མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞིའི་སྐོར་གྱི་བགྲོད་གླེང་ཕྱོགས་བསྡོམས།

མདོ་ཁམས་ཆུ་བཞི་སྒང་དྲུག་ལ་ཤ་ཚ་ཆེ་བའི་མདོ་སྟོད་མི་དམངས་ཡོངས་ལ་བསམ་ཚུལ་ཞིག་ཞུ་འདོད་པ་ནི་ཤམ་བྷ་ལའི་ཅོ་རིའི་ཟིན་བྲིས་ནང་དུ་ཉིན་གསུམ་གྱིས་རིང་དུ་མདོ་སྟོད་སྤྱི་འཐུས་ཀྱི་སྐོར་དུ་གང་དགའ་གང་ལེགས་ཀྱི་བགྲོད་གླེང་བྱས་པ་ཡིན། བགྲོད་གླེང་ཕེབས་མཁན་ཤམ་བྷ་ལའི་ཟིན་བྲིས་པ་དང་དྲ་ཐོག་གི་རྩོམ་པ་པོ་ཁྱོན་བསྡོམས་མི་བཅུ་བདུན་ཕེབས་བྱུང་། བསམ་ཚུལ་ཁག་མི་འདྲ་བ་སུམ་ཅུ་སུམ་དགུ་བཤད་སོང་། དྲ་ཐོག་གི་རྩོམ་པ་པོ་བཅུ་བདུན་གྱི་འདོད་ཕྱོགས་དང་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འོས་གཞིར་གཙོ་བཟུང་བྱས་ནས་མདོ་སྟོད་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞིར་མི་ཡག་ཤོས་བཅུ་ཕྱོགས་བསྡོམས་བྱས་པ་ཡིན། དེ་ཡང་གཙོ་བོ་སྔོན་འགྲོ་འོས་མང་ཉུང་ལ་ཡང་བསམ་བློ་བཏང་ཡོད། སྔོན་འགྲོའི་འོས་བསྡུའི་སྐབས་སུ་འོས་གྲངས་དམའ་མོ་ཡིན་པ་རྣམས་ཀྱི་ནང་དུ་འོས་མི་ཡག་པོ་རེ་འགའ་འདུག་ཀྱང་རྒྱལ་ཁ་ཐོབ་པའི་རེ་བ་དེ་ཙམ་མི་འདུག་པས་ཅི་བྱས་མ་མཆིས།

ཕྱོགས་བསྡོམས་འདི་འདྲ་བྱས་དགོས་པའི་རྒྱུ་མཚན་གཙོ་བོ་ནི་འོས་ཤོག་ཁ་འཐོར་དུ་མི་འགྲོ་ཆེད་དུ་ཡིན། རང་སོ་སོས་མི་བཅུ་ཕྱོགས་བསྡོམས་མ་བྱས་པར་འོས་བླུགས་པ་ཡིན་ན་བཟང་པོའི་གོ་སྐབས་ཤོར་ནས་ངན་པ་ལམ་འགྲོ་རྒྱུག་སའི་གོ་སྐབས་ཤིག་རག་ངེས་ཡིན་པས་གཟབ་དགོས།  ཕྱོགས་བསྡོམས་བྱས་པའི་འོས་མི་རྣམས་གཤམ་གསལ།

1.དགེ་བཤེས་གཡུང་དྲུང་རྒྱལ་མཚན། ཁྱུང་པོ། བལ་ཡུལ།

2. འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། སྡེ་དགེ  རྡ་ས།

3.འབའ་པ་སྐལ་བཟང་རྒྱལ་མཚན། འབའ་པ། རྡ་ས།

4.གསེར་རྟ་ཚུལ་ཁྲིམས། གསེར་རྟ། རྡ་ས།

5.ཚུལ་ཁྲིམས་བསྟན་འཛིན། དཀར་མཛེས། སྦིར།

6. སྒ་པ་ལྷ་མོ། སྒ་པ། སྡེ་ར་ལྡུང།

7.སྨར་ཁམས་ཆོས་འཕེལ། སྨར་ཁམས། སྦེལ་ཀོབ།

8.འཇམ་དབྱངས་བཟོད་པ། ལི་ཐང།  རྡ་ས།

9. རྡོ་རྗེ་དབང་འདུས། ལི་ཐང། ལྡི་ལི།

10.བསྟན་འཛིན་ནོར་བུ། ཏྲེ་ཧོར། རྡ་ས།

འདི་དག་གི་ནང་ནས་ཨང་གྲངས་ལྔ་པའི་གོང་དུ་ཡོད་པ་རྣམས་ནི་དྲ་ཐོག་གི་ཟིན་པ་དང་རྩོམ་པ་པོ་མི་བཅུ་བདུན་གྱིས་ཡག་པོ་འདུག་ཞེས་བརྒྱ་ཁ་གཅིག་གྲགས་རེད་འདུག   ཨང་གྲངས་འོག་མ་ལྔ་པོ་ལ་ཡང་མི་མང་པོས་ཡག་པོ་ཡོད་ཚུལ་བཤད་ཀྱི་འདུག  ད་ལན་སྐབས་༡༥པའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་ཁོང་རྣམ་པ་ཕྱོགས་བསྡོམས་བྱས་པ་ཡིན།

ཁོང་རྣམ་པས་བོད་སྤྱི་པའི་ལས་དོན་བསྒྲུབ་ཐུབ་པའི་རེ་བ་ཆེ་ལ་སྤྱི་འཐུས་ཀྱི་རྐུབ་སྟེགས་སྟེང་དུ་བསླེབས་ཚར་དུས་ཁ་མར་འཁོར་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཐོག་ཏུ་དགྲ་མཐོང་མཐོང་དང་དུམ་བུ་ཁ་བྲལ་གཏོང་ཨེ་ཐུབ་མི་ལྟ་བའི་ཡིད་ཆེས་གཙང་མ་བྱ་ཆོག་པ་ཡོད། གོང་གི་འོས་མི་བཅུའི་ནང་དུ་བློ་ཕྱིར་གཏོད་དང་གྲོད་པ་ནང་གཏོད་བྱས་མཁན་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་ན་ཁ་ཐུག་གནང་རོགས་ཞེས་རེ་བ་ཞུ་རྒྱུ།  དེ་འདྲ་མེད་ན་ཁོང་རྣམ་པ་མི་བཅུ་ལ་འོས་གནང་རོགས་བྱོས་ཞུ་རྒྱུ་ཡིན། དགེའོ  བོད་རྒྱལ་ལོ།

