བོད་ཀྱི་དུས་བབ་ནས་འདྲེན་བཀོད་བྱས་པ་ཡིན།

དེ་རིང་རེས་གཟའ་ཉི་མར་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཉིན་བརྒྱ་དུས་གཅིག་ལ་སྐབས་ ༡༩ པའི་དབུས་རྒྱུན་གསར་འདེམས་ཀྱི་འོས་བསྡུ་བྱེད་ཀྱིན་ཡོད་ཀྱང་། དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཡས་མས་ལ་བལ་ཡུལ་མཆོད་ཇོར་ས་གནས་དང་། འཇོ་ལཱ་ཁེ་ས་གནས་གཉིས་ཀྱི་འོས་སྒམ་རྣམས་བལ་ཡུལ་ཉེན་རྟོག་པས་བཙན་འཕྲོག་བྱས་ཡོད་འདུག

སྔ་ལོའི་ཕྱི་ཟླ་ ༡༠ བའི་ནང་བཙན་བྱོལ་བོད་མིའི་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པ་དང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོའི་སྐབས། བལ་ཡུལ་མཆོད་ཇོར་ས་གནས་དང་འཕགས་ཤིང་ས་གནས་གཉིས་ཀྱི་འོས་སྒམ་བཙན་འཕྲོག་བྱས་པའི་ཚུན་ལ། བལ་ཡུལ་ཉེན་རྟོག་པས་བོད་པ་ཚོའི་འོས་སྒམ་འཕྲོག་པ་ཐེངས་གཉིས་པ་དེ་ཆགས་ཡོད། ཤོག་ངོས་འདི་ཐེངས་ ༨༠ ལ་བཀླགས་འདུག

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༩༢༠༡༡༢༡༣༡
དེ་རིང་ཡང་རང་ལ་བསམ་ཚུལ་ཞིག་བྱུང་པ་དི་རྒྱ་ནག་དམར་གཞུག་གིས་གནས་ལུགས་མེད་པར་རྒྱབ་ཤ་དཀར་པོ་ཞེས་པ་ཞིག་བདོན་པ་འདི་ནི་གནས་ལུགས་དང་རྒྱུ་མཚན་མེད་པར་རང་སྣང་དྲན་ཚོད་ཞིག་བྲིས་འདུག་པས་དེ་ལ་བསམ་ཚུལ་ཞིག་འབྲི་དགོས་པ་མེད་ན་ཡང་གང་ལྟར་ལན་འདེབས་ཞིག་བྱེད་རྒྱུ་ཡིན་པ་རེད།  དེ་ནི་དངོས་ཡོད་དང་མཐུན་པ་ཞིག་ཡིན་དུས་གླེང་རིན་མ་འཆས་བསམ་བྱུང་།



བརྗོད་གཞི་གཞན་ཁག་ལ་གཟིགས།