རྒྱ་རི་སྒྲོམ་མ་ལ་བཏབ་པའི་མཆན་བུ།

མི་ལོ་ཉེ་ཤུའི་རིང་གི་སྤྱི་འཐུས་རྒྱ་རི་སྒྲོལ་མ་ལགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་ཚུལ་སྐྱོ་པོ་ཡོད་པར་སྣ་མང་ཞིག་ངོས་འཛིན་པའི་ཐོག་ནས་འགྱུར་བ་བཏོང་དགོས་ཚུལ་གསུངས་འདུག་པར་ཡག་པོ་རེད།
རྒྱ་རི་སྒྲོལ་མས།
1.《དཔེ་མཚོན་ཙམ་ཞུས་ན། ཐོག་མ་བོད་ནས་རྒྱ་གར་ནང་འབྱོར་བ་ཚོར་རྒྱ་གར་གཞུང་གིས་གཞིས་ཆགས་གནང་ཡོད་པ་རེད། འོན་ཀྱང་རྗེས་སུ་བོད་ནས་འབྱོར་རིགས་ལ་བོད་གཞུང་གིས་གཟིགས་རྟོགས་གནང་གི་ཡོད་ཀྱང་། གཟིགས་རྟོགས་གནང་སྟངས་ཀྱི་སྲིད་བྱུས་ཀྱི་ནང་ལ་འགྱུར་བ་ཁ་ཤས་དགོས་པ་རེད་དྲན་ཡོད། 》
2.《དེ་བཞིན། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་ཚོ་ཡང་། ཐོག་མ་གཞུང་ངོས་ནས་གཞིས་ཆགས་སུ་བཏང་ཡོད་ཀྱང་། རྗེས་སུ་གནས་སྟངས་འདྲ་མིན་ཐོག་འགྲོ་མཁན་ཚོས་བོད་བསྟན་སྲིད་ལ་ནུས་པ་ཆེན་པོ་འཐོན་བཞིན་ཡོད། འོན་ཀྱང་ཁོང་ཚོ་ལའང་དཀའ་ངལ་གསར་པ་ཞིག་ཡོད་པ་རེད།》
3.《 དེ་བཞིན། གཞིས་ཆགས་སྲ་བརྟན། སིལ་ཚོང་རིགས། བལ་གོས་བཙོང་མཁན་བཅས་ལའང་སྲིད་བྱུས་ཤིག་ངེས་པར་དུ་བཟོ་དགོས་པ་རེད་དྲན་ཡོད། 》
4.《ཤེས་ཡོན་སྲིད་བྱུས་ལ་མཚོན་ན། སློབ་སྦྱོང་ཐོན་མཁན་ཡོངས་ལ་ང་ཚོས་ལས་ཀ་སྤྲོད་ཐུབ་ཀྱི་ཡོད་དམ། ལྷག་པར་དུ་བོད་ནས་ཡོང་མཁན་ཤེས་ཡོན་ཅན་མང་པོ་ཞིག་ལུས་སྲོག་ལོངས་སྤྱོད་དང་བཅས་པ་༧རྒྱལ་བ་རིན་པོ་ཆེ་ལ་ཕུལ་ཏེ་ཡོང་བ་རེད། ཁོང་ཚོ་སློབ་གྲྭ་ཁག་ནས་ཐོན་ཏེ་ངྷ་རམ་ས་ལར་ཡོང་སྐབས་གང་ལ་འགྲོ་དགོས་པ་རེད། འདི་དག་ལ་ཞིབ་ཚགས་ཀྱིས་གཟིགས་དགོས་པ་རེད་དྲན་ཡོད་ཟེར།》
དང་པོར་བོད་ནས་བསླེབས་པའི་གསར་འབྱོར་བ་ལ་གཟིགས་རྟོགས་གནང་སྟངས་ཀྱི་སྲིད་བྱུས་ཀྱི་ནང་ལ་འགྱུར་བ་ཁ་ཤས་གཏོང་དགོས་དྲན་གྱི་ཡོད་ཞེས་པའི་འགྱུར་བ་གང་དང་གང་ཡིན་ནམ། བཟང་ཕྱོགས་ཤིག་ལ་འགྱུར་བ་ག་འདྲ་གཏོང་གི་ཡིན་ནམ། ཁ་གསལ་པོ་ཡོད་ན་ཡག་པོ་འདུག