ཟིན་བྲིས་ཕྱོགས་བསྡོམས་པ་ཅོ་རི་ཉི་མ་ཡིས་བྲིས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (49)
ཕན་བདེ་ཞེས་པའི་མིང་གི་འོག་ཏུ་གབ་ནས་གང་བྱུང་ཤོས་མཁན་དེའི་མཆན་ལ་དོ་དམ་བྱེད་རོགས།
ཁོ་ཕལ་ཆེར་གསལ་པོ་ཆགས་ཡོང་གི་འདུག་པས་གསལ་པོ་གསལ་རྐྱང་ཆགས་དུས་རྙོག་དྲ་ཡོང་གི་དེད།
དེ་དོན་དགོངས་འཇགས་ཞུ།
རང་གི་དངོས་མིང་སྤྱོད་མ་ནུས་པ་ནི་སྡར་མ་རེད་སྡར་མས་དོན་ཆེན་གླེང་མི་ནུས།
དོན་ཆེན་གླེང་པའི་ནུས་པ་ཡོད་ན་རང་གི་དངོས་མིང་སྤྱོད་ཡང་ན་སྨྱུག་མིང་སྤྱོད།
སྨྱུག་མིང་འདོགས་ཤེས་ཀྱི་མེད་ན་མི་གཞན་ཤེས་མཁན་ལ་འདོགས་རོགས་ལོབ།
དེ་མིན་ན་ཁྱི་ཁ་ཟུམ་ནས་སྡོད་ལོ།
ཕན་བདེའི་དངོས་མིང་ཅན་དེ་ཚོར་དམའ་འབེབས་མ་བྱེད།
ཁྱེད་རང་ང་ཚོས་ཤེས་དང་ཤེས།
47 ༢༣༢༠༡༡༢༠༢༨
ཕན་བདེ་ཞེས་མི་གཞན་གྱི་དངོས་མིང་འོག་གབ་ནས་སྡོད་མཁན་ཁྱོད་ཚོད་བཟུང་ཁྱོད་ཀྱི་དངོས་མིང་ངས་ཤེས་སོང་།
ཡ་ཁ་སང་དེ་རིང་ལས་བྲེལ་ཀྱིས་ཤམ་བྷ་ལའི་དྲྭ་ལམ་དུ་འཛུལ་རྒྱུ་མ་བྱུང་བས་དྲ་གྲོགས་ཚང་མ་སྐུ་ཁམས་ཨི་བཟང་། ང་ནི་གནས་ལུགས་ཐེར་འདོར་བྱེད་ནས་བདེན་པ་དང་ཡ་རབས་ལ་ལག་གདངས་སྦྲེལ་མཁན་ལས། མ་རབས་དང་རྫུན་མ་ལ་མགོ་བོ་སྒུར་མཁན་ཞིག་མིན་པས་ང་ཡི་མིང་དང་སྡོད་གནས་སོགས་གསང་བ་བྱེད་དགོས་དོན་གང་ཡང་མེད། ངས་བོད་ཆོལ་ཁ་གསུམ་དང་ལྷག་པར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བྱས་རྗེས་རླབས་པོ་ཆེ་དེ་ཉིད་དེང་སང་སྐབས་འཚོལ་བ་དང་སྒེར་གྱི་འཁོན་འགྲས་སྤྱི་དོན་དུཁ་ལ་ཁྱེར་ནས་བརྩོད་མཁན་རིགས་ཁ་ཤས་ཤིག་ལ་ཁ་གཏད་བྱེད་ཀྱི་ཡོད། ཀརྨ་ཡེ་ཤེས་སོགས་ལྷག་བསམ་གཞུང་དྲང་ཅན་རྣམས་ལ་རྒྱབ་སྐྱོར་འཐའ་གཅིག་ཏུ་ཡོད། ཁྱོད་རང་ནས་ང་ལ་རྫུན་རྒན་དང་མི་ངན་སོགས་དཔྱད་འོས་གཏན་ནས་མེད་པའི་ཉག་ཉོག་ངུ་གཏམ་ལུང་པ་གང་དེར་རེ་རེ་བཞིན་དུ་བརྗོད་བྱ་དང་རྗོད་བྱེད་གང་གི་ཐད་ནས་ཀྱང་སྙིང་པོ་མ་མཐོང་བས་རེ་ཞིག་བཞག གང་ལྟར་ཀྱང་ཁྱེད་རང་འདྲ་བའི་རྡ་རམ་སའི་ཇག་ཚོགས་ཆུ་སྒང་གི་མིང་ཁུར་མཁན་རིགས་ཁ་ཤས་ཞིག་ལ་ངོས་ལེན་གཏན་མེད། སུས་བདེན་པར་རྒྱབ་རྟེན་བྱས་ནས་བོད་སྤྱི་ཡི་རྩ་དོན་དུ་ལངས་ཡོང་ན་ང་དེ་ཡི་རྗེས་སུ་འབྲངས་རྒྱུ་ཡིན། ཆོལ་ཁ་དང་ཆོས་ལུགས་ལུང་ཚན་བྱེ་བྲག་སོགས་རྩ་དོན་དུ་བཟུང་ནས་སྤྱི་འཐུས་དང་བཀའ་བློན་སོགས་མིང་ཁུར་ནས་ཡོད་པ་དེ་རྣམས་ངས་རྒྱ་དམར་རྒྱུགས་ཁྱི་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
དགོས་ན་ད་དུང་ལན་གྲ་སྒྲིགས་ཨང་གསར་ཡོད།
མིང་རྫུན་ཁོ་ན་ཟེར་མཁན་ཁོ་རང་གི་མིང་གང་ཡང་བྲིས་མི་འདུག ད་དུང་ཉ་ཉོག་མང་པོ་ཞིག་བྲིས་འདུག ཅོ་རི་ནང་བཞིན་དངོས་མིང་སྟོན་ཏེ་སྒེར་ནད་ཐེར་འདོན་བྱེད་ཆོག་ཟེར་བཞིན་དུ་ཁོ་རང་གི་མྱུག་མིང་ཙམ་ཡང་བྲིས་མི་འདུག
44 ༡༡༢༠༡༡༡༤༡༤
འཛིན་རིམ་བརྒྱད་པའི་བུ་མོ་ཞིག་གི་དོན་དུ་བོད་སྤྱི་པའི་རྩ་དོན་རྩོད་རན་མི་འདུག ད་བཞག་ཤོག
43 ༡༡༢༠༡༡༠༨༤༧
ཡང་དེ་རིང་འདིར་རྫུན་རྒན་དེ་སླེབས་འདུག་གཟིགས་དང་དྲ་གྲོགས་ཚོ། ཕན་བདེ་ཟེར་བའི་རྫུན་རྒན་དཀྲོགས་གཏམ་འགོ་པ་དེ་དང་པོ་གསེར་རྟའི་མིང་ཞིག་ཁུར་ནས་དཀྲུགས་ཐབས་བྱས། དེས་ཁུངས་མ་འཁྱོལ་བར་ཡང་ཀརྨ་ཡེ་ཤེས་ཟེར་བའི་རྫུན་མིང་ཞིག་ཁུར་། དེའི་ཁུངས་མ་འཁྱོལ་བར་ཡབ་སྐྱ་་ད་ཆ་ཤི་ཟིན་པ་ལྟར་གོ་རྒྱུ་ཚོར་རྒྱུ་མེད་པ་ཆགས། དེ་ནས་ཡང་མིང་རྫུན་ཕན་བདེ་ཟེར་བ་ཞིག་ཁུར་ནས་ཀརྨ་ཡེ་ཤེས་ཞེས་རྫུན་མིང་ཁུར་བ་དེར་རྒྱབ་སྐྱོར་ཁུལ་གྱི་ཟོལ་རྫུན་དུ་འཁྲབ་སྟོན་བྱས་པ་དེ་ནི་གནམ་མིའི་གཏམ་དཔེ་བཞིན། སྤོ་བཅོས་སྤོ་བཅོས་མ་བསྟོད་་ན། སྤོ་བཅོས་བསྟོད་མཁན་རགས་ལེ་མིན། ཞེས་བཤད་པ་དང་གཅིག་མཚུངས་རེད། ད་ནི་དོན་དངོས་དང་ཐེར་འདོན་བྱེད་མཁན་ཞིག་ཡིན་ན། མི་ངན་ཁྱོད་ཅོ་རི་ནང་བཞིན་དངོས་མིང་སྟོན་ཏེ་ཁྱེད་རང་སྒེར་ནད་ཟིན་པའི་ཆེས་མཐོའི་མི་སྣ་རྣམས་ལ་ངོ་རྒོལ་དང་ཐེར་འདོན་བྱེད་ཆོག དེ་མིན་རྫུན་རྒྱབ་རྫུན་ལངས་དང་། མི་བདེན་རྫུན་སྒྲིག ལྐོག་གཡོ་ལྐོག་ལས་ལྐོག་བཤད་ཁོ་ན་བྱས་པར་ཁྱེད་རང་གིས་ཁྱོད་རང་ལ་རྒྱབ་སྐྱོར་ཡོདི་མདོག་གི་རྫུན་མིང་རྐྱང་པ་འགོད་རྒྱུ་མི་སུ་ཞིག་ཁྱེད་ལ་རྒྱབ་སྐྱོར་རགས་མི་འདུག ད་ནི་ཁྱེད་རང་དངོས་སུ་ཐོན་ཏེ་མདོ་སྟོད་ཆེས་མཐོའི་མི་སྣ་དེ་དག་ལ་ནུས་པ་ལྡན་པའི་ལས་འགུལ་དང་། ཡང་ན་རྒྱུ་མཚན་ལྡན་པའི་སྤྱི་འཐུས་མི་འོས་པའི་ཁ་མཆུ་གཏུགས་ན་མ་གཏོགས་ཁོང་རྣམ་པ་བོད་མི་མང་སྤྱི་འཐུས་ཐོབ་རྒྱུ་བརྒྱ་ཆ་བརྒྱ་ཐམ་པ་གཏ་ཁེལ་འདུག ཁྱོད་རང་སྔོན་མ་བཤད་པ་ལྟར་ཁྱོད་རང་ཤི་ན་ཤི་རན་འདུག དེ་མིན་ན་སྡུག་མཆུ་བཙམ་ན་ཆོལ་གསུམ་རྡོག་རྩ་ཆིག་སྒྲིལ་ཕན་ཐོག་གི་རེད། ཆིག་སྒྲིལ་མི་དགོས་པར་ཨ་ཞང་སོང་གི་ཕྱག་ལས་ཡོད་མཁན་ཞིག་ན་དེ་དག་ལོས་བྱེད་། མa་བྱས་་ན་ཁྱོད་རང་མུག་གེས་ཤུ་རྒྱུ་རེད། སྙིང་རྗེ།
ཡ་ཅོ་རི།
ཁྱོད་ནས་ངོ་མ་མ་བརྟག་པའི་ཚིག་རྔམ་ཆེན་ཞིག་བཤད་འདུག ཁྱོད་ནས་ཨ་ཕོའི་ཁ་ཕོར་གཙང་ཞེན་གྱི་ཞེན་ཁོག་ཏུ་བྱས་ཤིང་གནས་སྐབས་མིག་རྒྱང་ཐུང་ངུར་མི་དགོས་པའི་ཆོལ་ཁའི་དུག་ནད་ཀྱིས་བསླད་པའི་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་འཇུ་ཆེན་བུ་མོ་གཉིས་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག ཀརྨ་ཡེ་ཤེས་ནས་བོད་མི་རིགས་སྤྱི་ཡི་ལ་རྒྱ་དང་ཆོལ་གསུམ་བོད་ཀྱི་ཞེན་ཁོག་ཏུ་བྱས་ཤིང་མཐར་ཐུག་མིག་རྒྱང་རིང་པོར་བསམ་བློ་གཏང་ནས་དམངས་གཙོའི་ཐོབ་ཐང་ལོངས་སུ་སྤྱད་ནས་མཐོ་དམན་སུས་མ་འགྲིགས་ཀྱང་སྣ་ཐོག་ཏུ་མཛུབ་མོ་བཙུགས་ནས་ཐེར་འདོན་བྱེད་ཀྱི་འདུག
ལར་ནི་ཅོ་རིའི་གླེན་གཏམ་ལ་ངོས་ནས་འདི་ལྟར་བསམ་སྟེ།
རྩོམ་པ་པོ་འོད་ཟེར་ནི་འཛམ་གླིང་ནང་ནས་ཆེས་སྐད་གྲགས་ཅན་དང་མ་ཟད་བོད་བསྟན་སྲིད་དོན་དུ་རང་སྲོག་བློས་གཏང་མཁན་གྱི་དཔའ་མོ་ཞིག་ཡིན་པ་ནི་ང་གཉིས་སྤང་རྒན་གཡུག་པའི་དོན་དུ་བརྩད་པ་ནང་བཞིན་མ་ཡིན་པར་འཛམ་བུའི་གླིང་གི་སྒང་ནས་ཕུལ་བྱུང་རྩོམ་པ་པོའི་བྱ་དགའ་མང་པོ་ཞིག་ཐོབ་ཡོད་པ་ནི་སྐབས་དེ་ཡི་དུས་སུ་ཁྱེད་རང་གཅིག་བྱས་ན་འཇུ་ཆེན་བུ་མོའི་གཞང་བར་དུ་ཚུད་ནས་འཛམ་བུ་གླིང་གི་སྒེའུ་ཁུང་ནང་ནས་རྒྱངས་ལྟ་བྱེད་མ་ཐུབ་པ་འདྲ། གཟའ་ཟླ་རྒྱ་རིགས་ཡིན་པ་ཙམ་གྱིས་བོད་ལ་གནོད་ན་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བོད་ལ་གནོད་ཡོད་པ་ཐལ། ཁོ་རང་གི་བཙུན་མོ་རྒྱ་མོ་ཡིན་པའི་ཕྱིར། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་ནས་ཀྱང་བོད་ལ་གནོད་པ་ཐལ། ཁོ་རང་སྐུ་ཟླ་རྒྱ་མོ་ཡིན་པའི་ཕྱིར། དེ་ཡིན་ན་ཅོ་རིའི་ཅི་ཟེར། ཧ་ཧ་ཧ་ཧ་ཧ་ཧ་ཧ།
ལར་ནི་མདོ་སྟོད་ཆུས་སྒང་ཚོགས་གཙོ་དང་འཇུ་ཆེན་བུ་མོ་གཉིས་དང་འདྲ་བའི་བློ་ཕྱིར་བསྟན་བྲོད་པ་ནང་བསྟན་ཅན་ཆོལ་ཁ་དང་ཆོས་ལུགས་ཀྱི་བར་དུ་དཀྲུགས་ཤིང་མཁན་དེ་ཚོ་ལ་ངོས་ནས་ཀྱང་ཡིད་ཆེས་གཏན་ནས་མེད།
ཀརྨ་ཡེ་ཤེས་ལ་དྲང་བདེན་ཡོད་པས་རྒྱབ་སྐྱོར་ཁོང་ལ་བྱེད་ཀྱིན་ཡིན།
41 ༡༠༢༠༡༡༢༣༤༤
ཅོ་རི་ཉི་མ།
ཁྱེད་ཀྱིས་ངའི་ཕྱོགས་ལྷུང་ཀྱི་སྐད་ཆ་བཤད་ཀྱི་འདུག་ཞེས་གསུངས་འདུག་པར་བདེན་པ་རེད། ང་ཅོ་རི་ཕྱོགས་སར་མདོ་ཁམས་བཞི་ཆུ་སྒང་དྲུག་གི་ཚོགས་གཙོའི་ཕྱོགས་སུ་རེད། ང་ཅོ་རི་ཕྱོགས་སར་བོད་མི་དམངས་སྤྱི་འཐུས་ལས་ཐོག་འཇུ་ཆེན་སྲས་མོའི་ཕྱོགས་སུ་རེད། ང་ཅོ་རི་ཕྱོགས་སར་དྲང་བདེན་གྱི་བློ་མིག་ལྡན་པའི་སྤྱི་ཟུར་ཀརྨ་ཆོས་འཕེལ་གྱི་ཕྱོགས་སུ་རེད། མ་གཏོགས་རྒྱ་གོང་ཁྲན་དང་གོང་ཁྲན་ཏང་མི་ཡི་ཕྱོགས་སུ་མ་རེད། ཀརྨ་ཡེ་ཤེས་ཕྱོགས་སར་ཏང་མི་འོད་ཟེར་གྱི་ཕྱོགས་སུ་རེད། ངེད་གཉིས་ཕྱོགས་ལྷུང་ཡོད་པར་འདྲ་འདྲ་རེད། ཡིན་ནའང་ཕྱོགས་བྱེད་སར་ཁ་ཁར་རེད། ཁྱེད་ཀྱིས་ཀརྨ་ཡེ་ཤེས་རྒྱལ་ལོ་་་་ཅོ་རི་ཕམ་ལོ་ཟེར་སྟངས་འདི་ནི་ཕྲུ་གུ་ཆུང་ཆུང་ཞིག་སྐད་ཆ་འདྲ་ཅིག་ལས་སྒྲུབ་བྱེད་གང་མི་འདུག་་་ཧཧཧཧཧཧཧ
ཡ་ཁོ་རེ་ཅོ་རི་ཉི་མ། ཁྱེད་རང་ཡང་ལྕང་མ་ཇི་ལྟར་དྲང་ཡང་ཡོ་ཕྱོགས་ཆུ་ཟེར་བ་ལྟར་གནས་ལུགས་དང་བདེན་པ་ལ་རྒྱབ་གཉེར་བྱེད་མཁན་ཞིག་མིན་པ་ངས་ཁ་སང་ཧ་གོ་བྱུང་། ཀརྨ་ཡེ་ཤེས་ཟེར་བའི་མི་དེས། ༼མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐྱེ་བོ་ཕོ་མོ་རྣམས་ལ་གདམས་པ༽ཞེས་པའི་རྩོམ་ག་འདྲའི་སྙན་པོ་དང་། བརྗོད་བྱ་བབས་ཆགས་པོ་ཞིག་བྲིས་འདུག་ངས་ཁོ་རང་གི་བསམ་ཚུལ་ཚང་མ་ལ་སྐྱོན་འཛུག་རྒྱུ་གང་ཡང་རྙེད་མ་སོང་། ངས་ནི་ཇི་སྲིད་ཕུང་པོ་འདི་ས་ལ་མ་འགྱེལ་གྱི་བར་དེ་སྲིད་དུ་དྲང་བདེན་དང་གཉོམ་ཆུང་གི་ཕྱོགས་སུ་ལངས་པ་ལས། རྫུན་མ་དང་རྒོད་པོ་ལ་དུས་ནམ་ཡང་མགོ་མི་སྒུར་བ་ནི་ཁམས་ཕྲུག་ང་ཡི་ཁྱད་ཆོས་ཡིན་པས་བུ་ཅོ་རི་ནས་དེ་ལུགས་གྱིས། ལྷ་རྒྱལ་ལོ། བདུད་ཕམས་སོ། བདེན་པ་རྒྱལ་ལོ། རྫུན་མ་ཕམས་སོ། ཀརྨ་ཡེ་ཤེས་རྒྱལ་ལོ། ཅོ་རི་ཉི་མ་ཕམས་སོ།
39 ༠༧༢༠༡༡༢༣༤༩
ཅོ་རི་ཉི་མ།
ཁྱེད་ཀྱིས་སྐད་ཆ་མང་པོ་བཤད་སོང་ཡང་རིག་པའི་སྒྲུབ་དང་དངོས་ཡོད་གནས་ཚུལ་དེ་ཙམ་མི་འདུག དྲ་ཐོག་ཏུ་སྐད་ཆ་བཤད་དུས་དངོས་སྟོབས་རིག་པའི་སྒྲུབ་བྱེད་དགོས་པ་ལས་རྙོག་གཏམ་བཤད་བསྡད་པར་ཡིན་ན་ཕན་ཐོགས་ག་རེ་འདུག་གམ།

ཁྱེད་ཀྱིས་བསྟོད་ཕུལ་ས་འོད་ཟེར་ཟེར་བའི་བུད་མེད་དེར་རེད། མོ་རང་གི་ཕ་བཅོས་གྲོལ་དམག་མི་རེད། བཟའ་ཟླ་རྒྱ་མི་རེད། རང་མོ་གོང་ཁྲན་ཏང་མི་རེད།

1.ཁྱེད་ཀྱིས་དམའ་འབོད་བྱས་ས་གཙོ་བོ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་རེད། ཁོང་བོད་མི་དམངས་ཀྱི་སྤྱི་འཐུས་ལས་ཐོག་རེད། ཁོང་ཆུ་སྒང་གི་ཚོགས་གཙོ་ཆགས་པ་དང་སྤྱི་འཐུས་ཆགས་སོང་བ་དེར་བཙན་བྱོལ་བོད་མིའི་མང་གཙོའི་འོས་བསྡུ་བྱས་ནས་ཆགས་པ་རེད།

2.འཇུ་ཆེན་སྲས་མོ་དཀོན་མཆོག་ཆོས་སྒྲོན་ཁྱེད་ཀྱིས་དགག་པ་བརྒྱབ་ས་གཅིག་རེད། མོ་རང་བོད་མི་དམངས་ཀྱི་སྤྱི་འཐུས་ལས་ཐོག་རེད། མང་མོས་བྱས་ནས་སྤྱི་འཐུས་ཆགས་པ་རེད།

3.ཁྱེད་ཀྱིས་དགག་པ་བརྒྱབ་ས་གཅིག་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་རེད། ཁོང་ད་ལྟ་སྤྱི་འཐུས་ལས་ཐོག་རེད། དྲང་བདེན་དང་གནད་ལུགས་ཀྱི་རྗེས་སུ་འབྲངས་བའི་མི་བུ་མཆོག་ཏུ་གྱུར་པ་ཞིག་རེད།

ཁྱོད་རང་གིས་སུ་ལ་དགག་པ་བརྒྱབ་ཀྱི་ཡོད་དང་སུ་ལ་བསྟོད་པ་ཕུལ་གྱི་ཡོད་མེད་ཀྱིས་ཐོག་ནས་བལྟས་པ་ཡིན་ན་ཁྱོད་རང་གི་ལམ་ཕྱོགས་དང་བསམ་བློའི་འདུ་ཤེས་བཅས་རྟོགས་སོང་། ཁྱོད་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་ཡིད་ཆེས་བློ་གཏད་བྱས་མཁན་ཞིག་ཡིན་ན་ཁྱོད་ཀྱིས་དགག་པ་བརྒྱབ་ས་ནོར་འདུག ཁྱོད་རང་རྒྱ་གོང་ཁྲན་ལ་ཡིད་ཆེས་བློ་གཏད་བྱས་མཁན་ཞིག་ཡིན་ན་ཁོང་རྣམ་གསུམ་ལ་དགག་པ་བརྒྱབ་པར་འགྲིག་པ་རེད།
ཀརྨ་ཡེ་ཤེས་ཁོང་ནས་གསུང་པ་ལྟར་སྤྱི་འཐུས་ཀྱི་མིང་ཁུར་བའི་ཞབས་འདྲེན་ཞུས་རབས་ཀྱི་བྱས་རྗེས་ལ་རྫོགས་དུས་མེད་པའི་མི་ངན་ཀརྨ་ཆོས་འཕེལ་འདི་ལ་ངོས་རང་ནས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ལས། ཆེ་བཞི་ནང་ཚན་འབའ་རོམ་བཀའ་བརྒྱུད་པས་མི་འདི་བཀའ་བརྒྱུད་པའི་སྤྱི་འཐུས་སུ་ངོས་ལེན་རྩ་བ་ཉིད་ནས་མེད།
37 ༠༧༢༠༡༡༢༠༡༤
ཅོ་རི་ཉི་མ།
ཤམ་བྷ་ལའི་སྤུན་གྲོགས་མང་པོས་བསམ་ཚུལ་གསུངས་པར་དགའ་བསུ་ཞུ་རྒྱུ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བསམ་ཚུལ་༣༧་བསླེབས་འདུག་པས་དགའ་པོ་བྱུང་། ཁྱེད་རྣམ་པ་ལ་རེ་རེ་བཞིན་ལན་རེ་བྲིས་དགོས་བསམ་ཀྱང་དུས་ཚོད་ཀྱིས་རྐྱེན་པས་དུས་ཐོག་བྲིས་མ་པར་དགོངས་འགལ་མེད་ཞུ།

