བུ་ཞིག་ལ་བཙན་གཡེམ་བྱས་པ།

ན་ནིང་ཕྱི་ཟླ་༤པའི་ཚེས་༩ཉིན་རྒྱ་ནག་པེ་ཅིང་ཧའོ་ཞཱ་རྩེད་ཐང་གི་སྐོར་སྲུང་བ་སྐྱེས་པ་ལོ་ན་༤༢ཡིན་པའི་ཀྲང་ཧྭ་ཟེར་བ་ཞིག་གིས།  ལོ་ན་༡༨ཡིན་པའི་ཁོང་གི་ལས་རོགས་བུ་ལི་ཅིང་༼མིང་བསྒྱུར་བྱས་པ་༽ཟེར་བ་ཞིག་ལ་ཉལ་ཁང་ནང་བཙན་གཡེམ་བྱས་པའི་ཉེས་འཛུགས་འོག ཉེ་ཆར་དུས་ཡུན་ལོ་གཅིག་བཙོན་འཇུག་བྱ་རྒྱུ་དང༌། རྒྱ་སྒོར་༢༠༠༠༠ཉེས་ཆད་གཅོད་རྒྱུའི་ཐག་གཅོད་བྱས་ཡོད་འདུག

ཀྲང་ཧྭ་ནི་རྒྱ་ནག་བྱང་ཤར་ཅིང་ལིང་ཞིང་ཆེན་གྱི་མི་ཡིན་པ་དང༌། སྤྱིར་རྒྱ་ནག་ནང་སྐྱེས་པས་བུད་མེད་ལ་བཙན་གཡེམ་བྱས་པའི་གནས་ཚུལ་མང་པོ་ཞིག་འབྱུང་བཞིན་ཡོད་ནའང༌། སྐྱེས་པས་སྐྱེས་པར་བཙན་གཡེམ་བྱས་པའི་གནས་ཚུལ་འདི་ནི་རྒྱ་ནག་སྐམ་ས་ཆེན་མོའི་ལོ་རྒྱུས་ནང་ཐེངས་དང་པོ་དེ་ཆགས་ཡོད་ཚུལ། ཁ་སང་རེས་གཟའ་ལྷག་པ་ཉིན་རྒྱ་ནག་མི་མང་ཉིན་རེ་ཚགས་པར་ནང་གནས་ཚུལ་བཀོད་ཡོད་པ་རེད།

ཐེངས་འདིར་སྐྱེས་པས་སྐྱེས་པར་བཙན་གཡེམ་བྱས་པར་ཁྲིམས་ཆད་དུས་ཡུན་ལོ་༡ལས་བཅད་མེད་པ་དང༌། སྤྱིར་རྒྱ་ནག་གི་ཁྲིམས་ལུགས་ལྟར་ན་གལ་སྲིད་སྐྱེས་པས་བུད་མེད་ལ་བཙན་གཡེམ་བྱས་ཚེ་ཉུང་མཐར་ཡང༌། དུས་ཡུན་ལོ་༣བཙོན་འཇུག་བྱེད་ཀྱི་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༡ཟླ་༡ཚེས་༦ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༢༣༢༠༡༣༢༡༡༦
།བདེན་སྐྱོངས་གཉིས་ཕན་གྱི་བསམ་བློ་གཏོང་མི་ཤེས་པའི་རྒྱ་ལ་བྱེད་རྒྱུ་ཡོད་་་་ཁྲིམས་ལ་སུས་བརྩིས།་་་ཅི་བྱས་ཀྱང་བརྩི་སྲུང་དཀའ་
2 ༠༤༢༠༡༡༢༣༡༣
བོད་བཙན་པོ་ལགས། ཁྱོད་ཀྱི་སྐད་ཆ་དེ་བཤད་དགོས་པའི་རྒྱུ་མཚན་ཅི་ཞིག་ཡིན་ནམ། གལ་ཏེ་ཁྱོད་བོད་པ་ཚང་གི་མི་ཞིག་ཡིན་ན་སྐད་ཆ་དེ་འདྲ་མ་བཤད་ན་ལེགས།
1 ༡༥༢༠༡༡༢༢༤༧
སྐྱེས་པས་སྐྱེས་པར་བཙན་གཡེམ་བྱས་པ་ལ་ཁྲིམས་ཆད་དེ་ལྟར་འཛམ་གླང་ཡོངས་ཀྱི་ཁྱབ་མཉམ་དུ་ཡོད་ན།་་་་་་འུ་ཚོ་ལ་ཁྲིམས་ཁང་ཆེ་ཐག་ཆོད་ཅིག་དགོས་ས་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།