གཉིས་པ། འོན་ཀྱང་ཁོང་ཚོ་ལ་དཀར་ངལ་གསར་པ་གཅིག་ཡོད་རེད་ཞེས་པའི་དཀར་ངལ་དེ་གང་རེད་དམ། ཁོང་ཚོ་ལ་ཡོད་པའི་དཀའ་ངལ་དེ་མེད་པ་བཟོ་རྩིས་ཡིན་ནམ། བཀའ་ཁྲི་ཟམ་གདོང་གིས་ངོས་ནས་ཁོང་ཚོ་བོད་མི་རིགས་ཀྱི་མཚན་དང་ལ་རྒྱ་མེད་པ་བཟོ་མཁན་ཞིག་དང་༧གོང་ས་མཆོག་གི་ཞབས་ནས་མར་འཐེན་མཁན་རེད་ཞེས་ངོས་འཛིན་གནང་བ་མ་ཟད་ཨ་རི་རླུང་འཕྲིན་ཁང་གི་རྒྱུད་ནས་བོད་ཕྱི་ནང་གཉིས་ཀའི་གོ་ཐུབ་པ་བཟོས་ཡོད།
གསུམ་པ། གཞི་ཆགས་སྲ་བརྟན་དང་བལ་གོས་ཚོང་ལས་ཀྱི་སྲིད་བྱུས་ག་འདྲ་གཅིག་བཟོ་རྩིས་ཡོད་དམ། མི་ལོ་ལྔ་བཅུའི་རིང་དུ་བལ་གོས་ཚོང་ལས་བྱས་པའི་བོད་མིའི་འཚོ་བ་ཡར་རྒྱས་འགྲོ་ཐུབ་ཀྱི་མེད་པར་གནད་ལུགས་ཀྱི་ངོས་ནས་ཁ་ཚུར་གྲགས་ཡོད། དེར་ཨུ་ཚུགས་ཀྱི་ཡར་རྒྱས་སྲིད་བྱུས་གང་ཡིན་ནམ།
བཞི་པ། གསར་འབྱོར་བ་རྒྱ་གར་ནང་དུ་སློབ་གྲྭ་ནས་ཐོན་སྟེ་རྡ་ས་ལ་ཡོང་སྐབས་སུ་ག་པ་སྡོད་དགོས་རེད་དམ། ག་རེ་ལས་ཀ་བྱེད་ཀྱི་རེད་དམ། བཙན་བྱོལ་བོད་གཞུང་གི་ཚོང་ལས་བཟོ་ལས་མང་པོ་སྒོ་རྒྱག་ཚར་བ་རེད། ཁོང་ཚོ་དེང་རབས་ཉེར་གཅིག་ནང་གི་འཚོ་བ་ཨང་དང་པོ་ཞིག་ཡོང་མ་ཐུབ་ཀྱང་འཚོ་བ་དཀྱུས་མ་བ་ཞིག་ཡོང་ཐུབ་སའི་ས་ཆ་ཞིག་མེད་པས་ཅི་འདྲ་བྱ་བརྩི་ཡོད་དམ།
དེ་མིན་གཞི་ཆགས་ཁག་གི་བུ་ཕྲུག་ཚོ་ཡང་མཐོ་སློབ་ནས་ཐོན་སྟེ་བལ་གོས་ཚོང་ལས་དང་ཞིང་ལས་བྱེད་པ་ལས་འཚོ་བའི་དམིགས་བརྟེན་མེད་པ་མཁྱེན་གསལ་རེད། རྒྱ་རི་སྒྲོལ་མ་ལགས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་གི་ཐུར་ཤོར་དང་རྗེས་ལུས་ཡིན་པའི་གནད་ལུགས་མང་པོ་མཁྱེན་ཡོད་ངེས་རེད། ཡིན་ནའང་མི་ལོ་ཉི་ཤུའི་རིང་དུ་སྤྱི་འཐུས་དང་མི་ལོ་བཅུའི་རིང་དུ་སྤྱི་འཐུས་ཚོགས་གཞན་གྱི་འགན་ཁུར་ནས་བྱེད་མ་ཐུབ་པའི་ལས་ཀ་ཞིག་བཀའ་ཁྲིའི་འོས་ཐོབ་ན་བྱེད་ཐུབ་པའི་འགྱུར་བ་ག་འདྲ་རེད་དམ།