ང་ཅོ་རི་ལ་ཁྱེད་རྣམ་པའི་མཉམ་དུ་གླེང་མོ་བཤད་འདོད་ཡོད། དུས་ཚོད་བྱུང་ན་ལན་ཕུལ་ཆོག་ཞིག་གནང་རོགས།
ཁྱོད་ནི་མྱི་རྫུན་ཅན་དཀྲུགས་ཤིང་དཀྲོགས་གཏམ་མ་ཏོག་བཤད་རྒྱུ་མེད་པ་དེ་འདྲ་གང་ཡིན་ནམ། ཅུང་ཞིག་ཡ་རབ་ཙམ་དང་། དོན་དངོས་ལ་རྡོབ་བརྫུས་བྱེད་མཚམས་བཞག་ན་ཡག་པོ་མེད་འགྲོ ཀྱོད་ཀྱིས་དེ་སྔོན་མི་དེ་ཚོར་རྩོད་རྒྱག་སྟངས་དེ་ལ་བླྟ་དུས་ཡ་ང་དགོས་པ་དེ་འདྲ་འདུག
ངས་དྲང་པོར་བཤད་ན་བོད་གཞུང་གི་སྤྱི་འཐུས་ཚོགས་གཙོའི་ཟུར་པ་ཞིག་ལ་གུས་ཞབས་མེད་པ་ཞིག་གཏན་ནས་མིན། གང་ཡིན་ཟེར་ན་གཏམ་དཔེར། བཀོལ་རྒྱུ་ཁྱི་ཡིན་ཀྱང་བཀོལ་ཐག་གསེར་ཐག་ཞེས་པའི་དཔེ་ལྟར་དུ་རེད། འོན་ཀྱང་དེང་སང་སྤྱི་ཚོགས་འདི་ཡི་ནང་དུ། བཟང་པོ་ལས་ཀྱང་ངན་པ། ཆོས་པ་ལས་ཀྱང་ཟོག་པོ་བྲིན་པའི་དུས་ཚོད་འདིར་ཚང་མས་ཤེས་བཞིན་དུ་མགོ་བདེ་དྲན་འཁྲུལ་ཅན་རྣམས་དང། སྐབས་འཚོལ་རིང་ལུགས་པ་གཉིས་ལ་རྒྱལ་ཁ་ཐོབ་པའི་དུས་ཚོད་འདིར་བོད་བསྟན་སྲིད་ལ་དུང་ཞེན་ཡོད་པའི་གང་ཟག་ཞིག་ཡིན་ནས་བཟུང་སྟེ། རང་མགོ་གར་ཐོན་དུ་རྩྭ་བཟང་ས་དང་ཆུ་ཞིམ་ས་ཞེས་པའི་དཔེ་རུ་མ་སོང་བར་ད་ལྟ་དུས་སྐབས་གསར་པའི་སྤྲིན་བར་གྱི་ཉི་ཞུན་བཞིན་འཛམ་བུ་གླིང་གིས་ཡིད་སྨོན་སྐྱེ་བའི་དབུ་ཁྲིད་བཟང་པོ་འདི་འདྲ་ཞིག་ཡོད་པའི་དུས་སྐབས་འདིར། ཚང་མས་ཁུར་མཉམ་ལེན་བྱེད་དགོས་པ་ནི་ཧ་ཅང་ནས་ཀྱང་གལ་ཆེ། ལྷག་པར་དུ་དེང་སང་འཛམ་བུ་གླིང་གི་ཁྱད་ནོར་བླ་ན་མེད་པ་བོད་ཀྱི་རིག་གཞུང་ཆེན་མོ་ཆོས་ལུགས་ཆེན་པོ་བཞི་ཡི་ཡ་གྱལ་ཉམས་ལེན་སྒྲུབ་པའི་བཀའ་བབས་མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པ་འདི་ཉིད་ཀྱང་ཡག་པོ་བྱུང་ན། རྟ་ཡག་ན་ཨ་ཁུའི་ཆིབས་རྟ་ཞེས་པ་ལྟར་བོད་གངས་ཅན་པའི་རྒྱན་དང་། འདི་ཉིད་ལ་རྙོག་དྲྭ་དང་བཀྲ་མ་ཤིས་པ་བྱུང་ན་བོད་གངས་ཅན་པའི་ཆགས་སྒོ་ཞིག་ལས་མ་འདས་པས་ད་རེས་བཀའ་བརྒྱུད་པའི་སྤྱི་འཐུས་སུ་དྲ་རྒྱ་དང་གསར་ལམ་ཁག་ནས། ཀརྨ་ཆོས་འཕེལ་འདི་བཀའ་བརྒྱུད་པའི་སྤྱི་འཐུས་སུ་ལངས་ཡོད་སྐད་ལ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་པ་ལ་དུང་ཞེན་ཡོད་ཅིང་གཞི་བྱེས་གཉིས་ལ་ཡོད་པའི་ཆེ་བཞི་ཆུང་བརྒྱད་པའི་བསྟན་པའི་རྗེས་འཇུག་རྣམས་ནས་མོས་མཐུན་ཡོད་དམ་མེད། ངས་ནི་རྨ་ཚ་བའི་ཐོག་ཏུ་ཚྭ་ཆུ་ཞེས་པ་ལྟར་དང་པོ་བཀའ་བརྒྱུད་པའི་རྙོག་དྲའི་ཐོག་ཏུ་རྙོག་དྲ་ཞིག་གཏན་ནས་མི་དགོས། དེ་འདྲ་སོང་ཙང་མི་འདི་བཀའ་བརྒྱུད་པའི་ཆོས་བརྒྱུད་ཀྱི་སྤྱི་འཐུས་སུ་གཏན་ནས་མི་དགོས།
སྐུ་ངོ་རྣམ་པ་གཉིས་བོད་སྤྱི་དང་། མདོ་ཁམས་ཁམས་མི་མང་གི་ཆེད་དུ་སྐུ་ཚེ་ཁྲི་ལོ་བརྟན་པ་ཤོག སྐུ་ངོ་གཡུང་དྲུང་དང་། སྐུ་ངོ་དཀོན་མཆོག་གཉིས་རྒྱལ་ལོ།
གོང་གི་མི་བཅུ་ནས་གཉིས་མ་ཏོག་བརྒྱད་ཡག་པོ་ངོ་ཤེས་ཀྱི་ཡོད་ལ། སྤྱི་ཚོགས་ནང་མདོ་སྟོད་སྤྱི་འཐུས་ཀྱི་ཞབས་འདྲེན་མི་ཞུའི་ཡིད་ཆེས་གཙང་མ་ཡོད། ཡིན་ན་ཡང་ཁམས་པའི་གོམས་གཤིས་ལ་མ་བཅོས་ན། བཟང་སྤྱོད་དང་འགལ་ཞིང་གྲོས་ཚོགས་ར་བའི་ནང་མི་མང་གིས་དོན་མེད་མ་ཉེས་ཁག་གཡོག བྱ་གི་ཡོད་པ་ངེས་པར་དུ་མཁྱེན་དགོས་ཀྱི་རེད། ང་ཚོ་དུས་རབས་ཉེར་གཅིག་པའི་ཁམས་པ་བྱེད་དགོས་ཀྱི་ཡོད་པ་རེད། ང་ཚོའི་ཉམས་མྱོང་ལས་མཁྱེན་དགོས། མདོ་སྟོད་སྤྱི་འཐུས་ཡིན་པའི་ཆ་ནས་མདོ་སྟོད་མི་མང་ཁ་མ་འཐོར་བ་བྱ་རྒྱུ་དེ་ལས་འགན་གཙོ་བོ་ཡིན་པ་ངོས་འཛིན་པའི་ཐོག་ནས་ཕན་ནུས་ལྡན་པའི་ལག་ལེན་ངེས་པར་གནང་དགོས། རིམ་པར་གོ་སྐབས་བྱུང་ན་མཇལ་ཡོང་། ཁ་དགེ་བཀྲིས།། །།
མདོ་སྟོད་དུམ་བུ་སོང་ན་དགའ་འམ་ཆོལ་གསུམ་དུམ་བུ་སོང་བཟང། རེད་རེད་ཁྱེད་ཀྱིས་བཤད་པ་བདེན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཐོག་ཏུ་དགྲ་མཐོང་མཐོང་དང་དུམ་བུ་ཁ་བྲལ་གཏོང་ཨེ་ཐུབ་མི་ལྟ་བའི་ཡིད་ཆེས་གཙང་མ་བྱ་ཆོག་པ་ཡོད་ཟེར། རྒྱུ་མཚན་ནི་འདི་ལོའི་སྤྱི་མཐུས་ལྷན་ཚོགས་སུ་མངོན་གྱུར་བྱུང་བའི་ཕུག་བསམ་དང་ལ་རྒྱ་རྣམ་དཔྱོད་དེ་དག་ལ་གཟིགས་ནས་བཤད་ཀྱི་ཡོད་པ་འདྲ། དངོས་གནས་ཁྱོད་ཀྱི་སྐད་ཆ་ནི་དགོད་ཁ་སློང་བྱེད་ཀྱི་ཁྱི་སྐད་ཞིག་ལས་མི་སྐད་རྣལ་མ་ཞིག་ག་ལ་ཡིན་སྲིད། དཡུང་དྲུང་རྒྱལ་མཚན་དང་འཇུ་ཆེན་དཀོན་མཆོག་གཉིས་ལ་ཤེས་ཡོན་དང་ལྷག་བསམ་རྣམ་དཔྱོད་ཕྱོགས་གང་ནས་ལྟས་ཀྱང་གཞི་བྱེས་གཉིས་ཀྱི་མདོ་སྟོད་མི་མང་གི་ངོ་ཚབ་མཚོན་ཐོབ་ཐབས་མི་འདུག་ལ་དེ་གཉིས་ད་དུང་སྤྱི་མཐུན་ལྷན་ཚོགས་ནས་ཁ་མ་བྲལ་ཚེ་ཆོལ་གསུམ་བོད་མི་ནང་ཁུལ་ཕུར་དཀྲུག་འདའ་དཀྲུག་བྱེད་རྒྱུའི་ཉན་ཁ་ཧ་ཅང་ཆེ། ངས་སྐད་ཆ་འདི་འདྲ་ཞིག་བཤད་དགོས་དོན་ནི་ང་ཡང་མདོ་སྟོད་ཀྱི་མི་ཞིག་ཡིན་པའི་ངོས་ནས་དགེ་དོན་ཁོག་ནང་བཅུག་སྤྱི་དོན་རྒྱང་ལ་སྐྱུར་ལུང་ཚན་ཁ་ལ་འཁྱེར་ཆོལ་གསུམ་དུམ་བུ་གཏོང་མཁན་ཀྱི་མི་ཞིག་བོད་མི་མང་སྤྱི་མཐུས་ལ་འདེམས་ན་འགྱོད་པའི་གནས་སུ་གྱུར་ཡོང་སྙམ་ནས་བཤད་པ་ཡིན། ངས་མི་འདི་དང་འདི་འདྲ་བ་ཆོལ་ཁ་གཞན་དུ་མེད་པར་ངོས་འཛིན་བྱེད་ཀྱི་མེད་པ་མ་ཚད་མང་པོ་མང་པོ་ཡོད། ཡིན་ན་ཡང་དེ་དག་འོས་འཕན་ཀྱི་ཐོབ་ཐང་ང་ལ་མེད་པས་སྐྱོན་བརྗོད་བྱས་ན་ཡང་ལན་པོ་ཞིག་མ་རེད་སྙམས་ནས་མ་བཤད་པ་ཡིན། ཆོལ་གསུམ་མེད་པའི་བོད་ཡུལ་ལ་མདོ་སྟོད་ཅེས་པའི་མིང་ཡང་མེད། དེ་བཞིན་དུ་རིགས་འགྲེལ་ནས་ཆོལ་ཁ་གཞན་ལ་ཡང་ཤེས་པ་བྱའོ།
འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱི་རྒྱགས་ཁྱི་ངུ་སྐད་ཀྱི་འཁེངས་འདུག ཀརྨ་ཡེ་ཤེས་ཟེར་བའི་མི་དེ་བདེན་བ་བདེན་ཐུབ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། ཁམས་ཕྲུག་ཞིག་གི་ཁམས་པའི་སྙན་ངག་ཞིག་བྲིས་འདུག ཡག་པོ་བལྟ་དུས་ནོར་བཅོས་མང་དག་ཞིག་བྱེད་དགོས་ཀྱི་འདུག མེད་དགོས་གཡུང་དྲུང་རྒྱལ་མཚན་དང་འཇུ་ཆེན་དཀོན་མཆོག་ལ་བསྟོད་ར་མང་པོ་གཏོང་བཟོ་ཡིན་སྲིད། ལེགས་དཔྱད་བྱས་ན་མི་དགའ་སྙིང་སྡུག་པའི་གཏམ་ངན་ཤ་སྟག་བྲིས་འདུག ཧཧཧ
ཉོན་ཅིག་ཁམས་རྫུན་ཀརྨ་ཡེ་ཤེས་ཁྱོད།
བདེན་པ་རྒྱབ་ཏུ་བསྐྱུར་ནས་རྫུན་སྣ་འདྲེན།
ཁམས་པའི་སྐྱེས་ཆེན་རྣམས་ལ་རྨ་འབབ་བྱས།
དེ་དོན་ཁྱོད་ལ་སུ་ཡིས་ཡིད་རྟོན་རུང།

ཀྱེ་གསོན་དང་མདོ་ཁམས་བོད་ནི་མི་ཡི་ཕུད།
ཁམས་རྫུན་ཀརྨ་ཟེར་བའི་རྫུན་རྒན་དེས།
དང་པོ་མདོ་ཁམས་གསེར་རྟའི་མིང་ཁུར་ཏེ་།
ཁམས་པ་ནང་ཁུལ་མི་མཐུན་བཟོ་འདོད་ཀྱང་།
ཁམས་པའི་བ་སྤུ་ཙམ་ཞིག་འགུལ་མ་ཐུབ།
དེ་ནས་གཞུང་མང་སྤྱི་སྒེར་དབུ་འདེགས་པ་།
ཁྱད་པར་མདོ་ཁམས་རྒྱ་ཆེའི་མི་མང་གིས།
བསྟན་སྲིད་སླར་གསོའི་ལས་འགན་བསྐུར་བ་དང་།
གཞིས་བྱེས་ཁམས་པ་ཤི་གསོན་མི་མང་གི
ངོ་ཚབ་འོས་བསྡུའི་རྒྱལ་ཁ་ཤུགས་ཆེ་ཐུབ།
མདོ་སྡོད་ཆེས་མཐོའི་མི་སྣའི་སྤྱི་བོའི་རྒྱན།
མདོ་ཁམས་སྤྱི་ཁྱབ་ཆུ་བཞི་སྒང་དྲུག་གི
ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་།
འཇུ་ཆེན་སྲས་མོ་དཀོན་མཆོག་ཆོས་སྒྲོན་གཙོས་།
ད་ལྟ་བཞུགས་པའི་ཁམས་པའི་སྐྱེས་ཆེན་དང་།
འདས་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཀུན།
དམའ་འབབ་མཐོང་ཆུང་བྱེད་ཡུལ་བྱས་འདུག་ཀྱང་།
ཁམས་རྫུན་སྤྲང་པྲུག་ཁྱོད་ལ་ཡིད་ཆེས་སུས།
ཁྱོད་ཀྱི་དམིགས་ཡུལ་ནམ་མཁའ་སྟོང་པའི་གཟུགས།
རྫུན་གཏམ་ཚོན་རིས་བྲིས་པ་ངལ་བའི་རྒྱུ།

