ཆུ་སྒང་རྫུན་མས་བཏང་བའི་ཕོ་ཉ་ཟེར་བ་མོན་གྷོར་བསླེབས་སོང༌།

རྒྱ་རི་ཚང་གི་ཁྱི་རྒན་སྨྱོན་པ་གཉིས་དེང་སང་ལྷོ་ཕྱོགས་མོན་གྷོའི་གདན་ས་ཁག་ན་བཏང་འདུག དེ་གཉིས་ད་ལྟ་ཁྱི་སྨྱོན་བཞིན་སྲང་ལམ་ཁག་ཏུ་རྒྱུག་བཞིན་འདུག་པར་མ་ཟད། སྲང་ལམ་ཁག་དང་ད་དུང་ཁམས་ཚན་དང་མི་ཚན་གང་ཡོད་སར་ཁ་མཁས་དང་ལག་བདེས་བསླུ་བྲིད་དང་། ད་དུང་སྤྱི་ཚོགས་སྟེང་སྐད་ཆ་ཅི་ཡོད་ཉུལ་ཞིབ་བྱས་ཀྱིན་པ་གོ་ཚོད་འདུག

མ་ཟད་ཁོ་གཉིས་ཀྱིས་ཁྱབ་བསྒྲགས་བྱེད་བཞིན་པའི་སྦྱར་ཡིག་དག་ན་རྒྱ་རི་སྒྲོལ་མ་ཟེར་བའི་བཅོས་མའི་འཛུམ་མདངས་ཀྱིས་ཁེངས་པའི་ཞལ་རས་ལྡན་པའི་མགོ་དཔར་ཅན་དང་དེའི་ལོ་རྒྱུས་ལྷན་སྦྱར་ཅན་ཡང་བྱས་འདུག ལོ་རྒྱུས་དེའི་ནང་ནང་ཡག་རབས་འཇོན་རབས་སོགས་རེད། དེ་ནི་ཕལ་ཆེར་ཁྱོད་ཚོས་ཀྱང་ལོས་ཤེས། ཁོང་ཉིད་བཀའ་ཁྲི་འཐོབ་པའི་སླད་དུ་མི་མང་གི་མངོན་འདོད་གང་ཡོད་དེ་ཐ་ན་ཕྱི་རྒྱལ་ལ་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཚུན་ཆད་བཤད་ནས་འོས་ཤོག་གི་འགྲན་རྩོད་བྱེད་བཞིན་འདུག


སྤྱིར་རྒྱ་རི་སྒྲོལ་མ་ཁོ་མོ་རང་ཉིད་བཀའ་ཁྲི་འཐོབ་པའི་སླད་གཅིག་པུ་མིན་པར་ད་དུང་དྷ་སའི་ཆུ་སྒང་གི་ཁོངས་གཏོགས་མི་རྣམས་སྤྱི་འཐུས་འཐོབ་པའི་སླད་དུ་འོས་གཞི་ཤོག་ལྷེབ་སྦྱར་འགྲེམ་བྱེད་བཞིན་འདུག

ཆེད་དུ་མངགས་གཏོང་བྱེད་པའི་མི་དེའི་ནང་ནས་རྟ་ཆེན་ཆུ་ཁ་ཚང་གཙོས་མི་སྣ་ཁ་ཤས་འདུག དགའ་འབྲས་གཉིས་ཀྱི་ཕ་ཡུལ་གཅིག་པ་དང་མདོ་ཁམས་པའི་མི་གང་ཡོད་སར་འོས་ཤོག་རེག་པའི་སླད་དུ་རྒྱུག་བཞིན་འདུག་ཀྱང་།མདོ་ཁམས་པའི་མི་བྱིངས་ལྟ་ཞོག་རང་གི་ཕ་ཡུལ་གཅིག་པའི་མི་ཚོས་ཀྱང་ངོས་ལེན་བྱས་མི་འདུག

ཤ་ཚ་་་་་སྙིང་རྗེ། གཞུང་གི་ངོས་ལེན་མེད་པ།ཁྲིམས་ཐོག་ནས་ཉེས་པ་ཕོགས་པ།མི་དམངས་ཀྱི་རྒྱབ་སྐྱོར་མེད་པ།དངུལ་དངོས་བསླུ་བྲིད་ཀྱི་གཡོ་འོག་ཏུ་ཚུད་པའི་མི་ཚོས།ད་དུང་ཅི་ཞིག་ལ་རེ་བ་ཡིན་ནམ།

དེང་སང་འོས་བསྡུ་སླེབས་ལ་ཉེ་བའི་དུས་དེར་མི་མང་པོ་གདན་ས་ཁག་ལ་འོས་ཤོག་གི་སློང་མོ་བརྒྱབ་བཞིན་འདུག་པས་མི་མང་ཚོ་ཁོ་ཚོའི་གཡོ་འོག་ཏུ་ཚུད་མི་ཡོང་བསམ་ནས་སེམས་ཚབས་འདུག

