བཀའ་ཁྲི་ཕྱོཌ་སྐྱོད་གནང་འཆར།

རེས་གཟའ་ཟླ་བ་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་ཏུ་ཕྱི་ལོ་༢༠༡༠ཟླ་༡༢ཚེས་༨ནས་༡༡བར་དུ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རྡོ་རྗེ་གདན་དང་ཡུའུ་ཊར་མངའ་སྡེའི་རྒྱལ་ས་ལག་ཁའི་ནོ་རུ་ཕེབས་རྒྱུ་ཡིན་པའི་གནས་ཚུལ་བཀོད་འདུག

ཕྱི་ཚེས་ ༧ ཉིན་བཀའ་བློན་ཁྲི་པ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་རྒྱུ་ཡིན་པ་དང༌།  ཚེས་༨ ཉིན་གྱི་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་༧དཔལ་རྒྱལ་བ་ཀརྨ་པ་དགུ་བརྒྱའི་དུས་དྲན་ཚོགས་ཆུང་གི་མཛད་སྒོར་ཕེབས་ནས་གསུང་བཤད་གནང་རྒྱུ་ཡིན་པ་དང། སྐབས་དེར་༧རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཀྱང་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་འདུག

ཉིན་གཉིས་ཀྱི་རྗེས་སུ། བཀའ་བློན་མཆོག་ཡུའུ་ཊར་མངའ་སྡེའི་རྒྱལ་ས་ལག་ཁའི་ནོ་རུ་ཕེབས་རྒྱུ་དང༌།  རྒྱ་གར་ནང་པའི་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཚེས་༡༠ཉིན་ས་གནས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༼ནང་ཆོས་དེང་དུས་ཀྱི་སྤྱི་ཚོགས་དང་འཚམ་པོ་ཡོད་༽ཅེས་པའི་བརྗོད་ཐོག་བཀའ་སློབ་གནང་རྒྱུ་རེད། ཕྱི་ཚེས་ ༡༡ ཉིན་བཀའ་ཁྲི་མཆོག་རྒྱ་གར་གྱི་རྒྱལ་སྤྱིའི་ཁྲིམས་དཔོན་ལྷན་ཚོགས་ཐེངས་ ༡༡ པའི་དབུ་འབྱེད་མཛད་སྒོའི་ཐོག་ཕེབས་རྒྱུ་དང༌། དེ་ནས་ཕྱི་ཚེས་༡༢་ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༢ཚེས་༦ཉིན།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༨༢༠༡༠༡༩༥༠
ཤིན་ཏུ་ལེགས། གཏམ་བཟང་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།