དགོངས་ན་ཆུང་ལ་མཁྱེན་རྒྱ་ཡངས།
དགྲ་ལ་ཐུག་ན་སྟག་ལྟར་མཆོངས།
གཉེན་དང་འཔྲད་ན་མ་བའི་བྱམས།
ཁྱེད་གཉིས་ང་ཚོའི་སྤྱི་བོའི་རྒྱན།

ཁྱེད་གཉིས་དྲང་ཚུགས་མདའ་མོ་བཞིན།
ཁྱེད་གཉིས་ཐུགས་རྒྱ་ནམ་མཁར་འགྲན།
ཁྱེད་གཉིས་གསུང་བཤད་འབྲུག་ལྟར་གྲགས།
ཁྱེད་གཉིས་་ཁམས་པའི་སྙིང་ནོར་ཡིན།


གཞུང་གི་ལས་དོན་མཁྱོག་ལམ་འཁྲིད་པའི་གཞུང་འཛིན་སྙིང་ལ་དྲང་གཏམ་མདའ་མོ་བསྣུན་ཏེ་སྒེར་སེམས་ཚལ་པར་བཏང་།
གཞུང་དོན་ཐུག་ཚེ་འཛེམས་ཟོན་གཡོལ་ཐབས་མི་གནང་ཕ་རོལ་དགྲ་བོའི་བློ་རྙིང་ཐང་དུ་ལྷུང་ཡང་ཡ་ང་སྙིང་རྗེ་བྲལ།
གཞུང་དོན་ཁ་ལ་ཁྱེར་ཏེ་ཁྱེད་གཉིས་གོ་སྐབས་བླངས་པ་ཉིན་མོའི་སྐར་མ་དང་འགྲན་དངོས་སུ་ཚུར་རྒོལ་བྱ་ཐབས་བྲལ།
གཞུང་ལ་དགོས་པའི་གཞུང་འཛིན་ཁྱེད་གཉིས་ལྷག་ཅིག་འཇིག་རྟེན་འདི་ནས་བཙལ་ཀྱང་མ་སྙེད་ཁྱེད་གཉིས་བསྐོས།

སྤྱི་སེམས་བསྒྲགས་ནས་ཟ་འདོད་ཅན་གྱི་ཟ་ལམ་བཀག
སྤྱི་སྐལ་སྒེར་བེད་སྤྱི་རྒྱུ་སྒེར་བདག་བྱེད་མཁན་རིགས།
སྤྱི་པའི་རྐུབ་བཏེགས་ཐོག་ཏུ་བསྡད་ཀྱང་འདུག་བཟོད་བྲལ།
སྤྱི་འཐུས་ཁྱེད་གཉིས་མེད་ན་སུ་ཡིས་ཐེར་འདོན་བྱེད།


ད་ནི་དོན་གྱི་སྙིང་པོ་ཁྱེད་རྣམ་གཉིས་།
མི་འདོད་ཕྲག་དོག་ཁྲོ་གཉེར་བརྩེགས་པ་འགས།
ཇི་ལྟར་འགྱིང་ཡང་ཁྱེད་ཀྱི་བདེན་མཐུ་ཡིས།
ཕ་རོལ་རྫུན་ཁ་སྐྱེངས་པ་ལས་མ་འདས།

