རྒྱ་ནག་ནི་དྲྭ་རྐུན་གཙོ་བོ་རེད།

འདི་ལོའི་ཕྱི་ཟླ་དང་པོའི་ནང་དུ་རྒྱ་གཞུང་གི་མཐོ་རིམ་མགོ་ཁྲིད་ཚོས་གྷུའུ་གྷིལ་བཀག་འགོག་ནན་མོ་བྱས་ཏེ་རྒྱལ་ནང་དུ་གྷུའུ་གྷིལ་འཚོལ་ཞིབ་གཙང་བསུབ་བྱེད་པའི་ལྐོག་ཇུས་འཐེན་ཡོད་པ་རེད། ཡང་ཨ་རིར་ཡོད་པའི་རྒྱ་ནག་དོན་གཅོད་ཁང་གིས་འཕྲིན་ཡིག་ཅིག་གི་ནང་དུ་བརྗོད་རྒྱུར།  དྲ་ལམ་ལ་གཏོར་བརླག་བྱས་པའི་ནག་ཉེས་ཆ་ཚང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ལས་ཁུངས་ཀྱིས་ཁུར་དགོས་ཞེས་བྲིས་ཡོད་པ་ཨ་རིའི་གསར་འགྱུར་བརྒྱུད་ལམ་དུ་བཀོད་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་དྲ་བར་རྐུན་མ་རྒྱག་མཁན་ཚོས་གྷུའུ་གྷིལ་ལ་གཏོར་བརླག་བྱས་པའི་བྱ་སྤྱོད་དེ་ཚོ་བརྒྱ་ཆ་བརྒྱ་ཆབ་སྲིད་ཀྱི་གནད་དོན་ཞིག་རེད། གང་ཡིན་ཟེར་ན། གྷུའུ་གྷིལ་གྱིས་ཐད་ཀར་རྒྱ་དམར་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་སྲ་བརྟན་ཡོང་བར་འགལ་རྐྱེན་བཟོ་བཞིན་ཡོད་པའི་རྐྱེན་གྱིས་ཡིན་སྐོར་སོགས་བརྗོད་ཀྱི་ཡོད།

ནོའུ་ཡོག་དུས་བབ་ཏུ་གནས་ཚུལ་སྤེལ་བ་ལྟར་ན།  དྲ་བར་རྐུན་མ་རྒྱག་མཁན་དེ་ཚོའི་དམིགས་ཡུལ་ནི་བཙན་བྱོལ་བོད་གཞུང་གི་གློག་ཀླད་དང་ཨ་རི། གནའ་མཐུན་རྒྱལ་ཁབ་ཀྱི་གློག་ཀླད་སོགས་ཀྱི་ནང་དུ་ཧབ་འཛུལ་བྱེད་པའི་རེ་ངན་བཅངས་འདུག་ཅེས་བརྗོད་ཡོད། རྒྱ་ནག་གིས་འཛེམ་དོགས་ཅི་ཡང་མེད་པར་དམར་པོའི་སྲིད་དབང་ལ་གནོད་པའི་རིགས་ཚང་མར་བཀག་འགོག་བྱེད་ཀྱི་ཡོད་པ་མ་ཟད།  ཝེ་ཀི་ལིས་དྲ་རྒྱའང་བཀག་འགོག་བྱས་ཡོད་པ་རེད། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༩ཉིན།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་པདྨ་མཚོས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།