བཙན་བྱོལ་སྤྱི་ཚོགས་ཀྱི་ཐུར་ཤོར་དང་རྗེས་ལུས་ཡིན་པའི་གནད་ལུགས་འདི་དག་སྤྱི་འཐུས་མི་ལོ་ཉི་ཤུའི་རིང་གནང་ཀྱང་སྲིད་བྱུས་འགྱུར་བ་གཏོང་མ་ཐུབ་པར་ད་ལྟ་བར་དུ་སྤྱི་ཚོགས་ནང་ལྷག་ཡོད་པ་རེད། ད་བཀའ་ཁྲིའི་འོས་ཐོབ་ན་བྱེད་ཀྱི་ཡིན་གསུངས་པ་འདིར་ཅུང་ཟད་ཡིད་ཆེས་དཀའ་བ་ཞིག་རེད།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (5)
རྒྱ་རི་ཚང་གི་མི་ལ་ཤེས་ཡོན་དང་འཇོན་ཐང་ཡོད་པ་ཚང་མས་མཐོང་ཆོད་དུ་འགྱུར་བཞིན་པའི་དུས་སྐབས་འདིར་རྒྱ་རི་སྒྲོན་མ་ལྟ་བུའི་གང་ཟག་ཕུལ་འབྱུར་དེ་འདྲར་དོན་མེད་སྐྱོན་བརྗོད་བྱས་ནས་ཕན་མེད་རེད། རྒྱ་རི་སྒྲོན་མ་སྤྱི་འཐུས་ཡུན་རིང་གནང་ཐུབ་པ་དེ་ཁོང་གི་འཇོན་ཐང་དང་ཤེས་ཡོན་ཙམ་ཡིན་པར་ངོས་འཛིན་ཞུ་ཐབས་བྲལ། མི་ལོ་ཉི་ཤུ་ཙམ་རིང་རྒྱ་རི་སྒྲོན་མས་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཞོན་བར་ས་དམིགས་སྣ་ཚོགས་འཛིན་པ་དེ་མདོ་སྟོད་མི་མང་གི་ཁོང་ལ་ཕུལ་བའི་ཡིད་ཆེས་དང་ལྡན་པའི་འོས་ཤོག་ལས་བྱུང་ཡོད། ཕྱི་བྱུང་བཀའ་བློན་ཁྲི་པ་གནང་ཐུབ་དང་མ་ཐུབ་པ་དེ་ཡང་བོད་ཆོལ་གསུམ་མི་མང་གི་འདོད་པ་དང་ཡིད་ཆེས་ཐོབ་མིན་གྱི་འགག་རྩ་ཆེན་པོར་སླེབས་ཡོད། བུ་མེད་ཁོང་འདྲ་བ་སྤྱིར་བཏང་དཀོན་ཙམ་ཡིན་བདེན་པ་རེད། ད་ལྟ་བཀའ་ཁྲིའི་འོས་མི་དྭངས་བླངས་ཀྱི་འདོན་པ་ཙམ་ལས་གནས་ཚུལ་ཚབ་ཆེན་གང་ཡང་བྱུང་མེད་དེ་ཡང་བོད་ཀྱི་ནུས་སྟོབས་འཕེལ་བའི་ལས་བཟང་ཞིག་ལ་ངོས་འཛིན་མི་ཐུབ་སམ། སྔར་གྱི་གཏམ་དཔེར་བོད་ལ་བདེ་སྐྱིད་བྱུང་ན་རྒྱལ་པོ་ཨ་ནིས་བྱས་ན་འགྲིག རྒྱ་རི་སྒྲོན་མས་བཀའ་ཁྲི་བྱེད་ཐུབ་དང་མ་ཐུབ་དེ་བོད་མི་མང་གིས་ཐག་གཅོད་དགོས། དེ་མ་བྱུང་ན་མི་གཅིག་གིས་གང་ལྟར་བཀའ་བློན་ཁྲི་པ་བྱེད་དགོས་པ་ངེས་ཟིན། མཁས་དབང་ཟམ་གདོང་རིན་པོ་ཆེ་ལྟ་བུས་བཀའ་ཁྲི་གནང་སྐབས་འདོད་བློ་མི་ཁེངས་མཁན་བྱུང་ཡོད་སུས་བྱས་ཀྱང་འདོད་བློ་མི་འཁེངས་པའི་གནས་སྟངས་དེ་ཡོད་པ་དང་ཡོད་བཞིན་དུ་གནས་རྒྱུ་རེད། མཐའ་དོན་སོ་སོའི་འོས་མི་སོ་སོས་གྲ་སྒྲིག་བྱེད་དང་། དུས་མཚམས་སུ་སོ་སོས་འོས་འཕེན་ཆོག་གོ