མདོ་བསྡུས་ན་ཀྱེད་རྣམ་པ་གཉིས་ང་ཚོ་མདོ་ཁམས་པར་མེད་ཐབས་མེད་པ་མ་ཟད་། བོད་སྤྱི་ལ་མེད་ཐབས་མེད་པས་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་སུ་འདེམས་རྒྱུ་གཏན་ཁེལ་བ་མ་ཟད། ཁྱེད་རྣམ་པ་གཉིས་འོས་གྲངས་རྩེར་ཐོན་ཡོང་རྒྱུ་བརྒྱ་ཆ་བརྒྱ་ཐམ་པ་ངས་འགན་ལེན་བྱེད་ཀྱི་ཡིན། མི་འདོད་པའི་རིགས་ཐམས་ཅད་ལ་འབུལ།
29 ༠༣༢༠༡༡༡༢༠༠
བདེན་པ་རེད་རཱ་རིའི་དེ་ལྦེ་ཟེར་བའི་སྐྱེས་དམན་དེ་དེ་སྔ་མངའ་སྡེའི་བློན་ཆེན་བྱེད་སྐབས། ཁོང་འཛིན་རིམ་བཞི་པ་བར་ཕྱིན་པ་ཞིག་རེད་ཟེར་སྐད་འདུག
དགོད་བྲོ་བའི་གཏམ་མང་པོ་འདུག འཛིན་རིམ་བརྒྱད་པ་ཐོན་མིན་མ་ཤེས་པའི་འཇུ་ཆེན་དཀོན་མཆོག་གི་ཤེས་ཚད་སློབ་གྲྭའི་བརྒྱུད་རིམ་གཅིག་ནང་། འཛིན་རིམ་བརྒྱད་པ་ནི་སློབ་གྲྭའི་ནང་གི་དཀྱིལ་ཙམ་ལ་སླེབས་ཡོད་པ་དང་། ད་དུང་ཁ་མོ་འཛིན་རིམ་བརྒྱད་པ་ནས་ཕྱིར་འཐེན་བྱས་དགོས་པའི་རྒྱུ་མཚན་མ་ཤེས་ན་བཤད་རྒྱུ་མེད། དོན་དངོས་ཐོག་བོད་མི་རིགས་ཀྱི་ཆེད་དུ་སློབ་གྲྭར་མུ་མཐུད་ནས་འཕེབས་མ་ཐུབ་པ་དེ་ཤེས་དགོས། མ་གཞི་རྒྱལ་སྤྱི་ནང་གྲོས་ཚོགས་ཀྱི་འཐུས་མིར་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་ནང་འཛིན་རིམ་གང་སློབ་ཐོན་ལག་འཁྱེར་དགོས་ཀྱི་ཡོད་པ་ཁྱེད་རྣམ་པར་ཞུ་རྒྱུ་ཡོད་དམ། དཔེ་མཚོན་ཆུང་ཆུང་འམ་ཡང་ན་ཆེན་པོ་གཅིག་བཤད་ན་རྒྱ་གར་ལྦི་ཧར་མངའ་སྡེའི་དེ་སྔའི་བློན་ཆེན་ལཱ་ལུ་པར་སཱ་ཏ་ཟེར་བའི་སྐྱེད་དམན་ཡང་གྲོས་ཚོགས་ཀྱི་འཐུས་མི་ཙམ་མ་ཟད། མངའ་སྡེའི་བློན་ཆེན་ཡང་གནང་སོང། ཁྱེད་ཤེས་ཚད་དམན་ཞིང་མཐོང་རྒྱ་དང་ཐོས་རྒྱ་དེ་འདྲ་ཆུང་ཆུང་ཡིན་པར་ངོས་ནས་མི་ཤེས། གོང་དུ་བརྗོད་ཟིན་པའི་སློབ་གྲྭར་མུ་མཐུད་མེད་པའི་རྒྱུ་རྐྱེན་གང་ཡིན་རྗེས་སུ་བྲིས་ཆོག
གཞི་ནས་རྒྱུ་མཚན་ལྡན་པའི་བསམ་ཚུལ་མང་པོ་ཞིག་ཡོང་ཐལ། དེ་མིན་འཇིན་གྲ་༨པའི་བུ་མོ་ཞིག་ལ་བསྟོད་བསྔགས་འདྲ་བྱས། མ་བྱུང་དུས་ཧམ་པ་འདྲ་བཤད། ད་དུང་མ་བྱུང་ན་རྒྱུ་མཚན་ཏིལ་འབྲུ་ཙམ་ཡང་མེད་པའི་ནར་གཏམ་ཁྱོ་མེད་ཚིག་རོ་དེ་ཚོས་ངས་འཇོག་གི་འདུག འཇིན་རིམ་༨པའི་བུ་མོ་ཟེར་ན་འདྲ་དང་འཇིན་གྲ་༨པའི་ཨ་མ་ཟེར་ན་འདྲ། གང་ལྟར་འཇིན་རིམ་༨པ་ནི་རེད་འདུག ཡིན་མིན་ལ་མ་དཔྱད་བར་ཁོང་ཁྲོ་དང་ང་རྒྱལ་གྱིས་དེང་དུས་ཀྱིས་ཕམ་ཁ་ལས་རྒྱལ་ཁ་ཐོབ་པ་སུ་ཡང་མེད། འཇམ་གླིང་གི་ཆབ་སྲིད་ཅིག་བཤད་ཁུལ་བྱས། གང་ལྟར་འཇམ་གླིང་དུ་འཇིན་རིམ་༨པའི་གྲོས་ཚོགས་ཀྱི་འཐུས་མི་ཡིན་པ་ཁྱེད་རང་གི་འཇུ་ཆེན་མ་གཏོགས་ཡོད་མེད་སྡུག་གཉིས་ཆེ་ཙམ་ཕྱེས་ནས་ལྟོས་ཤིག།།
ཡ་མ་མཐོང་བའི་དྲ་གྲོགས་དགྲ་སྟྭ་ལགས། ཁྱེད་ནས་ངོས་བསམ་ཚུལ་གྱི་བརྗོད་བྱའི་མཛོ་རྒན་གདངས་ལ་བཏགས་པའི་སྐབས་སུ་གོང་ཚད་ཀྱི་རིན་ཐང་གནང་བ་ལ་ཧ་ཅང་དགའ་སྤྲོ་ཆེ། ཉིད་ནི་བློ་དཀར་གཞུང་དྲང་བདེན་དོན་དང་གནས་ལུགས་ལ་རྒྱབ་རྩ་གནང་མཁན་ཞིག་ཡིན་པ་ལ་ཡིད་ཆེས་ཡོད། ཐུགས་རྗེ་ཆེ།
སྐྱར་དུ་མཇལ་ཡོང་།
༆།༡ གང་ཞིག་སྐྱེ་བའི་ཕ་ས་གཅིག་པ་རུ།
སོང་བའི་རིགས་ཀྱིས་བསྡུས་པའི་ཁམས་རིགས་ཚོ།
མ་ཡེངས་ཐོས་འཛིན་དབང་པོའི་ཡོལ་གོ་དེ།
ཁོ་བོའི་མཆུ་སྒྲོས་ཐད་དུ་ཅུང་ཟད་གཡོར།
༢ སྤྱི་མཐུན་དཀར་མིན་ལས་ཀྱི་བསོད་ནམས་ཀྱིས།
ཡོལ་བའི་བགྲང་བྱ་བཅུ་ཕྲག་ལྔ་ལྷག་ལོར།
ཕ་བསད་ཤན་པ་ལག་དམར་དགྲ་བོ་དེ།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༣ དགོན་སྡེ་གཏོར་ཞིང་ཉེས་མེད་ཁྲིམས་ལ་སྦྱར།
བཀའ་བསྟན་གསུངས་རབ་མེ་ཆུ་རླུང་ལ་སྦྱངས།
དམྱལ་བ་མི་ཡུལ་མྱོང་བ་ལྟ་བུ་དེ།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས
༤ གངས་ཅན་མགོན་པོའི་གཙོས་པའི་བོད་རིགས་རྣམས།
སྲིན་ཕུང་བེར་གས་གཏོར་བ་ཇི་བཞིན་དུ།
མི་འདོད་གཞན་ཡུལ་འཁྱམས་པའི་ལེ་ལན་འདི།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༥ སྤྱན་རས་གཟིགས་དབང་ཐམས་ཅད་མཁྱེན་པ་ཡིས།
བརྩེ་བའི་བུ་ལ་མ་ཡིས་ཇི་བཞིན་དུ།
ངལ་བ་བརྒྱ་ཡིས་བསྒྲུབས་པའི་དྲིན་བཟོ་འདི།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༦ དགོས་པའི་དགྲ་ལ་དཔུང་པ་མི་འཕུར་ནས།
མི་དགོས་ཕུ་ནུའི་ནང་ལ་མདུང་རྩེ་སྐོར།
གལ་གནད་སྐབས་སུ་དགྲ་གཉེན་མ་ནོར་བ
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༧ གཅེས་པའི་སྲོག་མར་མཚོན་གྱི་རྩེ་ལ་དྲངས།
བསགས་པའི་ཕ་ནོར་དགྲ་བོའི་ལག་ཏུ་ཤོར།
ཆོལ་གསུམ་བོད་གྱི་གོད་ཆགས་འདི་བསམ་ནས།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༨ ཆོལ་ཁ་ཆོས་བརྒྱུད་རྩོད་པའི་དུས་མ་ཡིན།
མདོ་སྟོད་གསར་རྙིང་འབྱེད་པའི་དུས་མ་ཡིན།
སྐབས་འཚོལ་རྗེས་སུ་རྒྱུགས་པའི་དུས་མ་ཡིན།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༩ འཐོབ་དང་གོ་ས་རྩོད་པའི་དུས་མ་ཡིན།
རྙིང་ཞེན་ལྟ་ངན་བཟུང་བའི་དུས་མ་ཡིན།
རང་བཙན་གཙང་མ་རྩོད་པའི་དུས་ཡིན་པས།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༡༠ ཁམས་པ་ལ་རྒྱ་ཅན་གྱི་བུ་ཡོད་ན།
ཆོལ་གསུམ་སྤུན་ཟླའི་ནང་ལ་མཐུན་སྒྲིལ་བྱོས།
ཕ་བསད་ཤན་པ་ལག་དམར་གདོང་ལ་བུད།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༡༡ ཁམས་པ་ཤེས་ཡོན་ཅན་གྱི་བུ་ཡོད་ན།
ཙག་ཙིག་ཚོང་ལ་མགོ་བོ་མ་འཁོར་ནས།
རིག་གཅིག་རྐང་འཛིན་དེང་དུས་སློབ་སྦྱོང་བྱོས།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༡༢ དེ་སྐད་ཁམས་པའི་བུ་ལ་གདམས་པའི་གཏམས།
ལྟེ་ཁྲག་དམར་པོ་ས་དེར་འཕོས་པའི་བུ།
ཨ་རི་ཀའི་ལི་ཧྥོར་ཉའི་གྲོང་ཁྱེར་རུ།
ཁམས་ཕྲུག་ཀརྨ་ཡེ་ཤེས་གུས་པས་ཕུལ།
༆།༡ གང་ཞིག་སྐྱེ་བའི་ཕ་ས་གཅིག་པ་རུ།
སོང་བའི་རིགས་ཀྱིས་བསྡུས་པའི་ཁམས་རིགས་ཚོ།
མ་ཡེངས་ཐོས་འཛིན་དབང་པོའི་ཡོལ་གོ་དེ།
ཁོ་བོའི་མཆུ་སྒྲོས་ཐད་དུ་ཅུང་ཟད་གཡོར།
༢ སྤྱི་མཐུན་དཀར་མིན་ལས་ཀྱི་བསོད་ནམས་ཀྱིས།
ཡོལ་བའི་བགྲང་བྱ་བཅུ་ཕྲག་ལྔ་ལྷག་ལོར།
ཕ་བསད་ཤན་པ་ལག་དམར་དགྲ་བོ་དེ།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༣ དགོན་སྡེ་གཏོར་ཞིང་ཉེས་མེད་ཁྲིམས་ལ་སྦྱར།
བཀའ་བསྟན་གསུངས་རབ་མེ་ཆུ་རླུང་ལ་སྦྱངས།
དམྱལ་བ་མི་ཡུལ་མྱོང་བ་ལྟ་བུ་དེ།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས
༤ གངས་ཅན་མགོན་པོའི་གཙོས་པའི་བོད་རིགས་རྣམས།
སྲིན་ཕུང་བེར་གས་གཏོར་བ་ཇི་བཞིན་དུ།
མི་འདོད་གཞན་ཡུལ་འཁྱམས་པའི་ལེ་ལན་འདི།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༥ སྤྱན་རས་གཟིགས་དབང་ཐམས་ཅད་མཁྱེན་པ་ཡིས།
བརྩེ་བའི་བུ་ལ་མ་ཡིས་ཇི་བཞིན་དུ།
ངལ་བ་བརྒྱ་ཡིས་བསྒྲུབས་པའི་དྲིན་བཟོ་འདི།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༦ དགོས་པའི་དགྲ་ལ་དཔུང་པ་མི་འཕུར་ནས།
མི་དགོས་ཕུ་ནུའི་ནང་ལ་མདུང་རྩེ་སྐོར།
གལ་གནད་སྐབས་སུ་དགྲ་གཉེན་མ་ནོར་བ
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༧ གཅེས་པའི་སྲོག་མར་མཚོན་གྱི་རྩེ་ལ་དྲངས།
བསགས་པའི་ཕ་ནོར་དགྲ་བོའི་ལག་ཏུ་ཤོར།
ཆོལ་གསུམ་བོད་གྱི་གོད་ཆགས་འདི་བསམ་ནས།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༨ ཆོལ་ཁ་ཆོས་བརྒྱུད་རྩོད་པའི་དུས་མ་ཡིན།
མདོ་སྟོད་གསར་རྙིང་འབྱེད་པའི་དུས་མ་ཡིན།
སྐབས་འཚོལ་རྗེས་སུ་རྒྱུགས་པའི་དུས་མ་ཡིན།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༩ འཐོབ་དང་གོ་ས་རྩོད་པའི་དུས་མ་ཡིན།
རྙིང་ཞེན་ལྟ་ངན་བཟུང་བའི་དུས་མ་ཡིན།
རང་བཙན་གཙང་མ་རྩོད་པའི་དུས་ཡིན་པས།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༡༠ ཁམས་པ་ལ་རྒྱ་ཅན་གྱི་བུ་ཡོད་ན།
ཆོལ་གསུམ་སྤུན་ཟླའི་ནང་ལ་མཐུན་སྒྲིལ་བྱོས།
ཕ་བསད་ཤན་པ་ལག་དམར་གདོང་ལ་བུད།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༡༡ ཁམས་པ་ཤེས་ཡོན་ཅན་གྱི་བུ་ཡོད་ན།
ཙག་ཙིག་ཚོང་ལ་མགོ་བོ་མ་འཁོར་ནས།
རིག་གཅིག་རྐང་འཛིན་དེང་དུས་སློབ་སྦྱོང་བྱོས།
ཁམས་པའི་བུ་ཡིས་གདམས་ག་མ་ནོར་གཅེས།
༡༢ དེ་སྐད་ཁམས་པའི་བུ་ལ་གདམས་པའི་གཏམས།
ལྟེ་ཁྲག་དམར་པོ་ས་དེར་འཕོས་པའི་བུ།
ཨ་རི་ཀའི་ལི་ཧྥོར་ཉའི་གྲོང་ཁྱེར་རུ།
ཁམས་ཕྲུག་ཀརྨ་ཡེ་ཤེས་གུས་པས་ཕུལ།
