བཀྲས་མཐོང་བཀའ་ཁྲིར་འོས་སམ།

བཀྲས་མཐོང་གིས་དེ་སྔ་བཀའ་བློན་གནང་པའི་རིང་སྤྱི་དངུལ་སྒེར་ཤས་བྱས་པ་དེ་རྩིས་ཁྲ་གཙང་མ་བྱང་བ་དང་དེའི་སྐབས་ཀྱིས་ཡིག་ཆ་སོགས་ནས་ར་སྤྲོད་གསལ་པོར་བྱུང་ཡོད། ལོ་རྒྱུས་མི་གཙང་པའི་མི་ཞིག་བཀའ་ཁྲི་ཡི་གོ་སར་གཟུང་ན་ནང་ཁུལ་མཐུན་ལམ་གནོད་པ་བཟོ་ནས་ཆིག་སྒྲིལ་གྱི་ནུས་པ་ཉམས་པ་འཁོར་ཐག་རེད་ལ།

དེ་བཞིན་བཀའ་ཁྲི་ཡི་ལས་འགན་མ་རྫོགས་པའི་སྔོན་ནས་ལས་ཀ་ལས་ཟུར་ནས་ཕྱི་རྒྱལ་དུ་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་བསྐྱོད་ཡོད་པ་དེ་ཁོ་ནས་སྤྱི་དོན་ལ་ལྷག་བསམ་མེད་པ་མཚོན་ཐུབ། གཅིག་ཐང་ན་ཕྱི་རྒྱལ་དུ་སོང་པ་དེ་གཞུང་དངུལ་སྒེར་ཤས་བྱས་པ་རྐུབ་བརྡིབ་པ་དོགས་ནས་བྲོས་བྱོལ་དུ་འགྲོ་བ་ཡང་ཡིན་སྲིད།

གཞུང་དངུལ་སྒེར་ཟས་བྱས་པ་དེས་རང་བཙན་ཡོད་པའི་རྒྱལ་ཁབ་གཅིག་ཡིན་ཚེར་བཙོན་ཁང་དུ་བཅུག་དགོས་པའི་ཉེས་པ་བསགས་ཡོད།དེ་ལྟར་གྱོད་གཞི་གཙང་སེལ་མ་བྱུང་པའི་མི་ཞིག་བཀའ་ཁྲི་ཡི་འོས་ཀྱི་འཛུལ་བཞུགས་བྱ་བར་རྙོག་གླེང་ཡོད་པ་མིན་པ་ཞེས་པའི་རྩ་ཁྲིམས་དང་ཡང་རྒྱབ་འགལ་ཕྱིན་ཡོད།

དེས་ན་ཕྱོགས་ཞེན་ཁོ་ནས་བཀྲས་མཐོང་བཀའ་ཁྲིར་འོས་པ་གླེང་མཁན་ཚོས་ངེས་པར་དུ་ཁོང་གིས་རྐུས་འཁྱེར་བྱས་པའི་སྒོར་འབུམ་བརྒྱད་ཅུ་སྐོར་དེ་གཙང་སེལ་དང་གསལ་བཤད་དགོས་ཡོད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།