4 ༡༨༢༠༡༠༠༠༡༣
ཁྱུང་པོ་ཨོ་རིག
དྲ་རྒྱ་འགའ་ཞིག་ནང་རྒྱ་རི་སྒྲོལ་མ་ལ་སྲིན་བྱ་ཉིན་མོར་རྒྱུ་བ་ལྟར་སྐྱོན་འཛུགས་སྣ་ཚོགས་པ་ཞིག་བྱས་འདུག གང་ལྟར་ཀྱང་ཀུན་གྱིས་གླེངས་ན་བདེན་པའི་ས་བོན་ཙམ་ཡོད་སྲིད་ཀྱང་སྡང་ཞུགས་ཀྱི་བསྙོན་འཛུགས་ཐལ་ཆེ་བ་དེ་འདྲ་རང་ཨེ་དགོས་ན། མ་གཞི་ང་ཚོ་བོད་པའི་གཤིག་ཀ་ལ་ཕྱི་འཇམ་ནང་རྩུབ་གྲོད་པ་དང་འདྲ་བ་ཞིག་ཡོད་པ་འདི་ནམ་ཡང་སྐྱུར་ཐུབ་ཀྱི་མེད་པ་འདྲ། ང་རང་ངོས་ནས་ཀྱང་རྒྱ་རི་སྒྲོལ་མས་བཀའ་ཁྲིའི་འགན་ཁུར་སྟེ་མ་འོངས་བོད་པའི་ལས་དབང་ལ་དྲོད་ཁུལ་ཞིག་སྟེར་ཐུབ་པའི་གདིང་ཚོད་དེ་ཙམ་མེད་དུས་རེ་བ་མེ་སྟག་འདྲ་བ་དེ་བློ་སེང་ལ་བཅོལ་བཞིན་ཡོད།
3 ༡༤༢༠༡༠༢༡༡༥
བོད་ཀྱི་བུ་མོ་གཅིག་བཀའ་ཁྲིས་འོས་གཞི་ཐོག་ཕེབས་པར་དགའ་ཡོད། འོན་ཀྱང་ཁྱོད་མགོ་བདེ་བ་དང་། མདོ་སྟོད་ཕྱོགས་གཉིས་བཟོས་པའི་ངན་ཁག་དང་། རྒྱ་གར་མི་སེར་ཡིན་པ་སོགས་ཀྱི་སྐྱོན་བརྗོད་མང་པོས་དྲ་སྟེང་ཁེངས་འདུག དེ་དག་ཚང་མ་བདེན་པ་མིན་ཀྱང་མདོ་སྟོད་སྐོར་ལ་སྐྱོན་ཆ་ཆེ་ཙམ་འདུག གང་ཡིན་ཞེ་ན་ངས་རྒྱང་ནས་བལྟ་དུས་མདོ་སྟོད་མི་འཆམ་པའི་འགན་ཆེ་ཙམ་ཁྱོད་ལ་འདུག ཁྱོད་རང་རྒྱ་རྒན་ཕུག་འདུག་བྱས་པའི་གནས་མང་པོ་ཞིག་ཤེས་སོང་། དེར་བརྟེན་ང་ནི་མདོ་སྟོད་ཀྱི་མི་ཞིག་ཡིན་པའི་ཆ་ནས་སྤྱིར་བོད་དང་། ཁྱད་པར་དུ་ཆོལ་ཁའི་སྐྲུག་ཤིང་བཟོ་མཁན་སུ་ཡིན་ཀྱང་ངོ་རྒོལ་ཡོད།
2 ༠༩༢༠༡༠༡༩༤༣
བསྟན་སྒྲོན།
འགོ་བདེ་དྲན་བདེ་གཡོ་རྒྱུ་ཆེ། ཤེས་འཇོན་གཉིས་ལྡན་ཕོང་ལ་འགྱུར། ས་བདག་དྲན་གཡོག་རྩ་གཏོར་དེ། ཕི་རན་སུ་ནས་འགོ་འཛུགས་ཀྱིས། བཙན་བྱོལ་བོད་མིའི་རང་གཤིས་བར། བཅོས་བསྒྱུར་ཆེན་མོའི་དུས་ལ་སླེབས།
རྒྱ་རི་སྒྲོལ་མ་འཇོན་ཐང་ཆེ་ཙམ་འདུག་ཀྱང་མགོ་བདེ་བའི་སྐྱོན་ཆེན་པོ་འདུག ངས་ནི་འོས་མི་བླུགས་ཐག་ཆོད་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།