ཡ་འཕགས་པ་དཀོན་མཆོག་གསུམ་ལ་ཚད་གཙུགས་དྲ་གྲོགས་ཀརྨ་ཡེ་ཤེས་ནས་དེ་འདྲའི་གནད་ལ་ཕིག་པོའི་ལན་ཡག་པོ་ཞིག་བྲིས་འདུག ངས་ཁྱོད་རང་ལ་རྒྱབ་སྐྱོར་རྒྱ་ཆ་བརྒྱ་ཐམས་པ་ཡོད། རྒྱུ་མཚན་བགྲང་ནས་སྐད་ཆ་བཤད་ན་མི་སུ་ཡིན་ནའང་ཉན་དགོས་པ་རེད། གཏམ་འདྲ་ཆགས་ན་འདྲེ་ཡིས་ཉན། ཟེར་བ་ལྟར་དུ་རེད། སྤྱིར་གཏང་ང་ཡང་ཁམས་པའི་མི་ཞིག་ཡིན། དེང་སང་ང་ཚོ་ཁམས་པ་ཁ་ཤས་ཞིག་ནས་འདས་ཟིན་པའི་ལོ་རྒྱུས་ལ་རྙོག་གླེང་གིས་ངས་འཇོན་རབས། ངས་བསད་རབས། ངས་གཏུབས་རབས་སོགས་བདེན་དཔང་ཁུངས་སྐྱེལ་གང་ཡང་མེད་པར་བསྒྲགས་གཏམ་སྤེལ་གྱི་འདུག ཁམས་པའི་བུ་ལ་འཇོན་ཐང་ཡོད་ན་སྔར་བྱས་ལོ་རྒྱུས་ཀྱི་རྫུན་སྒྲུང་དེ་རེ་ཞིག་མཚམས་བཞག་ནས། མ་འོངས་བོད་བསྟན་སྲིད་དོན་དུ་སྔར་ན་མེད་པའི་གྲོས་ཆོད་གསར་པ་རེ་འཇོག་རྒྱུ་ཡོད་ན་བཟང་། སྔོན་མ་ང་ཚོ་ཁམས་པའི་བྱས་རྗེས་ཁྱོད་རང་ནས་ཡང་སྐྱར་བགྲང་དགོས་མ་རེད་ཤོག་བུ་དཀར་པོའི་ཐོག་ཏུ་ཡི་གེ་ནག་པོ་ཁྲ་ལམ་མེར་ཡོད་རེད། ངོ་མ་བཤད་ན་དེང་སང་སྤྱི་འཐུས་དང་གྲོས་ཚོགས་སུ་སྐབས་སུ་མི་ངན་རེ་ཟུང་ཞིག་ནས་ཁམས་པའི་མིང་ཁུར་ནས་གྲོས་ཚོགས་སུ་དཔུང་པ་ནམ་མཁར་སྒྲེང་ནས་རྙོག་དྲ་ཆུང་ཆུང་ཆེན་པོ་ལ་བཟོ་ནས་གཞི་བྱེས་ཁམས་རིགས་བརྒྱ་ཆ་དགུ་བཅུའི་སེམས་ཁུངས་སུ་ཁྲོ་ཆུ་ཁོལ་མའི་ཞུན་ངར་བླུགས་ནས་སོས་མེད་ཀྱི་སྙིང་བསྲེགས་མཁན་ཚོར་གཞིས་ལུས་ཁམས་རིགས་རྣམས་ཀྱི་ཚབས་བྱེད་མི་ཐུབ།
22 ༠༡༢༠༡༡༡༦༥༢
འཇུ་ཆེན་དཀོན་མཆོག་འཛིན་གྲྭ་ ༡༠ པ་ཐོན་འདུག་ད། ཁྱོད་རང་ཚོས་མཱ་སུ་རིས་སློབ་གྲྭར་སོང་དང་ཁོ་ཚོས་ཤེས་ཀྱི་འདུག མོ་སྔོན་མ་སློབ་གྲྭ་འགྲོ་ས་དེ་མཱ་སུ་རི་རེད་འདུག་ད།
ཁོ་རེ། ད་ནི་ཁྱོད་རང་ཤི་ནའང་ཁོང་རྣམ་པ་གཉིས་སྤྱི་འཐུས་ཐོབ་རྒྱུ་ཉག་ཅིག་རེད་འདུག ཁོང་རྣམ་པ་གཉིས་གང་འདྲ་ཞིན་མིན་ང་ཚོ་ཁམས་པ་ཚོས་ཤེས་ཤེས་པ་རེད། ཁམས་པ་བརྒྱ་ཆ་ ༩༩ རེ་བདང་དམིགས་ཡུལ་ཁྱོད་འདྲ་ཐག་ཆོད་རྒྱུ་ཕར་བཞག་ནས་ཁྱོད་རང་རང་སྐྱེ་དམན་གྱི་ཇི་ལྟར་བྱེད་མིན་ཐག་ཆོད་མཁན་གྱི་མི་ཞུཾིག་རེད་མི་འདུག གཞི་རྩའི་ཀྱོད་འདྲ་བས་ཐག་ཆོད་རྒྱུ་ག་བར་ཡོད་རེད། ཧམ་གཏམ་དང་རྫུན་གཏམ་མ་གཏོགས་བཤད་རྒྱུ་མ་སྙེད་པའི་དུད་འགྲོ་ཁྱོད་ཀྱིས་ཅི་ཤེས། ཡ་ང། ཧཧཧཧཧ། དང་པོ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དང་། བོད་མི་མང་མདོ་སྟོད་སྤྱི་གཉིས་ལ་རྨ་འབབ་བཏང་། ད་ནི་མདོ་སྟོད་རྒྱ་ཆེའི་མི་མང་ལ་རྨ་འབབ་བཏང་། མི་ངན་ཁྱོད་ནི་ཟླ་ཚེ་སོགས་ཀྱི་རྒྱུགས་ཁྱིའི་ག་བར་ཚད་རྐུབ་ལྡག་མཁན་ངོ་མ་རང་རེད་འདུག་ག
ཧ་ཧ་ཧ་ཧ་ཧ་ཧ་ཧ། དྲ་གྲོགས་ཁམས་པ་ཁོ་རེ། ངོ་མ་ཁྱེད་རང་ནས་བློ་མནལ་དུ་ཕོབས་ནས་བསམ་བློ་ཞིབ་མོ་གཏོང་དང་། ང་ཚོའི་ཁམས་རིགས་འདི་གནའ་སྔ་མོའི་བོད་ཀྱི་ལོ་རྒྱུས་ནང་ནས་ཆོས་དང་རིགས་གཞུང་གང་གི་ཆ་ནས་ཡིན་ཀྱང་བྱས་རྗེས་ཅན་ཞིག་དང་མ་ཟད་༡༩༥༩ ལོར་ནས་བཟུང་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་གཏང་མཁན་དཔའ་བོ་དཔའ་མོ་གྲངས་ལས་འདས་པ་ཞིག་བྱུང་ཡོད།དེ་ནི་ང་ཚོ་བོད་གངས་ཅན་ལྗོངས་ལ་གནས་པའི་ཁམས་ཙམ་མ་ཟད་ཆེ་ས་ནས་བཤད་ན་བོད་མི་རིགས་ཡོངས་ཀྱི་ཆོས་དང་རིགས་གཞུང་དང་ཆུང་ས་ནས་བཤད་ན་རང་གི་གཟའ་ཚང་དང་ནང་མི་ཕ་གཞིས་ཕ་མཁར་གྱི་དོན་དུ་རེད། དེ་ལ་ངས་བྱས་དང་ངས་འཇོན་ཀྱི་ཡུས་བཤད་ས་སུ་གང་ཡང་ཡོད་མ་རེད། སྐྱབས་བཅོལ་ལ་སླེབས་ནས་བཟུང་སྟེ་ཁམས་རིགས་མི་ཆེ་གྲས་ཁ་ཤས་ནས་སོ་སོའི་སྒེར་གྱི་འཁོན་འགྲས་སྤྱི་ཡི་ཐོག་ཏུ་ཁུར་ནས། དགོས་པའི་བསྟན་དགྲ་རྒྱ་དམར་ལ་ཁ་གཏད་མ་བྱས་ཤིང་། མི་དགོས་པའི་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་དྲ་ཆེན་པོ་སོས་དུས་མེད་པ་ཞིག་བཟོས་ཡོད། སེམས་ཕམ་དགོས་པ་ཞིག་ལ་རང་དང་རང་འདྲ་བའི་བོད་བསྟན་སྲིད་ཀྱི་དོན་དུ་སེམས་པ་དུང་ལས་དཀར་ཞིང་། ལྷག་བསམ་རི་ལས་ཆེ་བ། སྲོལ་ལུས་འབེན་དུ་གཙུགས་ནས་གསར་འབྱོར་བའི་ཁམས་ཕྲུག་ཚོ་ལ་ཚེ་འདིར་བརྗེད་ཐབས་མེད་པའི་སེམས་ནང་གི་སོས་མེད་ཀྱི་རྨ་ཁ་གསར་པ་ཞིག་ཀྱང་བཟོས་ཡོད། ལར་ནི་ཁ་དང་ཁ་སྤུ་དབྱེ་འབྱེད་བྱས་ནས་ཞུས་ན། སྐབས་དེ་དུས་ཚང་མས་མཁྱེན་གསལ་བཞིན་ང་ཚོའི་ཁམས་པའི་མི་རེ་ཟུང་ཞིག་ནས་བྱས་རྗེས་ཧ་ཅང་རླབས་ཆེན་བཞག་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད། འོན་ཀྱང་ཁྱོད་རང་བསམ་བློ་ཞིབ་ཏུ་གཏང་ན་དེ་ཡི་སྐབས་སུ་བཙན་བྱོལ་བོད་གཞུང་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་དྲ་ཞིག་བྱུང་བ་དེ། དུག་རྩ་ཁོག་ཏུ་སྦས་པའི་དབུས་གཙང་སྐུ་དྲག་རིང་ལུགས་ཀྱི་མི་ངན་རེ་ཟུང་ཞིག་གི་ངན་བྱུས་དང་། མཛོ་ཕོའི་ཚུགས་ལམ་བཅོ་བརྒྱད་ལ་ཡོད་ཀྱང་རིང་སྐྱོན་ལས་མེད་པའི་ཁམས་པའི་མི་ངན་རེ་ཟུང་ཞིག་ནས་སོ་སོའི་ཐོབ་དང་རྐུབ་སྟེགས། སྤྱི་རྒྱུ་སྒེར་བདག་སོགས་སྒེར་གྱི་འཁོན་འགྲས་སྤྱི་ཡི་ཐོག་ཏུ་ཁྱེར་ནས་བཟོས་པའི་ནང་གི་རྙོག་དྲ་ཞིག་རེད་འདུག ད་ང་ཚོའི་མི་རབས་གསར་པའི་འགན་འཁྲིའི་སྒང་ལ་སླེབས་ཡོད། དེ་སྔའི་བྱུང་ཟིན་པའི་མི་རབས་དང་། བླ་རབས་ཚོས་ང་ཚོ་ལ་ཕན་ཡོད་ཀྱང་དེ་བས་ཆེ་བ་གནོད་ཀྱང་བསྐྱལ་ཡོད། ད་ང་ཚོའི་མི་རབས་རྙིང་པའམ། མངའ་བདག་རིང་ལུགས་ཀྱི་བཀས་བཀོད་བརྒྱུད་འཛིན་རིང་ལུགས་ཀྱི་བཅིངས་ཐག་ལས་གྲོལ་ཡོད། ད་ང་ཚོའི་གནས་སྐབས་ཁྱིམ་ཚང་ནང་ལྟ་བུའི་སྒེར་གྱི་འཁོན་འགྲས་དེ་ཉིད་རྩ་དོན་དུ་བཟུང་ནས་རྩོད་པའི་དུས་ཚོད་མིན། ཕ་བསད་སྟོང་གིས་མི་འཇལ་བའི་ལོ་འཁོར་ལྔ་བཅུའི་ནང་དུ་ལྷག་པའི་སྤྱི་ཡི་འཁོན་འགྲས་དེ་ཉིད་རྩོད་པའི་དུས་ཡིན།
ལར་ནི་ཁྱོད་རང་ནས་ངོས་ལ་བཟང་སྤྱོད་ལས་འདས་པའི་ངར་ཚིགས་ཀྱིས་༼མ་བརྟགས་པའི་ཟེར་རྗེས་ཀྱི་རྗེས་སུ་འབྲངས་པའི་རྒྱུགས་ཁྱི་ཁྱོད་ཅེས༽བཀོད་འདུག་ཀྱང་ངས་བལྟས་ན་ཁྱོ་རང་དངོས་གནས་མ་བརྟག་པའི་ད་དུང་ཁམས་རྒན་ཁ་ཤས་ཞིག་གི་རྒྱུག་ཁྱི་རེད་འདུག་བསམ།
ཁྱོད་ནས་ང་ལ་རྡིག་པའི་ཚུལ་གྱིས་༼ཁོ་རེ་ཉེ་ཆར་སྐབས་༡༥་པའི་སྐབས་མདོ་སྟོད་སྤྱི་འཐུས་འོས་བསྡུའི་སྐབས་ཁོང་རྣམ་པ་གཉིས་མདོ་སྟོད་སྤྱི་འཐུས་སྔོན་འགྲོའི་གྲངས་མཐོ་ཤོས་སུ་སླེབས་མི་འདུག་གམ། ཁྱོད་ཁོ་རེ་དེ་མ་མཐོང་ཟེར་ན་ལོང་བ་རེད༽ ཅེས་སོགས་ཀྱི་སྐབས། ངས་བསམ་ན་དམངས་གཙོའི་རྒྱལ་ཁབ་ཞིག་ལ་མཚོན་ན་འོས་ཤོག་ཐོབ་པ་དེ་དམངས་གཙོ་ཡིན་པའི་དཔང་རྟགས་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་ང་ཚོའི་བཙན་བྱོལ་བོད་གཞུང་འདི་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་༡༩༧༣ ནས་བཟུང་སྟེ་དམངས་གཙོའི་གསོལ་རས་བརྩལ་ཡོད་ཀྱང་ད་དུང་ང་ཚོའི་མི་མང་གཞུང་ལ་དམངས་གཙོའི་གསོལ་རས་བརྩལ་བ་ནང་བཞིན་སླེབས་ཐུབ་མེད། དེ་དང་ཆབས་གཅིག་ཏུ་ང་ཚོའི་མདོ་སྟོད་མི་མང་ནང་ལའང་དམངས་གཙོའི་གསོལ་རས་འདོད་པ་ཚིམ་པ་ཞིག་ཡོང་གི་མེད་པ་ནི་ད་ལྟའི་ང་རང་གཉིས་ནས་རྩོད་བཞིན་པའི་མདོ་སྟོད་ཚོགས་གཙོའི་མིང་ཁུར་བ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་། འཇུ་ཆེན་བུ་མོ་གཉིས་འདྲ་བའི་ཁམས་པ་རྫུན་མ་དེ་ཚོའི་རྐུ་མའི་རྒྱབ་རྩ་ཇག་པས་བྱེད་ནས་ཡུལ་ལུང་གང་སར་ཁྲིམས་མཐུན་མེད་པར་ལྟག་སྒོ་དང་གཡོ་རྒྱུ་ཁྲམ་གསུམ་གྱིས་ཉོས་པའི་འོས་ཤོག་རྫུན་མ་དེ་ཚོ་ལ་ངས་ངོས་ལེན་གཏན་ནས་མེད།
ནོར་འདུག ཁོངས་དང་ལུང་མེད་པ་ཟེར་ན་འགྲིག་ཨེ་ཡོད། འཇིན་གྲ་༨པའི་སྐད་བརྒྱབ་སོང་ལབ་པ་ཡིན། འཇིན་གྲ་༨པ་ལས་མང་བ་ཐོན་ཡོད་ན་ངས་ནོར་འདུག དེ་མིན་ཁྱེད་རང་གིས་ནོར་བ་རེད། ༼ང་WALK OUT བྱེད་ཀྱི་ཡིན༽ ཞེས་བོད་སྐད་གྲོས་ཚོགས་ར་བར་ལབ་སོང་། བོད་གཞུང་གིས་འཇིན་རིམ་༨པ་ལས་འགྲོ་མ་ཐུབ་མཁན་ཚང་མ་ལག་ཤེས་བཟོ་གྲ་གཏོང་གི་ཡོད་པ་རེད།།
18 ༣༡༢༠༡༠༡༡༥༩
ཡ་སྐད་ཆ་སྙན་པོ་དང་བདེན་མདོག་ཁ་པོ་འདུག འཛམ་གླིང་ནང་གི་གྲོས་ཚོགས་ཀྱི་ཐོབ་ཐང་སོགས་རྩོད་ཀྱི་འདུག ཡག་པོ་རེད། བསམ་ཚུལ་སྣ་དགུ་འདུག་ཡིན་ཡང་སྔ་ལོ་མདོ་སྟོད་སྤྱི་འཐུས་དང་ཆོས་ལུགས་སྤྱི་འཐུས་པ་ཚོས་ཕྱི་ལ་ཕྱིན་ནས་གྲོས་ཚོགས་འཇུག་བསྡུའི་ལས་རིམ་བྱུང་མེད་པ་དེ་འཇུ་ཆེན་ཚང་གི་འཇོན་ཐང་ལ་རྩིས་ཆོག དེ་ཙམ་མ་ཡིན་པར་རྒྱ་དམར་གྱི་ཁྱབ་བསྒྲགས་གང་བྱས་པ་དེ་དག་རྩ་དོན་ལ་དངོས་སུ་ཕན་ཐོག་ཡོད། སྐད་ཆའི་སྙིང་བུ་ནི་བསོད་ནམས་སྟོབས་རྒྱལ་གྱི་ལམ་འགྲོན་ཐོབ་མིན་ཙམ་མི་རེད་པས། རྒྱ་མིའི་འདོད་པ་ལྟར་བྱེད་མཁན་དེ་ཚེ་སླར་ཡར་ཡར་བསྐོས་དང་དེ་ལས་ཡག་པ་ཞིག་ཡོངས་རྒྱུ་ཡིན་པ་ཐག་ཆོད་རེད། walk out walk out!!! what is the definition of walk out ?
