྲི་མཁན་བྱུང་མཚམས་དེ་ནི་ཐ་སྙད་སྤྱི་འགྲོས་ཀྱི་ཁོར་ཡུག་དང་མི་འཚམས་པའི་བརྡ་ཆད་ཅིག་ལ་ངོས་འཛིན་བྱ་ཆོག མ་ཟད་ཁྱེད་ཀྱིས་ཉེ་སྔོན་དྲ་གྲོགས་ཤིག་ལ་དགག་སྒྲུབ་བྱས་མྱོང་བའི་སྐད་ཆ་དེ་ཇི་མ་ཇི་བཞིན་འདིར་འདྲེན་ཡོད་ལ།དེ་དང་སྔ་ཕྱིར་ཅུང་ལྟག་སྤྲོད་དུ་ཕྱིན་པ་མ་ཡིན་ནམ།   དེ་ནི་་་་་་་་་་

དྲ་གྲོགས་ལགས།

གནོངས་རོགས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གནང་རོགས།

འདི་ཅུང་རྙོག་གཞི་ཅན་གྱི་འབྲི་སྟངས་ཤིག་ཡིན་མོད། གནོངས་ཞེས་པ་ནི་གནང་གི་སྐུལ་ཚིག་ཡིན་ཡང་། སྐུལ་བའི་རིགས་ཀུན་ལ་བེད་སྤྱོད་གཏོང་སྲོལ་མེད།
དཔེར་ན། མ་གནོངས་ཞེས་འབྲི་སྲོལ་མེད། དེ་བཞིན། གནོངས་རོགས། ཞེས་འབྲི་མཁན་ཡང་མེད་པ་རེད། གནོངས་ཞེས་པ་ནི་གང་གི་རྗེས་སུ་སྐུལ་ཚིག་གསལ་བྱེད་ཡོད་རིགས་ལ་མ་གཏོགས་དེ་ཙམ་ སྤྱོད་སྲོལ་མི་འདུག་ཞུ་རྒྱུ་ཡིན།

 

བྱེད་པོས་ཕར་སྐུལ་པའི་ཆ་ནས་བྱེད་པའི་ཚིག་འདི་བེད་སྤྱོད་བྱ་དགོས།དེར་བརྟེན་བྱེད་པའི་ཚིག་ལ་ད་ལྟ་བའི་ཡིག་གཟུགས་འདི༼བྱེད༽འབྲི་དགོས།བྱ་བའི་ཆ་ནས་བྱེད་པོས་སྐུལ་པའི་ཚེ་༼བྱ༽ཞེས་འབྲི་དགོས།

སྐུལ་ཚིག་དང་དགག་སྒྲའི་སྐུལ་ཚིག་ལ་དཔེར་ན།ཡར་ལངས་ཏེ་ནག་པང་སྟེང་ཀ་རྩོམ་ཞིག་ཕྲིས་ཤིག  མ་འབྲི་ཞེས་པའི་སྦྱོར་ཚུལ་དེ་ལ་རིགས་པས་བརྟག་ན་དགག་ཕྱོགས་དང་སྒྲུབ་ཕྱོགས་ཙམ་ལས།དོན་དངོས་ཐོག་གཅིག་མཚུངས་འབྲི་ངེས་མཐོང་མོད།དེ་ནི་སྤྱི་འགྲོས་ཀྱི་གོམས་པ་ལྟ་བུ་ལས་འདི་ཡིན་འདི་མིན་གྱིས་ཁ་ཚོན་གཅད་རྒྱུ་མེད།རྒྱུ་མཚན་ནི་བརྡ་སྤྲོད་པའི་རྗོད་ཚིག་གི་ཉིང་དགོས་དེ་གོ་བབ་སྤྲད་རྒྱུ་དེ་ཡིན་པའི་ཆ་ནས་གཙོ་བོ་བརྗོད་བདེར་སྤྱད་པ་ལས་འདི་ཆོག་དང་མི་ཆོག་གི་ཁྱབ་ཐལ་གྱིས་དགག་སྒྲུབ་ཀྱིས་གྲུབ་དོན་ཅི་ཡང་རྙེད་མི་སྲིད།

སྐུལ་ཚིག་ཅེས་པ་ནི་གཙོ་ཆེར་ཚིག་གྲོགས་ལ་ལྟོས་ཏེ་སྦྱོར་དགོས་པ་ལས་དོན་གཅིག་དང་།བྱ་ཚིག་གི་བབ་སོ་གཅིག་པའི་ཆ་ནས་སྦྱོར་དགོས་ན་ཟློག་མེད་ཀྱི་ཐལ་བ་བསླང་ངེས་ཡིན། ད་དུང་བསམ་ཚུལ་གཞན་ཞིག་ལ་ད་དྲག་ཅན་གྱི་སྐུལ་ཚིག་འཇོག་སྟངས་གཅིག་དང་སྨོན་ཚིག་དང་ཤིས་ཚིག་སོགས་ལའང་སྐུལ་ཚིག་སྦྱོར་ཚུལ་གཞན་ཞིག་འདུག་ན་དེ་ཚོ་ལ་དྭོགས་སློང་ཞིག་བྱུང་ན་ཡག་ཐོག་ཡག་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།