བལ་ཡུལ་རྟ་ཆེན་ཟེར་བ་དེ་རྒྱ་གར་ཞྭ་མོ་གྱོན་མཁན་སྐྲ་ལོ་ཏོག་ཙམ་རིང་པོ་འཇོག་མཁན།ཕ་རྒན་ལོ་ན་ལྔ་བཅུ་ཡས་མས་ཅན་ཞིག་འདུག ནམ་རྒྱུན་སྒོ་མང་གི་ཕྱག་མཛོད་ནག་པོ་མིག་ཤེལ་ཅན་དེ་དང་མཉམ་དུ་འགྲོགས་ནས་ཡར་མར་འགྲོ་བཞིན་འདུག ཁྱེད་ཚོས་དོ་སྣང་བྱོས་དང་།ཁོང་ཚོའི་ལག་ཏུ་ཡོད་པའི་འོས་གཞིའི་ཤོག་བུ་དག་ནི་ཆབ་སྲིད་བཙོན་གྲོལ་ཚོགས་པ་ཟེར་བའི་མིང་ཐོག་ནས་བཏོན་འདུག འོས་མི་ཤོིག་ལྷེབ་དེར་ཡོད་པའི་མི་ཐམས་ཅད་ཆུ་སྒང་གསར་པའི་མི་རྐྱང་རེད།ཁོ་ཚོས་འོས་འཐོབ་པའི་སླད་དུ་ལས་གནས་དབུས་རྒྱུན་ལས་ཟེར་ནས་བྲིས་འདུག དོན་དངོས་ཐོག་ཆུ་སྒང་གསར་པའི་དབུས་རྒྱུན་རེད།

འོན་ཀྱང་ད་བར་གདན་ས་འབྲས་དཀར་སྤུངས་པའི་མདོ་ཁམས་པའི་མི་དག་ནི་གཞན་གྱི་གཡོ་འོག་ཏུ་ཚུད་མ་མྱོང་ལ།ལྟ་བ་གཅིག་དང་ལངས་ཕྱོགས་གཅིག སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱེད་ཐུབ་པའི་སྤོབས་པ་ཅན་ཞེ་གཅིག་ཡིན། ང་ཚོའི་གདན་སའི་མདོ་ཁམས་པའི་མགོ་བོ་ལྕགས་ལྟར་མཁྲེགས་པས་ནམ་ཡང་གཡོ་འོག་ཏུ་ཚུད་མི་སྲིད།

ད་དུང་དེ་ཚོ་སྡོད་སའི་གནས་ཚང་ཡང་འདྲ་འབྲེལ་མེད་པའི་སྒོ་མང་གྲྭ་ཚང་གི་ཕྱག་མཛོད་ཐེ་བོ་བཟོད་པ་ཞེས་པ་དེས་གོ་སྒྲིག་འོག་སྡོད་ཡོད་ཚུལ་ཡང་ཕྲན་གྱིས་གོ་ཐོས་བྱུང་ལ། གོང་དུ་ཞུས་ཟིན་པ་ལྟར་མི་དེ་ཚོ་སོ་སོའི་ཁོངས་གཏོགས་ཀྱི་མི་ཚན་ནམ་ཕ་ཡུལ་གཅིག་པ་ཚོས་སྡོད་གནས་སོགས་གོ་སྒྲིག་ཅི་ཡང་བྱས་མི་འདུག ཁོང་ཚོས་མ་འབོད་ན་ཡང་བཙན་གྱིས་སྒོར་འཛུལ་བྱས་ན་ཡང་ཡ་ལན་དང་བདག་སྤྲོད་གཏན་ནས་བྱས་མེད་ཅེས་ཁམས་ཚན་མི་ཚན་ཁ་ཤས་ཀྱིས་གནད་ཡོད་ལས་ཀྱི་སྣེ་མོ་བ་འགས་བརྗོད་བྱུང་།

ད་དུང་མི་དེ་ཚོའི་ཁོངས་རྨོག་རུ་བསྟན་པ་དང་།འཕེལ་རྒྱས་སྒྲོལ་མ་མཚོ་མོ་ཟེར་བའི་སྤྱི་འཐུས་སྐད་གྲགས་ཅན་དེ་གནའ་མ་འགྲོ་ས་ཚང་གི་ཕ་རྒན་ཏྲེ་ཧོར་ཁམས་པའི་མི་ག་གེ་མོ་མིང་ཅན་ཞིག་ཀྱང་འདུག མིང་དངོས་ཅི་ཟེར་མི་ཤེས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།