ཁམས་དང་ཨ་མདོ་ཕྱོགས་གང་ནས་ཁེ་སང་རགས་ན་འཆི་སྲོག་ལ་ཐུག་ཀྱང་མིག་བཙུམ་སྟེ་མཆོང་འགྲོ་མཁན་ཞབས་འདྲེནགསེར་རྟའི་རིགས་གསར་རྟ་ཀུན་འཕེལ་ཟེར་བ་དེས་མཁྱོག་བཤད་མ་གཏོགས་བཤད་རྒྱུ་མེད་པ་འདྲ། མི་ངན་ཁྱོད་འདྲ་བའི་འཇུ་ཆེན་རིགས་ལ་བྱས་རྗེས་ཅན་དང་འཇོན་ཐང་ཅན་ངོས་ལེན་བྱས་པའི་ཕན་ཐོག་ཅི་ཡང་མེད། འཇིག་རྟེན་གནའ་མིའི་གཏམ་དཔེ་ལ། ལ་ཐེལ་ཐོག་ལ་ཟན་ཐེལ། ཟེར་བ་ལྟར་དགོས་པ་མི་འདུག འཇུ་ཆེན་བུ་མོ་གྲོས་ཚོས་ཚོགས་ནས་walk out བྱས་པ་དེ་ཤེས་ཡོན་མེད་པའི་མི་རང་རེད། ཅེས་ངོ་ཚ་དང་ཁུངས་ལུང་མེད་པ་དེ་འདྲ་བཤད་འདུག walk outབྱས་པ་དེ་ཤེས་ཡོན་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་ན་འཛམ་གླིང་མང་རྒྱལ་ཁབ་ཐམས་ཅད་ཀྱི་གྲོས་ཚོགས་ཚོགས་ཀྱི་སྒྲིག་གཞིའི་ནང་walk out བྱེད་ཆོག་པ་དེ་གྲོས་ཚོགས་ཀྱི་འཐུས་མི་ཚོས་དམིགས་བསལ་གྱི་ཐོབ་ཐང་བཞག་ཡོད་ལ། མང་གཙོའི་གྲོས་ཚོགས་ཐམས་ཅད་ཀྱི་ནང་དུ་མང་གི་ཉུང་བརྡུང་བརྡེག་གཏོང་སྐབས་ཀྲིམས་ལུགས་དེ་བེད་སྤྱོད་བྱེད་ཆོག་པ་གཏན་འབབ་གནང་ཡོད། འགྲོ་སྟངས་མེད་པའི་གསེར་རྟ་ཁྱོད་ཀྱིས་བགྲངས་པ་ལྟར་ན། མང་གཙོའི་གྲོས་ཚོགས་འཐུས་མི་ཐམས་ཅད་ཤེས་ཡོན་ཡོན་མེད་པ་ཞིག་ལ་ངོས་འཛིན་བྱེད་ཐུབ་བམ་གླང་རྒན། རྒྱུན་མཚན་ནི་walk outབྱེད་རྒྱུ་ཐབ་བཅད་པ་དེ་འཛམ་གླིང་མང་གཙོའི་གྲོས་ཚོགས་ཀྱི་འཐུས་མི་ཚོས་གཏན་ལ་དབབ་པ་རེད། དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད་ན་འཛམ་གླིང་ནང་ཤེས་ཡོན་ཡོད་པའི་མི་སྣ་བླུན་རྒན་ཁྱོད་མ་གཏོགས་མེད་པ་ངོས་འཛིན་བྱེད་དགོས་འགྱུར། རྒཡུ་མཚན་མི་ཤེས་པའི་བླུན་རྒན་གསེར་རྟ་ཁྱོད་མདོ་སྟོད་གང་ནས་ཁེ་ཕན་རགས་ཐབས་བྱས་ན་ལེགས་པ་ལས་མི་གཞན་ལ་བྱུས་ཏོག་མ་བྱས་ན་ཁྱོད་རང་གཉིད་ཁུག་ལེ་དྲགས་ཀྱི་རེད།
གསེར་རྟ་ཀུན་འཔེལ་ཟེར་བ་དེས་ག་རེ་བཤད་ཀྱི་ཡོད་རེད། འཛིན་གྲྭ་བརྒྱད་པ་མི་དགོས་ལྔ་པ་ཡིན་ནའང་ཁྱད་པར་ཡོད་མ་རེད། ཁོ་རེ་ཉོན་དང་མི་ལ་རྣམ་དཔྱོད་མེད་ན་ལག་འཁྱེར་གྲངས་ཀ་མང་ཉུང་གི་ཁྱད་མེད། ད་བར་བོད་ཀྱི་རྒླ་རབས་ལོ་རྒྱུས་ཐོག་སྲིད་དབང་འཛིན་སྐྱོང་ལ་མངའ་བརྙེས་པའི་སྙན་གྲགས་ཅན་ཐམས་ཅད་ལ་འཛིན་གྲྭ་བརྒྱད་པའི་ལག་འཁྱེར་ཡོད་པ་སུ་འདུག ཁོ་གྲྭ་བརྒྱད་དང་བཅུ་གཉིས་ལ་ྦལྟ་ས་མེད། སྒྲོལ་མ་མཚོ་མོ་ཟེར་བ་དང་། རྒྱ་རི་བུ་ཕྲུག་ཟེར་བ་དེ་ཚོར་འཛིན་གྲྭ་མང་པོའི་ལག་འཁྱེར་ཡོད་ཤས་ཆེ། འོན་ཀྱང་གྲོས་ཚོགས་ནང་བོད་ྶྐད་རྒྱག་ཐུབ་ཀྱི་མི་འདུག། བོད་སྐད་མི་གོ་བའི་བོད་པའི་གྲོས་ཚོགས་ཀྱི་འཐུས་མི་མི་དགོས་པ་ཡིན། ཁྱོད་ལ་བོད་སྐད་མི་གོ་བའི་ལག་འཁྱེར་བརྩེགས་པ་རྒྱག་མཁན་བོང་བུ་ཞིག་དགོས་དེ་ཚོ་གདམས་ལོོག་སྤྱོད་པ། ཅི་ཡང་མི་ཤེས་ན་ཁ་སྟར་ཁ་ནང་བཞིན་བཙུམ།
ཁམས་པའི་གསེར་རྟའི་བྱུས་ལམ་དུ་ཕྱིན་ཏེ་ཨ་མདོའི་གསེར་རྟར་ལོ་ལྔ་རིང་སྤྱི་འཐུས་ཀྱི་རྐུ་བཅག་ཐོབ་པ་རེད། ཁོང་རྣམ་པ་གཉིས་གོ་བསྡུར་གནང་བ་ལྟར་གསེར་རྟ་ནས་ཡིན་པའི་མི་གསེར་ལ་ཐོབ་ཐང་རགས་རེ་བྱས་ཏེ་ཁམས་པ་དང་ཨ་མདོའི་བར་ཀྱིས་རྩོད་གཞི་སློང་ཡོད། འོན་ཀྱང་ཨ་མདོའི་གསེར་རྟ་དགོངས་པ་མཞུས་ཐབས་མེད་ཆགས་ཡོད། ཁོང་ཡང་ཁམས་པ་ཡིན་པ་ཨ་མདོ་ཚོས་ཤེས་གྲབས་ཡོད། གང་ཡིན་ཟེར་ན། རང་བཙན་ལག་དེབ་སྦས་ཐུབ་ཡ་མེད་དུས་ག་ལེར་ཚང་མས་ཤེས་འགྲོ་གི་ཡོད། ྲྫུན་རྐུབ་དམར་རྗེན་མ་ཐོན་གོང་ནས་དགོངས་པ་ཞུས་ཡོད། འདི་ལོར་ཁོང་ཨ་མདོ་རྫུན་མ་ཡིན་པཤེས་མཁན་མང་རུ་འགྲོ་བཞིན་ཡོད་ཐོབ་ཡ་རེ་བ་མི་འདུག་པས་སོ།
གོང་གི་མི་བཅུའི་ནང་རྒྱས་ཡོད་ས་གཅིག་གྱང་མི་འདུག ཁྱད་མི་འདུག་འོན་གྱང་ད་ལོ་བོད་རྒཡལ་ཡོངས་ཚོགས་འདུ་ཆེན་པོའི་མཇུག་སྡོམ་ཐོག་སྤྱི་འཐུས་འོས་བླུག་སྟང་སྐོར་གནངས་བའི་༧གོང་ས་སྐྱབས་མགོན་ཆེན་པོའི་མཆོག་གི་བཀའ་སློབ་རིན་པོ་ཆེར་ཚངས་མའི་ཐུགས་བསམ་བཞེས་རྒྱུ་ནི་ཤིན་ཏུ་གལ་གནད་ཆེ་བར་སྣང་།
13 ༣༠༢༠༡༠༡༩༤༥
ཅོ་རི་སུ་ཡིན་མི་ཤེས། ཇོ་རི་གོ་མྱོང་ཡོད། གང་ལྟར་གྲ་པས་ཆོས་ལས་སྲིད་ཤེས་མེད་དངོས་གསལ་རེད། མ་གཏོགས་དགེ་བཤེས་དང་བླ་མ། མདོར་ན་མཁས་འདུས་པ་རྒྱ་མཚོའི་སྐུ་ཚབ་བུ་མོ་དེ་འདྲ་ཞིག་འདེམས་སྒྲུག་བྱེད་མི་སྲིད་བ་རེད། ཀུན་འཕེལ་ལ་རྒྱབ་སྐྱོར་ཡོད།
12 ༣༠༢༠༡༠༡༩༣༤
ཀུན་འཕེལ་ཁྱོད་བདེན་གི། ཁམས་ཀྱི་དགེ་བཤེས་དེ་ཚོ་མ་གཏོགས་བལྟ་ས་མི་འདུག
འཇུ་ཆེན་ཁོ་རང་བྱས་རྗེས་འཇོན་ཐང་ཆ་ཚང་ཡོད་པ་ངོས་ལེན་ཡོད། བུ་མོ་ནི་འཇིན་གྲ་༨པ་ཐོན་ཐུབ་ཙམ་རེད། ཁམས་པ་ཚོར་མི་སད་རུས་ལ་ཐུག་པ་འདྲ། སྤྱི་འཐུས་ར་བར་ཁ་རྩོད་བྱེད་པར་སྟག་མོ་འདྲ་འདུག ཤེས་ཡོན་དང་དཔལ་འབྱོར། ཆོས་རིག་དང་ཆབ་སྲིད་ལ་ཕན་ཐོགས་ཡོད་པའི་གཏམ་ཞིག་གོ་མྱོང་མེད། ཁམས་པ་ཚོར་ལག་ལེན་གྱི་སྒང་དུ་ཕྱི་ནང་གི་ཤེས་ཡོན་ལྡན་པ་སྤྱི་འཐུས་མེད་པ་དེས་ཁོ་རང་ལྐུགས་པས་རང་ཚང་སྟོན་པ་ཞིག་མིན་ན། ཆོལ་ཁ་གཞན་པར་རྒོལ་ཁུལ་བྱས་ནའང་ཁོ་ཚོའི་ནང་བཀའ་བློན་སླེབས་ཐུབ་དཀོན་པོ་རེད། ང་་་WALKOUT བྱེད་ཀྱི་ཡིན་ཞེས་གྲོས་ཚོགས་སུ་ལབ་འདུག ཤེས་ཡོན་མེད་པའི་མི་རང་རེད།
གསེར་རྟ་ཚུལ་ཁྲིམས་ཟེར་བ་དེ་ལ་ག་རེ་ལྟ་བཟོ་འདུག ས་ཆ་ཆུང་ཆུང་ཞིག་གི་མིང་ཁོ་ནས་ཐོག་སྤྱི་འཐུས་ཆགས་པ་རེད། ཨ་མདོའི་གསེར་རྟས་ཚུལ་མཐུན་གྱི་ཐོག་ནས་ཕྱིན་པ་རེད། ད་ཁོ་པ་འགྲོ་རན་འདུག
ཡ་ཁོ་རེ་་ཀརྨ་ཡེ་ཤེས་ཟེར་བ་དངོས་དོན་མ་བརྟག་པར་ཟེར་རྗེས་སུ་འབྲངས་པའི་རྒྱུགས་ཁྱི་ཁྱོད་ཀྱིས་བཤད་པ་ལྟར་ན་མདོ་ཁམས་ཆུ་བཞི་སྒང་སྒང་དྲུག་གི་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་། མདོ་སྟོད་སྤྱི་འཐུས་འཇུ་ཆེན་དཀོན་གཉིས་ལ་རྨ་འབབ་བཏང་བ་དེ་འོས་སུ་མ་མཆིས་པའི་གཏམ་རེད། ད་དུང་མདོ་སྟོད་མི་མང་བརྒྱ་ཆ་༩༩ ཡིས་ངོད་ལེན་མེད་ཚུལ་བཤད་འདུག ཧཧ་དེ་འདྲའི་དཀྲོགས་གཏམ་ཀྱོད་ཀྱིས་མ་མཐོང་ངམ། ཉེ་ཆར་སྐབས་ ༡༥ པའི་མདོ་སྟོད་སྤྱི་འཐུས་འོས་བསྡུའི་སྐབས་ཁོང་རྣམ་པ་གཉིས་མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གྲངས་མཐོ་ཤོས་གྲས་སུ་ཕེབས་མི་འདུག་གམ། ཁྱོད་ཁོ་རེ་དེ་མ་ཐོང་ཟེར་ན་ལོང་བ་རེད། ད་དུ་ང་མདོ་སྟོད་བརྒྱ་ཆ་ ༩༩ ཐག་ཆོད་མདོག ཧམ་གཏམ་ལ། གཏམ་དེ་འདྲ་བཤད་ན་ལོང་སྨྱོན་མགོ་ལ་རྡ་ོ་རྒྱབ་པ་དང་ཅིས་མི་མཚུངས། མདོ་སྟོད་རྒྱ་ཆེའི་མི་མང་གིས་ཁོང་རྣམ་པ་གཉིས་ལ་རྒྱབ་སྐྱོར་དང་རེ་བ་ཇི་ཙམ་རྒྱབ་ཡོད་པ་ཐོས་མ་སོང་་ངམ། ཁྱོད་དེ་མ་ཐོང་ཟེར་འོན་པ་རེད། མཐོང་ཐོས་ཆ་ཚང་ཡོད་བཞིན་དུ་་ཧམ་གཏམ་དེ་ལྟར་བཤད་པ་ནི་ཁ་མི་དགོས་རྐུབ་བགད་མོ་ཤོར་ཡ་རང་རེད། དམ་ཉམས་ཁྱོད་རང་ཁ་བཙུམ་ན་མདོ་ཁམས་མི་མང་གཅིག་སྒྲིལ་ཡོང་རྒྱུར་ཕན་ཐོག་གི་རེད།
ཡར་བསླེབས་ཚར་དུས་ཡོང་ཁོང་དེ་ལ་ཁ་མར་འཁོར་ནས་གཟིགས་ཤེས་མཁན་ཞིག་དང་བོད་དོན་དུ་བསམ་འཆར་བཤད་ཐུབ་མཁན་ཞིག་ངེས་པར་དུ་དགོས་རྒྱུ་ནི་བཤད་མ་དགོས་པ་རེད།
ཁྱོད་ཁམས་པ་ཡིན་ང་ཁམས་པ་ཡིན་གང་ལྟར་ཁམས་པ་གཅིག་པ་རེད། དོན་དངོས་ཐོག་ནས་བཤད་ན་ཁམས་པ་གཙོ་བོ་དང་བོད་ཕལ་བ་ནི་དུས་ནང་ཡང་ཆགས་མི་སྲིད་པས། བསམ་བློ་སྔ་ཕྱི་གང་སར་བལྟ་ཐུབ་པ་དང་ཉན་ནས་ཤེས་ཐུབ་པའི་མི་ཞིག་ཡིན་ཕྱིན་ཁམས་པ་ཡིནའང་ཆོལ་ཁ་གཞན་གང་ནས་ཡིན་རུང་གང་ལྟར་རྐུབ་སྟེགས་ཞིག་ངེས་པར་ཕུལ་དགོས། ཁོང་ཚོས་རྩ་དོན་ཆེད་དུ་ལས་འགན་སྒྲུབ་འདོད་ཡོད་པ་དང་ནུས་པ་ཐོན་གྱི་ཡོད་པ་ཡིན་ན་དགའ་བསུ་ཞུ་རྒྱུ་རེད། གྱོང་ཕོགས་ན་ང་ཚོས་མྱོང་དགོས་པ་དང་ཁེ་བྱུང་ནའང་མཉམ་སྤྱོད་བྱེད་རྒྱུ་དེ་ལས་དབང་ཡིན། གང་ལྟར་སོ་སོའི་ལས་དབང་ལ་སོ་སོས་ཤེས་བཞིན་གཡང་སར་མཆོངས་ན་གང་ཡིན་མིན་མ་ཤེས་སམ་ཨ་རོག སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་ཡིན་པ་ང་ཚོའི་ཁ་དཔེར་ཡོད་ཡོད་རེད། དེ་རིང་སང་ཉིན་ལུགས་རྒྱས་ལ་རྨ་འབེབས་བྱས་ནའང་གང་ལྟར་ང་ཚོའི་ལོ་རྒྱུས་རེད། མི་རྒན་གྱི་འགྲོ་ལམ་དེ་མི་ཡག་པ་མཐོང་ཚེ་དེ་ལས་ལྷག་པའི་ལམ་ཞིག་གང་གི་ཕྱིར་མི་སྕལ་རམ། འཚོལ་དགོས་ལེགས་ངེས་འཇལ་བའི་བློ་གྲོས་བེད་སྤྱོད་དགོས་དོན་མེད་ཕ་རྒན་འཇུ་ཆེན་གྱི་ངན་བྱུས་ནང་འགྲོ་རྒྱུ་མེད། ཕ་རྒན་ངན་བྱུས་ཀྱི་རྒྱལ་པོ་རེད། ཁམས་ནང་ཁུལ་གྱི་རྙོག་ཁྲའི་གཏེ་པོ་མི་དེ་ནས་ཡོངས་ཀྱི་ཡོད་པ་དང་རྒྱབ་ལོག་ནས་ལས་ཀ་གང་བཀོད་བསྒྲིགས་བྱེད་ཀྱི་ཡོད་པ་ཚང་མས་ཤེས་ཟིན་སོང། སྔ་ལོ་ལྷོ་ཕྱོགས་སུ་སྐད་ཆ་བཤད་པ་དང་ཕྱིས་སུ་གྲོས་ཚོགས་ལྷན་རྒྱས་དང་བཀའ་ཟུར་རྣམ་པ་ཉན་བཤད་བྱེད་དུས་ཀྱི་སྐད་ཆ་གཉིས་གཅིག་མཚུངས་མ་ཡིན་པ་དེ་ཉེ་དུས་ཀྱི་དཔང་རྟགས་ཡག་ཤོས་དེ་རེད། སོ་སོ་དཔྱད་དགོས། དྲ་བའི་ནང་གི་གནས་ཚུལ་བྱུང་ཁུངས་ལ་ཁག་གཉིས་ཡོད་པས་དོ་སྣང་དང་ཕྱོགས་ལྷུང་མེད་པའི་ལས་ཞིག་བརྩམས་ནས་ཚོད་བལྟ་བྱེད་དང། ད་བར་མི་ལྔ་བཅུ་ལྷག་རིང་བཙན་བྱོལ་ནང་ཕྱོགས་ལྷུང་ཐད་ཆེས་ཤུགས་ཆེ་ཤོས་ནི་ཁམས་པ་ཡིན་པ་གསལ་པོ་རེད། དེ་ནས་ཨ་མདོ་བ། དེ་ནས་དབུས་པ་བཅས་གང་ལྟར་རིམ་པ་བཞིན་ཡོད། ཤུགས་ཆེ་ས་ནས་ཆུང་དུ་གཏོང་ཐུབ་ན་ཆུང་ཆུང་རང་བཞིན་གྱི་མེད་པ་འགྲོ་རྒྱུར་བརྗོད་མི་དགོས། ཚོད་ལྟ་བྱེད་དགོས། ཁམས་པའི་མིང་ལ་གད་རྙིགས་མང་པོ་མི་དགོས། ང་རང་ཁམས་པ་ཡིན་ལ་བཙན་བྱོལ་ནང་དུས་ཡུན་རིང་པོ་མཚར་ལོང་བྱེད་ཡོད། ཁམས་ཞེན་དེ་ཙམ་མེད་གང་ལྟར་ཞེན་མེད་པ་ནི་མིན། ཆུང་དྲགས་པའི་སྐྱོན་ཆེན་པོ་མ་བྱུང་ཆེ་དྲགས་པའི་སྐྱོན་མང་པོ་འདུག
ཡ་ཁོ་རེ་ཁམས་པ། ཁྱོད་རང་གི་ཞེ་འདོད་དེ་ངས་ཟུར་ལྟས་ལེབས་མཐོང་རེད་འདུག ང་ཁམས་པ་ངོ་མ་དེ་ཡིན། འདས་པའི་མི་ལོ་བཞི་བཅུའི་ནང་རྙོག་དྲ་རྫོགས་རྒྱུ་མེད་པ་ཞིག་བཟོས་འདུག་པ་དེ་འཇུ་ཆེན་བུ་མོ་དང་གཡུང་དྲུང་རྒྱལ་མཚན་གཉིས་འདྲ་བའི་ལས་སྟངས་དེས་བྱུང་བ་རེད། ང་ཚོ་ལ་དཔའ་དང་བློ་ཁོག་ཡོད་ན་ཁྱེད་རང་གི་ཕ་བསད་ཤན་པ་ལག་དམར་དེ་ད་ལྟ་ཡང་ལ་ཕར་རྒྱབ་དེར། ཕ་བསད་པས་མི་ཚད་རྒྱལ་རྔ་བརྡུང་ཞེས་པའི་དཔེ་ལྟར་རྔམས་རྔམས་དང་རྫིག་རྫིག་བྱས་ནས་བསྡད་ཡོད་པ་ཚང་མས་མཁྱེན་གསལ་རེད། གར་སྲིད་མ་གོ་མ་ཐོས་ཟེར་ན་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ནས་བོད་ཆོལ་ཁ་གསུམ་གྱི་གྲོས་ཚོགས་ཀྱི་ར་བའི་ནང་ནས་དཔུང་པ་གྱེན་དུ་སྒྲེངས་ནས་གཏམ་དཔེ་ཞིག་ལ། རི་མཐོན་པོའི་མགོ་ནས་འབྲུག་གྲགས་དེ་མ་གོ་ཟེར་ན་འོན་པ་རེད། ཐང་བདེ་མོའི་སྟེང་ནས་རྟ་རྒྱུགས་བྱེད་དེ་མ་མཐོང་ཟེར་ན་ལོང་བ་རེད། ཟེར་བའི་གཏམ་དཔེ་དེའི་ནང་བཞིན་རེད། དེང་སང་ཁམས་པའི་མིང་ཁ་ལ་ཁྱེར་ནས་ཞབས་འདྲེན་པ་ཁ་ཤས་ཞིག་ནས། ཕྱི་དགྲ་རུ་ཁབ་རྩེ་ཙམ་ཡང་སྟོན་རྒྱུ་མེད་པར་ཁྱིམ་ནང་དུ་མདུང་སྐོར་ཞེས་པའི་དཔེ་ལྟར་ལགས་པས་ང་ཚོ་གཞི་བྱེས་གཉིས་ཀྱི་ཁམས་རིགས་བརྒྱ་ཆ་དགུ་བཅུ་ཐམས་པས་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
ཁོང་རྣམས་པ་གཉིས་ནི་དྲ་བདེན་ཟེར་བ་དེས་གསུང་པ་ལྟར་གཅིག་གྱུར་རེད། ང་ཚོ་ཁམས་པ་ཚོ་མི་བཟང་ངན་ཤེས་མཁན་ཞིག་རེད། ཁོང་གཉིས་ལས་ལྷག་པའི་ཁ་རུ་ཁ་ཐུག་དང་དྲང་པོ་བཤད་ཐུབ་མཁན་སྤྱི་འཐུས་ནང་སུ་གང་མི་འདུག ཁོང་གཉིས་ལ་དགའ་པོ་ཞེ་དྲགས་ཡོད་དོ། ང་ཚོའི་སྤྱི་ཚོགས་འདི་ངོ་བསྲུང་དང་འཛེམས་ཟོན་རྐྱང་རྐྱང་། རྨོང་དད་ཞེན་པས་རང་ཡུལ་ཤོར་བ་རེད། ལས་ཀ་དངོས་གནས་བྱེད་མཁནཞིག་སླེབས་ཚེ་རྐང་པ་ནས་འཐེན་བྱས་ན་དུས་ནམ་ཡང་བོད་དོན་བདེན་མཐའ་གསལ་ཐབས་མེད། གོང་འོག་ཚང་མས་དོགས་ཟོན་བྱེད་དགོས་ས། ཞེད་དགོས་ས་དེ་འདྲ་མང་པོ་ཡོད་ན་ནམ་ཞིག་ང་ཚོའི་སྤྱི་ཚོགས་འདི་ཡར་རྒྱས་འགྲོ་སྲིད། དེ་མིན་གནས་ཚུལ་གི་བྱེད་པྱིོགས་ཁ་མཐུན་ཟ་འདྲེ་རྐྱང་རྐྱང་ཆགས་ན་བོད་དོན་བདེན་མཐའ་གསལ་རྒྱུ་པར་རིའི་སྤང་དཀྱིལ་རེད་ལགས།
དགེ་བཤེས་གཡུང་དྲུང་རྒྱལ་མཚན་དང་། འཇུ་ཆེན་བུ་མོ་དཀོན་མཆོག་གཉིས་ང་མདོ་ཁམས་པའི་སྐུ་ཚབ་ཨ་མ་གཏན་འབེབས་བྱེད་དགོས་པ་མ་ཟད། ཁོང་རྣམ་པ་གཉིས་ནི་ལྷག་བསམ་དྲང་ཚུགས་ལྡན་ཞིང་བསམ་ཕོད་པ། བཤད་པོད་པ། ལག་ལེན་བསྟར་མཁན་ངོ་མ་ཞིག་རེད་འདུག ངོ་བསྲུང་སྤྲེལ་ལད་མི་དགོས་རང་གཤིས་དྲང་བའི་ཉམས་ཐག་རྣམས་ལ་གཟིགས་སྐྱོང་བྱེད་ཐུབ་མཁན་ཞིག་རེད། དེ་བཞིན་མ་འཽངས་ང་ཚོ་མདོ་ཁམས་པའི་གནས་སྟངས་བཟང་ངན་ཚང་མ་ཕན་ཕོག་བྱེད་ཐུབ་ངེས་ཤིག་ཡིན་སྟབས་ཁམས་པ་རྒྱ་ཆེའི་མང་ཚོགས་ཀྱིས་རྒྦ་སྐྱོར་ཡོད་ཡོད་པ་རེད། ཁམས་པ་ཟེར་བ་དེ་བཟང་པོར་བཟང་ལན་འཇལ་མཁན་ཞིག་དང་། ངན་པར་ངན་ལན་སྤྲོད་མཁན་ཞིག་ཡིན་དུས་དེ་ཚོ་ཁམས་པ་ཚང་མས་ཤེས་ཀྱི་རེད། ཁོང་གཉིས་མ་རྩ་བཞག་སྟེ་གོང་དུ་ཅོ་རིས་མི་ལྔ་གམས་གསེས་གནང་བ་དེ་གཏན་འཁེལ་བ་ཡིན། དེའི་ཐོག་གོ་བོ་བློ་བཟང་ཕན་བདེ་དངོས་གནས་ལྷག་བསམ་རྣམ་དག་དང་གཡོ་བྱུས་ཀྱི་འོག་ཏུ་འགོ་མི་འཁོར་མཁན་ཞིག་རེད། ཚང་མས་རྒྱབ་སྐྱོར་ཡོད་པ་ཞུ།། དེའི་ཐོག་ཀརྨ་མཁས་གྲུབ་ཟེར་བ་དང་། ཡང་རྡོ་རྗེ་དབང་འདུས་ཟེར་བ་དེ་གཉིས་གང་འདྲ་ཡོད་མེད་་མི་ཤེས། ཆུ་སྒང་གི་རྒྱུན་ལས་ཡིན་སྟབས་ངས་དེ་གཉིས་ལ་རྒྱབ་སྐྱོར་ཞུ་གི་ཡིན། ཟླ་བ་སྒྲོལ་མ་ལའང་ངས་རྒྱབ་སྐྱོར་ཞུས་པ་ཡིན་། གང་ཡིན་ཟེར་ན་ཆུ་སྒང་རྒྱུན་ལས་ཀྱི་ཚོགས་གཙོ་ཡིན་དུས་ང་ཚོས་མིག་བཙུམ་ནས་འོས་འཕངས་ཀྱང་འགྲིགས་ངེས་རེད།་་དེདག་འོས་བབ་ཡོད་མེད་གསུང་རོགས་གནང་།
འོ་གཏམ་དྲང་པོ་བཤད་ས་ལ་སླེབས་དུས་དྲང་པོ་བཤད་དགོས་ཀྱི་རེད། ཅོ་རི་ཉི་མ་ཡིས་འཇུག་ཏུ་བསྡོམས་ཆུང་ཆུང་ཞིག་རྒྱབ་འདུག དེ་ལ་ཞིབ་བལྟ་བྱེད་དགོས་པའི་གནད་དོན་འགའ་མཐོང་བྱུང། གཅིག་བྱས་ན་ངོས་ཀྱི་བསམ་ཚུལ་གྱི་དུས་ཚོད་ཉིན་གསུམ་གནང་བ་དེ་རྫོགས་ཟིན་ཡོད་ཚེ་དགོངས་དག་ཞུ་རྒྱུ་ཡིན། འོན་ཀྱང་ད་ལྟ་བཀའ་ཁྲིའི་དང་སྤྱི་འཐུས་ཀྱི་འོས་ཤོག་དངོས་གཞི་བླུགས་པར་ཉིན་མང་པོ་ཡོད་སྟབས་དེ་ཙམ་གྱི་སྐྱོན་མི་མཐོང། གོང་གི་མི་ལྔ་པོ་དེ་དག་ལས་དང་པོ་དང་གཉིས་པ་ནི་བོན་གྱི་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་ཟེར་བའི་བོན་གྱི་གྲྭ་པ་དེ་རེད། ཁོང་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་འཕྲེང་བའི་ནང་གོ་མིང་ཡོད་པ་ཞིག་ཏུ་འགྱུར་ཟིན་ཡོད། དེ་སྔ་བོན་གྱི་སྤྱི་འཐུས་རྐུབ་སྟེགས་འཇུ་ཟུང་གི་སླེབས་ཡོད་པ་དང་དེ་རྗེས་སྐབས་༡༥སྤྱི་འཐུས་ནང་མདོ་སྟོད་གྱི་རྐུབ་སྟེགས་ལ་ཚང་ཀ་རྒྱོབ་དགོས་པའི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་གཏན་འཁེལ་ཡོད། གང་ལྟར་མདོ་སྟོད་མི་མང་ན་ལ་དབྱེ་ཚན་མང་བ་དང་དེ་ནས་ཕྱོགས་ཞེན་ཆེ་བའི་རྐྱེན་གྱི་སྤྱི་འཐུས་ཡག་པོ་ཞིག་སླེབས་དཀའ་བོ་ཡོང་གི་ཡོད། མདོ་སྟོད་ནང་ཁུགྱི་དཀའ་རྙོག་མང་བའི་ཐོག་ད་ཆ་ལོ་འགའི་སྔོན་ནས་ཆོས་བརྒྱུད་སྤྱི་འཐུས་ཀྱི་རྐུབ་སྟེགས་ལ་ཡང་ཚང་ཀ་རྒྱབ་མཁན་ཕལ་ཆེ་བ་མདོ་སྟོད་པ་ཆག་ཡོད། ཆོས་ལུགས་ཀྱི་སྤྱི་འཐུས་རྣམས་བཞུགས་ཡུལ་དུ་ཡག་པོ་བཞུགས་ན་ལེགས་དེ་མིན་ཆོལ་ཁའི་ནང་དོན་མེད་རྙོག་ཁྲ་མེད་པའི་ཐོགས་བསམ་བློ་མ་གཏོང་མོད་དེ་ལས་ལྡོག་སྟེ་རྙོག་ཁྲ་ཆེ་རུ་གཏོང་མཁན་གྱི་གཙོ་བོར་གྱུར་ཡོད། གཉིས་པ་དེ་བགྲོད་ཚོགས་ནང་སྐད་བསངས་མཐོ་བོས་མདོ་སྟོད་བསོད་ནམས་སྟོབས་རྒྱལ་གྱི་བདག་པོ་ཡིན་ཟེར་མཁན་གྱིས་འཇུ་ཆེན་དཀོན་མཆོག་ཟེར་བའི་བུ་མོ་ངོ་གདོང་གྱི་སྤགས་པ་ཐུག་པོ་ངང་ནས་མདོ་སྟོད་མི་མང་གྱི་མིང་ཡོངས་རྫོགས་ནག་པོ་བཟོ་མཁན་དེ་མ་རེད་པས། གྲོས་ཚོགས་ནང་སྐད་ད་དོན་དག་ཡོད་པ་ཉིན་གཅིག་བཤད་མ་མྱོང་བའི་མཁར་སྐད་ཆ་ཐེངས་གཅིག་བཤད་པ་དེ་ཡང་སྨྱོ་གཏམ་དང་དཧམ་གཏམ་གང་གི་ཁུངས་སུ་འཇོག་ཀྱང་མ་རེད་ཞིག་བརྗོད་མ་ཐུབ་ཞིག་བཤད་པ་ཀུན་གྱི་མཐོང་གསལ་རེད། དེ་འདྲ་བའི་མི་དེ་ཚོ་ང་ཚོའི་འཐུས་མི་ཡོང་མིན་ལ་བསམ་བློ་གཏོང་ཡོད་དམ། བསམ་བློ་གཏོང་དགོས་དུས་ཚུད་ད་དུང་ཡོད། མི་བཅུ་བདུན་པོ་དེ་དག་ལ་བསམ་ཚུལ་ཡོད་སྲིད་ཡིནའང་བརྒྱ་ཁ་གཅིག་གྲགས་མིན་པའི་ཆེད་དུ་དེ་རིང་གི་བསམ་ཚུལ་དེ་བྲིས་ཡིན། མདོ་སྟོད་མི་མང་གི་མིང་མ་འཁྱེར་སྒེར་གྱི་མིང་བྲིས།
གོང་འགོད་ཀྱི་མི་རྣམས་ཀྱི་གྲལ་ནས་ངས་སྤྱི་འཐུས་སུ་འོས་ཆོས་ཚང་བའི་མི་གཉིས་གཅིག་པུ་མཐོང་གི་འདུག གསེར་རྟ་ཚུལ་ཁྲིམས་དང་། འབའ་བསྐལ་བཟང་རྒྱལ་མཚན་གཉིས་རེད། དགེ་བཤེས་གཡང་དྲུང་རྒྱལ་མཚན་དང་། འཇུ་ཆེན་བུ་མོ་གཉིས་ནི་སྒེར་གྱི་འཁོན་འགྲས་སྤྱི་ཡི་ཐོག་ཏུ་ཁུར་ནས་བསམ་བཞིན་དུ་བོད་ཀྱི་བསྟན་སྲིད་ལ་དཀྲུག་ཤིང་སློང་མཁན་རང་རེད། བོད་བསྟན་སྲིད་ལ་ལྷག་བསམ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་བྱེད་མཁན་ཞིག་ཡིན་ནས་བཟུང་སྟེ་མི་འདི་གཉིས་འོས་བླུགས་ན་སྨྱོན་པ་ངོ་མ་རེད། ཁོ་རང་ཚོའི་ཞབས་འདྲེན་གང་འདྲ་བཞག་ཡོད་པ་ངས་རྗེས་མར་འགྲེལ་བཤད་ཞུ་ཆོག ལར་ནི་ཁྱེད་རང་ཚོའི་གཟིགས་དང་ཡུའི་ཏྲུབ་ནང་ལ་འཛམ་བུའི་གླིང་སྒང་ལ་གསལ་ཡོད་རེད།
ཏྲེ་ཧོར་བསྟན་འཛིན་ནོར་བུ་དགོངས་པ་ཞུས་ཚར་འདུག ཁོང་ལ་ཁག་ཡོད་མ་རེད། གང་ཡིན་ཟེར་ན་། གཞུང་ཞབས་ཡིན་སྟབས་གལ་སྲིད་སྤྱི་འཐུས་མ་ཐུབ་ན་གཞུང་ཞབས་ནས་རྩ་དགོངས་ཞུ་དགོས་སྟབས་ཁོང་ལ་ཕམ་ཉེས་འགྲོ་གི་རེད། དཔེར་ན། སྤེན་པ་ཚེ་རིང་བཀའ་ཁྲིའི་འོས་གཞི་ནས་པྱི་འཐེན་མ་བྱས་ཚེ་ཁོང་སྤྱི་འཐུས་ཀྱི་རྐུབ་སྟེགས་དེ་ཤོར་འགྲོ་གི་ཡོད་སྟབས་ཁོང་གི་འཚོ་བའི་མདུན་ལམ་འགག་འགྲོ་གི་ཡོད་སྟབས་དགོངས་པ་ཞུས་པ་ལྟར་རེད། དཔེར་ན་རྒྱ་རི་སྒྲོལ་མ་བཞིན་ནོ། དེ་འདྲ་སོང་ཙམ་བསྟན་འདིན་ནོར་བུ་ཕལ་ཆེར་བཞུགས་ཀྱི་མི་འདུག འཇམ་བཟོད་ནི་ཕལ་ཆེར་བློ་སེང་བཀའ་ཁྲིར་ཐོབ་ཚེ་སྒེར་དྲུང་བྱེད་ཀྱི་ཡོད་འདུག དེ་འདྲ་ཡིན་དུས་ང་ཙོས་རེ་བཅོལ་བྱས་པ་ལྟར་མ་བཞུགས་ཚེ་རེ་བ་མེད་པའི་མི་དེ་ཚོར་གོ་སྐབས་མི་སྲིད་པ་མིན། རྒྱུ་མཚན་དེ་དག་བརྟེན་ནས་གོ་བོ་བློ་བཟང་ཕན་བདེ་དང་། རི་བོ་ཆེ་ཀརྨ་མཁས་གྲུབ་། དེ་བཞིན་ཟླ་བ་སྒྲོལ་མ་གསུམ་ཤུགས་རྒྱག་དགོས་པར་སྣང་། མདོ་ཁམས་ཆུ་བཞི་སྒང་དྲུག་ལ་ཤ་ཞེནཅན་ཚོས་གཟིགས་དང། ཁམས་ཞེན་ཅན་མིང་འདོན་བྱས་པ་དེ་དག་ལ་སྐྱོན་ཆ་ཡོད་མེད་ཐོག་བགྲོ་གླེང་ཡོདང་བ་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།